མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་རམ་ས་ལ་ལས་སིམ་ལ་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

དྷ་རམ་ས་ལ་དེང་རབས་གྲོང་ཁྱེར་ཅན་དུ་འཛུགས་བསྐྲུན་བྱ་རྒྱུར་ཧི་མ་ཅལ་མངའ་སྡེའི་གཞུང་དང་རྒྱ་གར་དབུས་གཞུང་གཉིས་བར་ལྟ་ཚུལ་མི་མཐུན་པ་ཆགས་ཏེ། སིམ་ལ་གྲོང་སྡེའི་སྤྱི་ཁྱབ་ཀྱིས་དབུས་གཞུང་གི་ལས་འཆར་དེར་མོས་མཐུན་མེད་པའི་ཁྲིམས་གཏུག་བྱས་ཡོད་འདུག

Dharamsala2_674x369ཁ་སང་སིམ་ལ་གྲོང་སྡེའི་སྤྱི་ཁྱབ་སཱན་ཆི་ཆཱོ་ཧཱན་ (Sanjay Chauhan) ལགས་ཀྱིས་ཧི་མ་ཅལ་ཆེས་མཐོའི་ཁྲིམས་ཁང་ལ། ཉེ་ལམ་རྒྱ་གར་དབུས་གཞུང་གིས་དྷ་རམ་ས་ལ་དེང་རབས་ཅན་གྱི་གྲོང་ཁྱེར་(Smart City)དུ་བསྒྱུར་རྒྱུའི་ཐག་གཅོད་ལ་མོས་མཐུན་མེད་པའི་ཁྲིམས་གཏུག་བྱས་ཡོད་པ་ལྟར། ཁྲིམས་དཔོན་ར་ཇེབ་ཤཱར་མཱ་ (Rajeev Sharma) དང་སུ་ར་ཤཱི་ཝར་ (Sureshwar Thakur) རྣམ་གཉིས་ཀྱིས་དབུས་གཞུང་གི་ཐག་གཅོད་ལ་རྩིས་མེད་བཏང་སྟེ། བདུན་ཕྲག་གཉིས་ནང་ཚུན་ལ་མངའ་སྡེའི་གཞུང་གིས་སིམ་ལ་དང་དྷ་རམ་ས་ལ་གཉིས་ལས་གང་རུང་ཞིག་ལས་འཆར་དེའི་ཁོངས་སུ་འདེམ་དགོས་པའི་བཅད་ཁྲ་བཏང་ཡོད་འདུག

ཧིན་རྡུ་སི་ཐན་དུས་བབ་སྟེང་སིམ་ལའི་གྲོང་སྡེ་སྤྱི་ཁྱབ་སཱན་ཆི་ཆཱོ་ཧཱན་ལགས་ཀྱིས། ཁྲིམས་ཁང་ལ་ཕུལ་བའི་ཁྲིམས་གཏུག་ཞུ་སྙན་ནང་། “རྒྱ་གར་དབུས་གཞུང་གིས་ཁྲིམས་ཀྱི་བརྒྱུད་རིམ་ཁག་མ་བརྒྱུད་པར་དྷ་རམ་ས་ལ་དེང་རབས་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུ་བྱས་པ་དེ་ནི་འོས་འཚམ་གྱི་ཐག་གཅོད་ཅིག་མིན་པ་མ་ཟད། དེ་སྔོན་ཐག་གཅོད་འདི་མ་གནང་གོང་ལ་སིམ་ལ་གྲོང་སྡེ་ལས་ཁུངས་ཀྱིས་གནད་དོན་འདིའི་སྐོར་དབུས་ས་གཉིས་ཀྱི་གཞུང་ལ་འབོད་སྐུལ་ཞུས་ཡོད་ཀྱང་གྲུབ་འབྲས་མ་ཐོན་སྟབས་གནས་ཚུལ་འདི་བྱུང་བ་རེད།” ཅེས་བརྗོད་འདུག

ཧི་མ་ཅལ་ཁྲིམས་ཁང་གིས། “ མངའ་སྡེའི་གཞུང་གིས་ཐག་གཅོད་བྱས་ཏེ་འདི་ལོའི་ཟླ་ ༧ པའི་ཚེས་ ༡༥ དང་ ༢༩ ཉིན་དབུས་གཞུང་ལ་གྲོང་ཁྱེར་འཛུགས་སྐྲུན་འོས་བབ་ཀྱི་མིང་ཐོ་ཕུལ་བ་དེ་ནི་ཁྲིམས་མེད་ལུགས་མེད་དང་རིགས་ལམ་དང་འགལ་བ་ཞིག་ཡིན། གཞུང་འཛིན་མི་སྣ་ཚོས་དབང་ཆ་བེད་སྤྱོད་བཏང་ནས་རྒྱ་ཆེའི་མི་མང་གི་མངོན་འདོད་སྐོང་དགོས་པ་ལས་མི་སྒེར་དང་སྐུ་དྲག་རིང་ལུགས་ཀྱི་འདོད་དོན་བསྒྲུབ་མི་རུང་། མ་འོངས་པར་ཐག་གཅོད་གང་ཞིག་བྱས་ཀྱང་དྲང་པོ་དྲང་བཞག་དང་རྒྱུ་མཚན་ལྡན་པའི་ཐོག་ནས་བྱེད་དགོས། ཉེ་སྔོན་གཞུང་གིས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཁག་ཅིག་དེང་རབས་ཅན་དུ་བསྒྱུར་རྒྱུའི་ཐག་གཅོད་བྱས་སྐབས། མི་ཁ་ཤས་ཀྱིས་ངན་སེམས་བཅངས་ཡོད་པ་ང་ཚོར་རྒྱུ་དངོས་གཉིས་ཀྱི་དཔང་རྟགས་སྟོན་རྒྱུ་ཡོད། དེ་ཡང་མངའ་སྡེའི་འཛུགས་སྐྲུན་ལས་འཆར་དོ་དམ་ཚན་པས་རང་ཉིད་ལ་ཚོགས་པ་འགའ་རེས་བཀའ་བཏང་བ་ལྟར་དབང་ཆ་ལོག་པར་བེད་སྤྱོད་བཏང་སྟེ། དུས་ཐོག་ལ་སོ་སོའི་ཁྱབ་ཁུངས་གྲོང་སྡེ་ཁག་དེང་རབས་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུའི་སྙན་ཞུ་ཕུལ་བ་དེར་བསྐྱར་ཞིབ་མ་བྱས་སྟབས། ད་ཐེངས་གནས་ཚུལ་འདི་ལྷག་པ་རེད།” ཅེས་བརྗོད་འདུག

དེ་རིང་རྒྱ་གར་ཕོ་ཉ་ (Indian Express )གསར་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༧ ཉིན་ལྡི་ལིར། རྒྱ་གར་དབུས་གཞུང་གྲོང་སྡེ་འཕེལ་རྒྱས་ལྷན་ཁང་གི་བློན་ཆེན་ཝེན་ཁའེ་ཎཱ་དྷོ་ (M. Venkaiah Naidu)ལགས་ཀྱིས། རྒྱ་གར་གྱི་གྲོང་ཁྱེར་དང་གྲོང་བརྡལ་ ༩༨ ཙམ་དེང་རབས་གྲོང་ཁྱེར་དན་ལ་བསྒྱུར་རྒྱུའི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ཁོངས་སུ། མངའ་སྡེའི་རྒྱལ་ས་ ༢༤ དང་། ཚོང་ལས་དང་བཟོ་ལས་ལྟེ་གནས་ ༢༤ ། རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་ལྟེ་གནས་ ༡༨། མཚོ་ཁུལ་གྲོང་ཁྱེར་ ༥ ། ཤེས་ཡོན་དང་འཕྲོད་བསྟེན་ས་ཁུལ་ ༣ བཅས་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་པའི་ཁོངས་སུ་བོད་མིའི་འདི་ཕྱིའི་སྐྱབས་མགོན་༧གོང་ས་མཆོག་གི་བཞུགས་ཡུལ་དང་ཧི་མ་ཅལ་གྱི་རྒྱལ་ས་གཉིས་པར་འབོད་པའི་དྷ་རམ་ས་ལ་ལས་འཆར་དེའི་ཁོངས་ལ་ཚུད་ཡོད། ཅེས་སོགས་བཀོད་འདུག

Shimla12_704x385 (1)གནས་ཚུལ་དེའི་ནང་མུ་མཐུད་དུ་བཀོད་དོན། ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་འཕེལ་རྒྱས་ལྷན་ཁང་གི་བློན་ཆེན་སུ་དྷེར་ཤར་མཱ་ (Sudhir Sharma) ཡིས་རྒྱ་གར་དབུས་གཞུང་གི་འཛུགས་སྐྲུན་ལས་གཞི་དེ་དྷ་རམ་ས་ལར་མགོ་འཛུགས་བྱ་རྒྱུར་བརྒྱ་ཆ་ ༨༩།༥ དང་། སིམ་ལར་བརྒྱ་ཆ་ ༨༥ ཡི་རྒྱབ་སྐྱོར་ཐོབ་ཡོད་སྟབས་དྷ་རམ་ས་ལ་བདམས་པ་རེད། སིམ་ལར་རྒྱབ་སྐྱོར་མ་ཐོབ་མེད་པའི་རྒྱུ་མཚན་ནི། དེ་སྔོན་ནེ་རོ་རྒྱལ་ཡོངས་གྲོང་ཁྱེར་གསར་འཛུགས་ལས་འཆར་ཚོགས་པའི་ལས་གཞི་ (Jawaharlal Nehru National Urban Renewal Mission) ཞེས་པ་དེ་ལེགས་འགྲུབ་བྱུང་མེད་སྟབས་ཕམ་པ་རེད་ཅེས་བརྗོད་ཡོད། ཡིན་ནའང་སིམ་ལའི་གྲོང་སྡེ་སྤྱི་ཁྱབ་སཱན་ཆི་ཆཱོ་ཧཱན་གྱིས་རྒྱ་གར་དབུས་གཞུང་གིས་དྷ་རམ་ས་ལ་དེང་རབས་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུའི་ཐག་གཅོད་བྱས་པ་དེ་ནི་ཁྲིམས་མཐུན་མིན་པའི་སྐྱོན་འཛུགས་བྱས་པ་ནས་བཟུང་། ད་ལྟ་དབུས་གཞུང་དང་ས་ནས་གཞུང་གི་ཆབ་སྲིད་པ་འགས་སིམ་ལ་དེང་རབས་ཅན་གྱི་གྲོང་ཁྱེར་དུ་བསྒྱུར་རྒྱུའི་འཆར་གཞིའི་ཁོངས་ནས་གཡུགས་པ་དེར་མ་འདོད་པའི་རྩོད་གླེང་འབྱུང་བཞིན་ཡོད་སྐོར་བཀོད་འདུག

རྒྱལ་སྤྱི་དང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ཆབ་སྲིད་དབྱེ་ཞིབ་པ་ཁག་ཅིག་གིས། ཕྱོགས་གཅིག་ནས་དྷ་རམ་ས་ལ་ནི་ཧི་མ་ཅལ་གཞུང་གི་རྒྱལ་ས་མིན་པ་མ་ཟད། ཕྱོགས་གཞན་ཞིག་ནས་ད་ལྟའི་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་འཕེལ་རྒྱས་ལྷན་ཁང་གི་བློན་ཆེན་སུ་དྷེར་ཤར་མཱ་ཡི་ས་ཁུལ་ཡིན་སྟབས། ཕྱོགས་འགལ་ཚོགས་པ་དང་ཆབ་སྲིད་པ་ག་གེ་མོས་ཁོང་གིས་ཕྱོགས་ཞེན་བྱས་ཏེ། དྷ་རམ་ས་ལ་དེང་རབས་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུར་དབུས་གཞུང་ལ་བརྒྱུད་སྐུལ་བྱས་པ་ཞིག་ཡིན་ལུགས་རྗོད་ཀྱིན་ཡོད་ཀྱང་། དོན་དངོས་སུ་རྒྱ་གར་དབུས་གཞུང་ནི་ལས་གཞི་དེའི་མཐའ་མའི་ཐག་གཅོད་གནང་མཁན་ཡིན་སྟབས། མངའ་སྡེའི་གཞུང་གིས་ཁྲིམས་ཁང་གི་བཅད་ཁྲ་དེར་ཐག་གཅོད་ཡང་དག་པ་ཞིག་བྱེད་ངེས་རེད་ཅེས་སོགས་བཀོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese