མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཏེར་ཁུངས་རྡིབ་སྐྱོན་ཁྲོད་མི་ ༡༠༤ རྐྱེན་ལམ་དུ་ཤོར།

བོད་ཀྱི་དུས་བབ།
༢༠༡༥/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

 

འབར་མའི་ནུབ་རྒྱུད་ཁུལ་དུ་ས་རུལ་ཉིལ་ཏེ་གཡུ་རྡོའི་གཏེར་ཁུངས་ཤིག་རྡིབ་སྐྱོན་བྱུང་སྟེ་ལས་བཟོ་བ་དང་ཡུལ་མི་ ༡༠༤ རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་ཕྲག་མང་པོ་བོར་བརླག་ཕྱིན་ཡོད་འདུག

 

Screen Shot 2015-11-23 at 9.33.43 AMདེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་གཟའ་ཉི་མའི་དགོང་མོར་འབར་མའི་ནུབ་རྒྱུད་ཀྱི་ཁ་ཆེན་ (Kachin) མངའ་སྡེའི་ཧ་ཕ་ཁན་ཊི་ (Hpakant) གྲོང་རྡལ་ནང་ས་རུལ་ཉིལ་ཏེ་ཉེ་འཁྲིས་ཀྱི་གཡུ་རྡོའི་གཏེར་ཁུངས་ཤིག་རྡིབ་སྐྱོན་བྱུང་བའི་ཁྲོད་མི་ ༡༠༤ ཤི་རྨས་དང་མི་བརྒྱ་ཕྲག་མང་པོ་བོར་བརླག དེ་བཞིན་ཡུལ་མི་སྟོང་ཕྲག་མང་པོ་བདེ་འཇགས་ས་ཁུལ་དུ་གནས་སྤོར་དགོས་བྱུང་ཡོད་འདུག

 

དེ་ཡང་སིན་མེ་ (Seng Mai) ཟེར་བའི་ས་གནས་ཡུལ་མི་ཞིག་གིས་འབར་མའི་གསར་འགོད་པར། ཁ་སང་དགོང་མོ་ས་རུལ་ཉིལ་ཏེ་ཉེ་འཁྲིས་ཀྱི་གཡུ་རྡོའི་གཏེར་ཁུངས་ཤིག་རྡིབ་སྐྱོན་བྱུང་བའི་ཁྲོད་ལས་བཟོ་བ་དང་ཡུལ་མི་ ༩༡ ཙམ་གྱི་ཕུང་པོ་རྙེད་ཐུབ་ཡོད་ཀྱང་། ད་དུང་ཡུལ་མི་དང་ལས་མི་བརྒྱ་ཕྲག་མང་པོ་བོར་བརླག་ཕྱིན་ཡོད་ཡོད་སྐོར་བརྗོད་འདུག་ལ། ས་གནས་གཞུང་འབྲེལ་དཔོན་རིགས་ཤིག་གིས་ཉེ་ལམ་ནས་མངའ་ཁུལ་དེ་གར་རང་བྱུང་ཐོན་ཁུངས་མང་པོ་སྔོག་འདོན་བྱེད་ཀྱི་ཡོད་སྟབས་རི་སྒང་ཉིལ་བ་ཞིག་ཡིན་པ་ལས་ཆར་བ་བབ་ནས་ས་རུལ་ཉིལ་བ་མིན་སྐོར་བརྗོད་འདུག

 

གནས་ཚུལ་ལྟར་ན། ཁ་ཆེན་བྱ་བའི་མངའ་སྡེ་ནི་འབར་མའི་ནུབ་རྒྱུད་ཀྱི་རྒྱ་ནག་གི་མཐའ་མཚམས་སུ་འཁེལ་གྱི་ཡོད་པ་དང་། མངའ་སྡེ་དེའི་ནང་རང་བྱུང་ཐོན་ཁུངས་མང་པོ་ཡོད་པ་དང་། ལྷག་པར་དུ་འཛམ་གླིང་ནང་གི་གཡུ་རྡོ་ཡག་ཤོས་འབོར་ཆེན་འཐོན་བཞིན་ཡོད་སྟབས། འབར་མའི་ཡུལ་མི་དང་ཡུལ་ལུང་གཞན་ནས་ཡོང་བའི་ལས་མི་སྟོང་ཕྲག་མང་པོ་གཏེར་ཁ་སྔོག་འདོན་གྱི་ལས་ཀར་ཞུགས་ཡོད་ཀྱང་། གཏེར་ཁ་སྔོག་འདོན་གྱི་མཐུན་རྐྱེན་ཤུན་ཏུ་ཞན་སྟབས་ལས་བཟོ་བ་ཚོའི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་ཡོད་འདུག

 

༢༠༡༤ ལོར་འབར་མའི་དམག་གཞུང་གཞོགས་གཏོགས་གཏེར་འདོན་ཚན་པ་ཞིག་གི་དོ་དམ་འོག་མངའ་ཁུལ་དེའི་རང་བྱུང་ཐོན་ཁུངས་ཁག་ནས་ཨ་སྒོར་ཐེར་འབུམ་ ༣༡ གཏེར་རྫས་ཐོན་སྐྱེད་བྱས་ཡོད་པ་ལས་བརྒྱ་ཆ་ ༤༨ འབར་མའི་དམག་གཞུང་གཞོགས་གཏོགས་དཔོན་རིགས་ཚོས་ལྐོག་ཟ་བྱས་ཡོད་པ་མ་ཟད། ཉེ་ལམ་ནས་འབར་མའི་དམག་གཞུང་གིས་དྲག་ཆས་དམག་དཔུང་འབོར་ཆེན་བཏང་སྟེ་རང་བྱུང་ཐོན་ཁུངས་ས་ཚིགས་ཁག་ཏུ་དམ་དྲག་བྱས་ཡོད་པ་དང་། དེང་སྐབས་རྒྱ་ནག་ནང་གཡུ་རྡོ་དེའི་རིགས་ལ་རིན་གོང་མཐོན་པོ་སྤྲོད་ཀྱི་ཡོད་སྟབས། མངའ་ཁུལ་དེའི་ཐོན་ཁུངས་ཁག་ནས་བཏོན་པའི་གཡུ་རྡོ་མང་ཆེ་བ་རྒྱ་ནག་ནང་སྐྱེལ་འདྲེན་བྱེད་ཀྱི་ཡོད་འདུག

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

ཕྱི་ལོ་ ༢༠༢༥ ལོའི་བཙན་བྱོལ་གྱི་གནས་ཚུལ་ཆེ་ཁག

ཆུ་ཚོད་ ༡༥ སྔོན་ལ།
Mobile App

༢༠༢༥ ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་བཅུ།

༢༠༢༥/༡༢/༣༡
རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་པའི་དགེ་འདུན་བར་ཤེས་རིག་བརྗེ་ལེན་གྱི་བགྲོ་གླེང་འཚོགས།
Mobile App

རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་པའི་དགེ་འདུན་བར་ཤེས་རིག་བརྗེ་ལེན་གྱི་བགྲོ་གླེང་འཚོགས།

༢༠༢༥/༡༢/༣༠
Batang County
Mobile App

འབའ་ཐང་རྫོང་ཁོངས་སུ་རི་ཉིལ་བ་དང་གཞུང་ལམ་ལ་རྡིབ་སྐྱོན་བྱུང་།

༢༠༢༥/༡༢/༣༠
Mobile App

བོད་མི་སྲི་ཞུ་བ་ཞིག་གི་གྲོགས་འཕྲིན།

༢༠༢༥/༡༢/༣༠
རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་གསར་འཛུགས་གནང་མཁན་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག
Mobile App

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་ཟི་ལིང་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞིག་ཏུ་ཡོད་འདུག

༢༠༢༥/༡༢/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese