མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་མཐའ་སྲུང་དམག་མི་ལས་བོད་པ་ནང་ཁུལ་གྱི་གསང་ཉུལ་བ་འཇོན་པོ་འདུག

བོད་ཀྱི་དུས་བབ།
༢༠༡༥/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

 

དེང་སྐབས་བོད་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་མཁན་ཇེ་ཉུང་དུ་ཕྱིན་པའི་རྒྱུ་མཚན་གཅིག་ས་མཚམས་ཁག་དམ་དྲག་བྱས་པ་དང་ས་མཚམས་ཀྱི་བོད་པའི་གྲོང་ཚོ་ཁག་ལ་གསང་ཉུལ་བ་མང་པོ་འགྲེམས་འཇོག་བྱས་པའི་རྐྱེན་གྱིས་ཐར་གྱི་ཡོད་པ་མ་རེད་ཟེར།

 

ཉེ་བའི་ལོ་འགའི་རིང་བོད་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་མཁན་མངོན་གསལ་གྱིས་ཇེ་ཉུང་དུ་ཕྱིན་ཡོད། སྔོན་ཆད་ལོ་རེར་བལ་ཡུལ་སྣེ་ལེན་ཁང་བརྒྱུད་ནས་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་ ༣༠༠༠ ནས་ ༤༠༠༠ བར་ཡོད་ཀྱང་ན་ནིང་དང་ད་ལོར་མི་བརྒྱ་སྐོར་རེ་ལས་བྱུང་མེད་སྟབས། བལ་ཡུལ་སྣེ་ལེན་ཁང་དང་དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་གི་ལས་བྱེད་མང་པོ་ཞིག་ལས་མེད་ཆགས་བཞིན་ཡོད་པ་དང་། རྒྱ་གར་ནང་གི་དགོན་སྡེ་ཁག་གི་གྲྭ་བ་དང་སློབ་གྲྭ་ཁག་གི་སློབ་ཕྲུག་ཀྱང་ཇེ་ཉུང་དུ་འགྲོ་བཞིན་ཡོད།

 

སྔར་ལོའི་ལོ་མཇུག་ལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ ༢༠༡༥ ལོའི་ཕྱི་ཟླ་ ༡༢ པའི་མཇུག་ལ་གནས་མཆོག་རྡོ་རྗེ་གནད་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཡོད་ཚུལ་ཁྱབ་བསྒྲགས་བྱས་ཡོད་སྟབས། བོད་མདོ་དབུས་ཁམས་གསུམ་གྱི་བོད་མི་མང་པོ་ཞིག་གིས་ཐབས་ལམ་སྣ་ཚོགས་འོག་རྒྱ་ནག་གཞུང་ལ་ཕྱི་སྐྱོད་ལག་འཁྱེར་ཞུས་ཏེ། དུས་འཁོར་དབང་ཆེན་ཞུ་རྒྱུར་གྲ་སྒྲིག་བྱས་ཡོད་ཀྱང་། ཉེ་ལམ་གློ་བུར་དུ་བཀའ་ཤག་གིས་དུས་དབང་ཕྱིར་འཐེན་བྱས་སྐོར་གསལ་བསྒྲགས་བྱས་རྗེས། བོད་ནང་གི་བོད་མི་མང་པོ་ཞིག་གི་འཆར་གཞི་འཁྲུག་ཡོད་པ་མ་ཟད། དད་འདུན་གྱིས་རེ་སྒུག་བྱས་ཡོད་པའི་རྒན་འཁོགས་མང་པོ་ཞིག་ལ་བློ་ཕམ་ཡང་བྱུང་ཡོད།

 

ཡིན་ནའང་དུས་འཁོར་དབང་ཆེན་ལ་འགྲོ་བར་གྲ་སྒྲིག་བྱས་ཡོད་མཁན་མང་པོ་ཞིག་གིས་དུས་འཁོར་དབང་ཆེན་ཞུ་སྐལ་མ་བྱུང་ཡང་། རྒྱ་ནག་གི་ཕྱི་སྐྱོད་ལག་འཁྱེར་རག་པའི་གོ་སྐབས་དང་བསྟུན་ཏེ་༧གོང་ས་མཆོག་ལ་མཇལ་ཁ་དང་རྒྱ་གར་གནས་ཆེན་ཁག་ལ་མཆོད་མཇལ་གྱི་གོ་སྐབས་ལེན་ཆེད། ཉེ་ལམ་ཕྱི་ཟླ་ ༡༡ པ་ཡས་མས་ནས་བཟུང་བོད་ནང་གི་རྒན་རྒོན་མང་པོ་ཞིག་རྒྱ་གར་ནང་ཡོང་བཞིན་འདུག་ལ། བཞུགས་སྒར་དྷ་རམ་ས་ལ་ཁུལ་དུའང་བོད་ལཱ་སྤུས་གཙང་གྱོན་ཞིང་ལག་ཏུ་ཁ་བཏགས་དང་མཆོད་རྫས། རྟེན་སྐལ་སོགས་ཐོག་པའི་པའི་རྒན་རྒོན་མང་པོ་ཞིག་འཚང་ཁ་ཤིག་ཤིག་གིས་མཆོད་མཇལ་དང་། རྒྱ་གར་ལྷོ་ཕྱོགས་ལ་༧གོང་ས་མཆོག་གི་གསུང་ཆོས་ཞུ་བར་བཅར་རྒྱུར་བྲེལ་བཞིན་འདུག

 

གོ་སྐབས་དེ་དང་བསྟུན་ཏེ་འདི་གའི་གསར་འགོད་པས་དབུས་སྣེ་ལེན་ཁང་དུ་བོད་ནས་ཕེབས་མཁན་མི་ ༡༡ ཡོད་པའི་ཁྲོད་ནས་ཕ་ཡུལ་བསྟོད་དིང་རི་ནས་ཡིན་པའི་XXXXལགས་དང་གླེང་མོལ་བྱས་པ་ཡིན། ངེད་གཉིས་ཀྱིས་ཐོག་མར་དིང་རི་ཕྱོགས་ཀྱི་ད་ལྟའི་དཔལ་འབྱོར་གནས་སྟངས་སྐོར་ནས་གླེང་སྐབས། ཁོས་གསར་འགོད་པར་འདི་ལྟར་ངོ་སྤྲོད་གནང་བྱུང་། དིང་རི་ཕྱོགས་སྔོན་ཆད་དང་བསྡུར་ན་དཔལ་འབྱོར་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་རེད། དེ་ཇི་ལྟར་བྱུང་བ་རེད་ཟེར་ན། སྔོན་མ་རྒྱ་ནག་གིས་རོགས་པ་ཞེ་དྲགས་བྱེད་ཀྱི་ཡོད་པ་མ་རེད། ༢༠༠༨ ལོར་ངོ་རྒོལ་བྱས་པ་ནས་བཟུང་སྲིད་གཞུང་གིས་དབུལ་པོ་ཚོར་དངུལ་སྤྲོད་པ་དང་། ཁང་པ་གསར་རྒྱག་བྱེད་པ་སོགས་དངོས་གནས་དྲང་གནས་རོགས་པ་མང་པོ་བྱེད་ཀྱིན་འདུག ང་རང་གི་བསམ་པར་ ༢༠༠༨ ལོ་ནས་བཟུང་བོད་པ་ཚོས་ནང་ཁུལ་ནས་ཕན་ཚུན་ལ་རོགས་པ་བྱེད་རྒྱུ་རེད་བསམ་ནས་གཞུང་གིས་དངུལ་གཏོང་མགོ་བཙུགས་སོང་བསམ་གྱི་ཡོད། གང་ཡིན་ཟེར་ན། སྔོན་ཆད་ཁྱིམ་ནང་རྩམ་པ་ཟ་རྒྱུ་མེད་མཁན་ཚོར་དངུལ་ཕྲན་བུ་རེ་སྤྲོད་ཀྱི་ཡོད་པ་རེད་མ་གཏོགས་དེ་འདྲའི་དངུལ་འབལ་འབལ་ལྷུག་ལྷུག་སྤྲོད་མཁན་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

 

CHINA_-_TIBET_MON_AND_POLICEཁོ་ལ་སྔོན་ཆད་བསྟོད་དིང་རི་བརྒྱུད་ནས་རྒྱ་གར་ལ་ཡོང་མཁན་མང་པོ་ཡོད་ཀྱང་ཉེ་བའི་ལོ་ཤས་གོང་ནས་རྦད་དེ་ཉུང་དུ་ཕྱིན་ཡོད། ཁྱོད་རང་ས་མཚམས་ཁུལ་དུ་རྒྱུས་ཡོད་སྟབས་ད་ལྟ་ས་མཚམས་ཀྱི་གནས་སྟངས་གང་འདྲ་འདུག་ཅེས་དྲིས་པར། ཉིས་སྟོང་བརྒྱད་ནས་བཟུང་ས་མཚམས་ཁག་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་རེད། དེང་སྐབས་དིང་རི་ས་ཁུལ་གྱི་གྲོང་ཚོ་རེ་རེའི་ནང་རྒྱ་ནག་གཞུང་གི་གསང་ཉུལ་བ་མི་ ༥ རེ་བཞག་ཡོད་པ་རེད། དེ་ཧ་ལམ་དིང་རི་རྫོང་འོག་གི་གྲོང་ཚོ་ཚང་མའི་ནང་ཡོད་པ་རེད། རྒྱ་གར་ལ་འགྲོ་མཁན་ཚོ་ཐར་ཐུབ་པ་ཁག་པོ་ཞེ་དྲགས་རེད། མཐའ་མཚམས་སྲུང་མཁན་གྱི་དམག་མི་ལས་གྲོང་ཚོ་ཁག་གི་གསང་ཉུལ་བ་དེ་ཚོ་འཇོན་པ་ཡོད་པ་རེད། གལ་སྲིད་ཁོ་ཚོས་མི་གཅིག་བཟུང་པ་ཡིན་ན་རྒྱ་ནག་གིས་དངུལ་གྱི་བྱ་དགའ་སྤྲོད་ཀྱི་ཡོད་པ་རེད། དམག་སྒར་གཅིག་གཉིས་ཡིན་ན་ཐར་ཐུབ་པའི་རེ་བ་ཡོད་པ་རེད། གྲོང་པ་ཚང་མའི་ནང་གསང་ཉུལ་བ་བཞག་ཡོད་སྟབས་རྐང་པ་བརྒྱབ་ནས་ཕྱིན་ན་ཐར་ཐབས་ཁག་པོ་རེད། སྤྱིར་བཏང་སྔོན་མ་ནས་གསང་ཉུལ་བ་ཡོད་ཀྱང་། ༢༠༡༡ ལོ་ནས་གྲོང་ཚོ་ཁག་ཡོངས་རྫོགས་ནང་ཆེད་དུ་རྩ་འཛུགས་བྱས་སོང་། གལ་སྲིད་མི་ཞིག་གིས་རྒྱ་གར་ལ་འགྲོ་མཁན་དོགས་ཡོད་གཅིག་མཐོང་ཐོས་བྱུང་ན། ལུང་པ་དེའི་གསང་མྱལ་བ་ཚང་མས་མཉམ་རུབ་ཀྱིས་མི་དེ་བཙལ་གྱི་ཡོད་པ་རེད། གལ་སྲིད་ཁོ་ཚོས་མི་དེ་རྙེད་སོང་ན་རྒྱ་ནག་གཞུང་གིས་ཁོ་རང་ཚོར་དངུལ་ཕོན་ཆེན་པོ་སྤྲོད་ཀྱི་ཡོད་པ་རེད། ང་རང་ས་གནས་རང་གི་མི་ཡིན་ནའང་ད་ཐེངས་རྒྱ་གར་ལ་ཡོང་སྐབས་ཉིན་གྲངས་ ༡༣ ལ་རྐང་པ་བརྒྱབ་ནས་ཡོང་བ་ཡིན། ཅེས་བརྗོད་སོང་།

 

ཁོ་རང་རྒྱ་གར་ལ་ཡོང་རྒྱུ་ཇི་ལྟར་དྲན་པའི་སྐོར་དྲིས་པར་ཁོས། ཐེངས་འདིར་ང་རྒྱ་གར་ལ་མི་འགྲོ་ཐབས་མེད་ཆགས་སོང་། སྤྱིར་བཏང་ང་རྒྱ་གར་ལ་སྔོན་མ་ནས་འགྲོ་དགོས་དྲན་ཡོད། སྔོན་མ་དུས་འཁོར་དབང་ཆེན་སྐབས་ངའི་རོགས་པ་གཅིག་ཤར་གངས་ལ་བརྒྱུད་ནས་ཕྱིན་པ་རེད། རྗེས་སུ་ཁོ་ཕྱིར་ནང་མི་ཚོར་ཐུག་ཏུ་ཡོང་སྐབས་ང་ཁོ་དང་མཉམ་དུ་འགྲོ་དགོས་བསམ་ཡོད་ཀྱང་། ཁོ་རང་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ཉེས་རྡུང་མང་པོ་བཏང་མཐར་ཕྱིར་རྒྱ་གར་ལ་བཏང་འདུག ད་ལྟ་ཁོ་ཆབ་སྲིད་བཙོན་པ་བྱས་ནས་ལྡི་ལི་ན་ལས་ཀ་བྱེད་ཀྱིན་འདུག ཅེས་དང་། ཁོས་མུ་མཐུད་དུ་རྒྱ་ནག་གི་ལས་བྱེད་དེ་ཚོས་ལྐོག་ཟ་རུལ་སུངས་བྱེད་ཀྱི་ཡོད་པའི་སྐོར་བརྗོད་དོན། ད་ལྟ་རྒྱ་ནག་གཞུང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད་ཟེར་བ་དེ་རྫུན་མ་རྫུན་རྐྱང་རེད། དེའི་སྐོར་ང་ལ་མང་པོ་བཤད་རྒྱུ་ཡོད། ངེད་ཚང་དང་ངེད་ཚང་གི་ཁྱིམ་མཚེས་གཉིས་ཁ་མཆུར་ཐུག་སྟེ། རྒྱ་ནག་གཞུང་གི་ལས་ཁུངས་དེ་ཚོས་ལྐོག་རྔན་ཧ་ཅང་ཕོན་ཆེན་པོ་ཟོས་ཡོད་པ་ངས་ཤེས་ཀྱི་ཡོད། གང་ཡིན་ཟེར་ན། ང་ཚོའི་ཁྱིམ་ཚང་གཉིས་ཀྱིས་ཁང་པའི་ས་ཆ་ཕན་ཚུན་བརྗེ་བོ་རྒྱག་པའི་གནས་ཚུལ་ཞིག་གི་ཐོག་ནས་ཁ་མཆུར་ཐུག་པ་རེད། ཁོ་ཚང་རྒྱུ་དང་ངོ་ཆེན་པོ་ཡོད་པ་རེད། སྔོན་མ་བལ་ཡུལ་ནང་ཚོང་བརྒྱབ་པ་དང་དེང་སང་ལྷ་སར་ཚོང་རྒྱག་གི་ཡོད་པ་རེད། ཁོ་ཚང་གིས་ང་ཚོའི་ཞཱིང་དང་དིང་རི་རྫོང་། གཞིས་ཀ་རྩེ་ཁུལ་བཅས་ལ་དངུལ་ཧ་ཅང་ཕོན་ཆེན་པོ་ལྐོག་རྔན་སྤྲད་དེ། ང་རང་ནག་པོ་ནག་རྐྱང་བཟོས་པ་མ་ཟད་མི་ཚེ་གང་བོར་གཉེན་སྒྲིག་ཀྱང་བྱས་མི་ཆོག་པ་བཟོས་པ་རེད། མཐའ་ན་ད་ལོའི་ཕྱི་ཟླ་ ༩ བའི་ཚེས་ ༡༥ ཉིན་མི་གཞན་ལ་དངུལ་སྤྲད་ནས་ང་གསོད་རྩིས་བྱས་པ་སོགས་ངས་ཤེས་ཀྱི་ཡོད། དཀའ་ངལ་དེ་འདྲ་ཞིག་གི་འོག་ནས་ང་རྒྱ་གར་ལ་ཡོང་དགོས་བྱུང་སོང་། གནས་ཚུལ་དེ་ཆ་ཚང་ངས་བདེ་སྲུང་ལས་ཁུངས་ལའང་ཞུས་ཡོད། ཅེས་བརྗོད་བྱུང་།

 

གཞན། ཕ་ཡུལ་ཨ་མདོ་རྔ་པ་ནས་ཡིན་པའི་བུ་མོ་ཞིག་གིས་ཉིས་སྟོང་བརྒྱད་ནས་བཟུང་རྔ་པ་ས་ཁུལ་དུ་རྒྱ་གཞུང་གིས་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་ཕྱི་སྐྱོད་ལག་འཁྱེར་རག་གི་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པ། ཁ་ཤས་ཀྱིས་སྒྲུང་རྫུན་མ་བཟོས་ཏེ་དངུལ་ཕོན་ཆེན་པོ་སྤྲད་དེ་རྒྱ་གར་ལ་གནས་མཇལ་དུ་ཡོང་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་སོང་ལ། ༢༠༠༨ ལོའི་ཞི་བའི་ངོ་རྒོལ་ནང་ཞུགས་མཁན་ཚང་མ་རྒྱ་ནག་གཞུང་གིས་ ‘མིང་ཐོ་ནག་པོ’ ཟེར་བའི་ནང་བཞག་སྟེ། སྤྱི་ཚོགས་ཀྱི་ཐོབ་ཐང་མང་པོ་ཞིག་འགོག་གི་ཡོད་པ་མ་ཟད། ཁོ་རང་ཚོའི་ཤ་ཉེ་སྤུན་མཆེད་ཡོངས་རྫོགས་ལ་དཀའ་ངལ་སྣ་ཚོགས་སྤྲོད་ཀྱི་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༨ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

མཆན། 1

  1. ཚེ་དཔག says:
    ལོ་ 11 སྔོན།

    ང་ལ་བསྟོད་མངའ་རི་དང་ཏིང་རི་ཕྱོགས་ཀྱི་གསང་ཉུལ་བ་ཚོའི་སྐོར་གྱི་སྒྲུང་སྙན་པོ་ཞིག་བཤད་རྒྱུ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese