མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་གྱི་ཁ་ཕྱོགས་གསར་བ།

བོད་ཀྱི་དུས་བབ།
༢༠༡༦/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ (Wall Street Journal) གསར་ཁང་གི་ཆབ་སྲིད་དཔྱད་བརྗོད། པདྨ་རྒྱལ་གྱིས་བོད་སྒྱུར་བྱས།

 

_____པེ་ཅིན་གཞུང་གིས་ཐའེ་ཝན་གྱི་སྲིད་འཛིན་གསར་བར་རྣམ་འགྱུར་ཅི་འདྲ་ཞིག་བསྟན་རུང་། ཐའེ་པེ་གྲོང་ཁྱེར་གྱིས་ཕྱིའི་རྒྱལ་ཁབ་ཁག་ལ་འབྲེལ་ལམ་གསར་འཛུགས་གནང་དགོས་པ་ཞིག་ཆགས་ཡོད།

 

རེས་གཟའ་སྤེན་པའི་ཉིན་ལས་སླ་མོར་ལྕམ་ཚའེ་ཡེན་ཝིན་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་སྟེ། ཁོང་མོའི་སྲིད་ཚོགས་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པས་ཐོག་དང་པོར་གྲོས་ཚོགས་ཀྱི་སྲིད་སྟེགས་མང་ཤོས་འཛིན་ཐུབ་པ་བྱུང་། ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པས་ཐའེ་ཝན་གྱི་ཆབ་སྲིད་སྡིངས་ཆའི་སྟེང་ཐའེ་ཝན་མཚོ་འགག་ལ་དམངས་གཙོའི་རང་སྲིད་རང་སྐྱོང་གི་ཁེ་དབང་ཡོད་སྐོར་ནན་ཆེར་བརྗོད་ཡོད་པ་རེད།

 

ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་མ་ཐོབ་པའི་སྔོན་ཏག་ཏག་ལ་རོལ་དབྱངས་འཁྲབ་པ་ཆུང་ཆུང་ཞིག་ལས་ཆེས་བློ་ཡུལ་ལས་འགོངས་པའི་ཆབ་སྲིད་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཐེབས་པ་ནི། ལྷོ་ཀོ་རི་ཡའི་རོལ་དབྱངས་འཁྲབ་སྟོན་ཚོགས་པའི་ (K-pop) ཁོངས་མི་ལོ་ན་ ༡༦ ལ་སོན་པའི་ཐའེ་ཝན་བུ་མོ་ཀྲུའུ་ཙི་ཡས་(Chou Tzu-yu) ཟེར་བ་ཞིག་གིས་བརྙན་འཕྲིན་ནང་ཐའེ་ཝན་གྱི་རྒྱལ་དར་འཕྱར་བར་བརྟེན། རོལ་དབྱངས་ཚོགས་པའི་གཙོ་སྐྱོང་བས་ཁོ་མོས་ཐའེ་ཝན་གྱི་རྒྱལ་དར་འཕྱར་བར་དགོངས་སེལ་ཞུ་རུ་བཅུག་པའི་གཟུགས་མཐོང་བརྙན་པར་དེ་ཐའེ་ཝན་གྱི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་པ་དང་། ཐའེ་ཝན་མི་མང་ལ་ཕོག་ཐུགས་ཆེན་པོ་བཏང་པ་རེད། གཟུགས་མཐོང་བརྙན་པར་དེའི་ནང་རོལ་དབྱངས་ཚོགས་པའི་གཙོ་སྐྱོང་བས་ “རྒྱ་ནག་གཅིག་མ་གཏོགས་ཡོད་པ་མ་རེད། མཚོ་འགག་གི་ཕྱོགས་གཉིས་ཧྲིལ་བོ་གཅིག་རེད” ཅེས་པའི་ཡི་གེ་ཞིག་བུ་མོ་ཀྲུའུ་ཙི་ཡས་ལ་ཀློག་བཅུག་པ་དང་། ཁོ་མོས་རང་གི་དེ་སྔའི་བྱ་སྤྱོད་ལ་འགྱོད་བཤགས་ཞུས་ཡོད་སྟབས། ཐའེ་ཝན་མི་མང་གིས་དེ་ནི་མི་འདོད་བཞིན་དུ་ཁོང་མོར་གཉའ་གནོན་བཙན་འགེལ་བྱས་པའི་ངང་ཚུལ་ཞིག་ཏུ་མཐོང་གི་ཡོད་པ་རེད།

 

གནས་ཚུལ་དེས་ཐའེ་ཝན་ལ་རྒྱ་ནག་གི་དཔལ་འབྱོར་དང་དམག་དཔུང་སྟོབས་ཤུགས་ཀྱིས་ཐའེ་ཝན་གྱི་དམངས་གཙོའི་འཚོ་བར་འཇིགས་ཉེན་བསླང་མི་ཡོང་ངམ་སྙམ་པའི་དངངས་འཚབ་འཕར་མ་ཞིག་བསླངས་ཡོད་པ་དང་། སྲིད་ཚོགས་ཁག་གི་འོས་མི་ཚོས་བུ་མོ་ཀྲུའུ་ཙི་ཡས་ལ་སྲུང་སྐྱོབ་བྱས་ཀྱང་། ༢༠༠༨ ལོ་ནས་རྒྱ་ནག་སྐམ་ས་ཆེན་མོ་དང་ཐའེ་ཝན་གོ་མིན་ཏང་སྲིད་གཞུང་གཉིས་དབར་བཟང་ཕྱོགས་ཀྱི་འབྲལ་ལམ་ཤུགས་ཆེན་ཚུགས་ཡོད་སྟབས། བུ་མོ་ཀྲུའུ་ཙི་ཡས་ཀྱི་གནས་ཚུལ་དེ་ནི་གོ་མིན་ཏང་ཚོགས་པར་མཚོན་ན་རྣ་བར་མི་སྙན་པའི་གཏམ་ངན་ཞིག་ཡིན་པ་རེད། ཡིན་ཡང་རྒྱ་ནག་དམར་ཤོག་ཚོགས་པ་དང་ཐའེ་ཝན་གོ་མིན་ཏང་སྲིད་གཞུང་གཉིས་བར་གྱི་འབྲེལ་འདྲིས་ཀྱི་རྐྱེན་པས། ད་རེབ་ཐའེ་ཝན་གྱི་གྲོས་ཚོགས་འཐུས་མིའི་འོས་འགྲན་ཁྲོད་དུ་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ཚོར་གོ་སྐབས་མང་པོ་རག་ཡོད་སྲིད།

 

རེས་གཟའ་སྤེན་པའི་ཕྱི་དྲོར་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་སྤྱི་ཁྱབ་ལས་ཁུངས་ཀྱི་ཕྱི་ལོགས་སུ་ལྕམ་ཚའེ་ཡེན་ཝིན་གྱིས་སྲིད་འཛིན་གྱི་རྒྱལ་ཁའི་གཏམ་བཤད་དང་འབྲེལ་སྲིད་འཛིན་དམ་འབུལ་སྐབས་སུ། ང་ཚོ་ཐའེ་ཝན་མི་མང་སུ་གཅིག་གིས་ཀྱང་གཞན་ལ་ང་ཚོ་ཐའེ་ཝན་གྱི་མི་སེར་ཡིན་ཞེས་བཤད་པ་ལ་དགོངས་སེལ་ཞུ་དགོས་དོན་མེད། ང་ཚོའི་དམངས་གཙོའི་ལམ་ལུགས་དང་ང་ཚོའི་མི་རིགས་ཀྱི་ངོ་བོ། ང་ཚོ་དང་རྒྱལ་སྤྱིའི་བར་སྟོང་བཅས་ལ་བརྩི་མཐོང་གནང་དགོས། དྲག་གནོན་གྱི་རྣམ་འགྱུར་དེས་ཐའེ་ཝན་མཚོ་འགག་གི་བརྟན་ལྷིང་གི་འབྲེལ་ལམ་ལ་དོ་ཕོག་བཟོ་ངེས་ཡིན། ཞེས་སོགས་བརྗོད་ཡོད་པ་རེད།

 

གཏམ་བརྗོད་འདི་ནི་པེ་ཅིན་གཞུང་ལ་སྤྲད་པའི་གོ་བརྡ་ཞིག་སྟེ། རྒྱ་ནག་གིས་ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུ་ལ་རྣམ་འགྱུར་ཅི་འདྲ་ཞིག་འཛིན་དགོས་མིན་བསྟན་ཡོད། གལ་སྲིད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཐའེ་ཝན་མཚོ་འགག་ལེན་ཐབས་སུ་བཙན་སྐུལ་བཏང་ཚེ། འཁྲུག་འཛིང་གི་མེ་ལྕེ་མཆེད་ངེས། གལ་ཏེ་ཁོས་བཙན་སྐུལ་ལ་བརྟེན་ན་ཐའེ་ཝན་གྱི་བདག་དབང་ལ་དོ་ཕོག་འགྲོ་རྒྱུ་ཡིན་པ་དེར་བསམ་ཤེས་བྱས་ཚེ། མ་མཐར་ཡང་ཐའེ་ཝན་མཚོ་འགག་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་དབར་གྱི་དཔལ་འབྱོར་འབྲེལ་ལམ་སྔར་བས་ཡར་རྒྱས་ཡོང་སྲིད་པ་རེད།

 

ལྕམ་ཚའེ་ཡེན་ཝིན་གྱིས་ཐའེ་ཝན་རང་བཙན་གྱི་ཕྱོགས་སུ་སྐུལ་འདེད་མི་གཏོང་བར། ད་ལྟའི་ཐའེ་ཝན་མཚོ་འགག་གི་ལངས་ཕྱོགས་དེ་མུ་མཐུད་རྒྱུན་འཁྱོངས་གནང་རྒྱུ་ཁག་ཐག་བྱས་ཡོད་པ་རེད། ཁོང་མོའི་ལས་གཞི་དང་པོ་དེ་ཐའེ་ཝན་དང་རྒྱ་ནག་གཉིས་བར་གྱི་འཐུས་ཤོར་དུ་ཕྱིན་པའི་ཚོང་དོན་གྲོས་ཆོད་ཁག་གི་ཐད་ནས་གྲོས་ཚོགས་ཀྱི་ཁྲིམས་གཞི་ཇེ་དམ་དུ་གཏང་རྒྱུ་དང་། དེ་ཡང་གོ་མིན་ཏང་ཚོགས་པར་སྤྲད་པའི་ཐའེ་རྒྱ་གཉིས་ཀྱི་འབྲེལ་ལམ་ཐད་བསྐྱར་ཞིབ་དགོས་པའི་སྔོན་བརྡ་ཞིག་ཡིན་པ་རེད། དེའི་རྗེས་ཁོང་མོས་རྒྱུན་མཁོའི་དངོས་ཟོག་ལ་གཞིགས་ཏེ་པེ་ཅིན་གཞུང་དང་ལྷན་དུ་ཚོང་དོན་གྲོས་ཆོད་ཀྱི་ལས་རིམ་ཁག་བསྐྱར་མཐུད་གནང་བའམ། གཅིག་བྱས་ན་ཕྱི་ལོ་ ༢༠༠༤ ལོའི་ཚོང་དོན་གྲོས་ཆོད་ཁག་ (ལོ་དེར་མི་མང་གི་མངོན་འདོད་སྣང་མེད་བཏང་བའི་ཚོང་དོན་གྲོས་ཆོད་ཁག་ལ་རྒྱ་ཆེའི་མི་མང་གིས་མི་འདོད་པའི་རྣམ་འགྱུར་བསྟན་ཏེ་ཕྱོགས་གཉིས་ཀྱི་ཚོང་དོན་འབྲེལ་ལམ་བཅད་པ་རེད།) བསྐྱར་གསོ་གནང་ཡང་སྲིད་པ་རེད། ཡིན་ནའང་ཁོང་མོའི་ལས་འཆར་འདི་དག་འགྲུབ་ཐབས་སུ། ཅིས་ཀྱང་པེ་ཅིན་གཞུང་འབྲེལ་མི་སྣ་ཞིག་ལ་བསྟུན་དགོས་པ་རེད།

 

དེ་མིན་གྱི་སྐུལ་བྱ་གཞན་ཞིག་ནི་ཐའེ་ཝན་དང་ཕྱི་ཕྱོགས་ཀྱི་འབྲེལ་ལམ་རྒྱ་སྐྱེད་གཏང་རྒྱུ་དེ་རེད། ཁོང་མོའི་ལས་རོགས་ཚོས་ཁྱིམ་མཚེས་རྒྱལ་ཁབ་ཝེ་ཋི་ནམ་དང་ཧིན་རྡུ་ནེ་ཤ་ཡ། རྒྱ་གར་སོགས་ལ་འཛིན་པའི་ལྷོ་ཤར་ཨེ་ཤ་ཡའི་ཚོང་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱེད་དགོས། ན་ནིང་ཐའེ་ཝན་མཚོ་འགག་གི་ཧྥོའུ་ཧྲི་ཁང་ཚན་རྩལ་ཚོང་གཉེར་ཁང་ (Foxconn) གིས་རྒྱལ་ཁབ་འདི་དག་ནང་ཨ་སྒོར་ཐེར་འབུམ་ ༥ ཡི་མ་དངུལ་འཛུགས་རྒྱུ་ཕྱི་བསྒྲགས་བྱས་ཡོད་པ་རེད། དེར་མ་ཟད་ཐའེ་ཝན་མཚོ་འགག་གིས་ཡུ་རོབ་མཐུན་ཚོགས་དང་ལྷན་དུ་ཕྱོགས་གཉིས་ཀྱི་མ་འཛུགས་གྲོས་ཆིངས་འཇོག་ཐབས་སུ། ཐོག་མར་ཉི་ཧོང་དང་ལྷན་དུ་རང་དབང་གི་ཚོང་དོན་གྲོས་མོལ་གནང་རྒྱུ་ནི་མདུན་སྐྱོད་ཀྱི་གོམ་ཁ་དང་པོ་དེ་ཡིན་པ་རེད།

 

དེ་ལས་ཀྱང་གལ་འགངས་ཆེ་ཤོས་ཤིག་ནི་ཐའེ་ཝན་མཚོ་འགག་དེ་ (Trans-Pacific Partnership) ཚོང་འབྲེལ་གྲོས་ཆིངས་ནང་སྐབས་གཉིས་པའི་འཛུལ་ཞུགས་རྒྱལ་ཁབ་ ༡༢ གྱི་ཁོངས་སུ་ཚུད་རྒྱུ་དེ་རེད་ལ། ལྕམ་ཚའེ་ཡེན་ཝིན་གྱིས་ཀྱང་ཚོང་འབྲེལ་གྲོས་ཆིངས་འདིའི་ནང་འཛུལ་ཐབས་བྱ་རྒྱུ་ནི་ཁོང་མོའི་དམིགས་འབེན་གཙོ་བོ་ཞིག་ཡིན་རབས་བཤད་ཡོད་པ་རེད། ཐའེ་ཝན་མཚོ་འགག་འདི་ (Trans-Pacific Partnership) ཚོང་འབྲེལ་གྲོས་ཆིངས་ནང་འཛུལ་ཞུགས་བྱ་འཆར་ལ་བལྟས་ཡོང་ན། ཐའེ་ཝན་མཚོ་འགག་གིས་ཨ་རིའི་ཚོང་ཟོག་ནང་འདྲེན་བྱ་རྒྱུ་མཚམས་འཇོག་འདོད་ཡོད་ཤས་ཆེ། ལས་དོན་འདི་ནི་ལྕམ་ཚའེ་ཡེན་ཝིན་གྱི་དམངས་གཙོ་ཡར་ཐོན་ཚོགས་པ་ནང་ཁུལ་གྱི་ཆེས་རྣོ་ངར་ལྡན་པའི་ཆབ་སྲིད་ཀྱི་གླེང་གཞི་ཞིག་ཏུ་འགྱུར་ངེས། དེར་བརྟེན། ཁོང་མོར་གྲོས་ཚོགས་ཀྱི་དབང་འཛིན་པ་ཟུར་བ་ཚོ་ལས་ཀྱང་ཆེས་ཁྱད་དུ་འཕགས་པའི་ཤེས་འཇོན་ཞིག་དགོས་ཀྱི་ཡོད་པ་རེད།

 

རེས་གཟའ་སྤེན་པའི་ཉིན་ལྕམ་ཚེ་ཡེན་ཝིན་གྱིས་ཨ་རི་དང་ཉི་ཧོང་རྒྱལ་ཁབ་གཉིས་ནི་ཐའེ་ཝན་མཚོ་འགག་གི་རྒྱལ་འབྲེལ་གྲོགས་པོའི་གྲས་སུ་བསྙད་ཡོད་པ་རེད། ཐའེ་པེ་གྲོང་ཁྱེར་གྱི་ཚོང་འབྲེལ་རྒྱལ་ཁབ་ཁག་གི་གྲས་ནས། ཆབ་སྲིད་དང་དཔལ་འབྱོར། དམག་དོན་སོགས་ཕྱོགས་གང་ཐད་ནས་ཨ་རི་དང་ཉི་ཧོང་རྒྱལ་ཁབ་གཉིས་ནི་ལྷོ་ཤར་ཨེ་ཤ་ཡ་བརྟན་ལྷིང་ཡོང་བའི་ལྟེ་བ་གཙོ་བོ་ཆགས་ཡོད།

 

མ་རྩོམ་འབྲེལ་ཐག http://www.wsj.com/articles/taiwans-new-direction-1453053560

 

འབྲེལ་ཡོད་གསར་འགྱུར།

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese