མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་ལོར་བོད་ལྗོངས་སུ་ལྐོག་རྔན་ལེན་མཁན་མང་ཤོས་བྱུང་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༥ ལོར་བོད་རང་སྐྱོང་ལྗོངས་ཀྱི་ནང་ལྐོག་རྔན་བླངས་བ་དང་ལྐོག་ཟ་རུལ་སུངས་བྱས་པའི་ཉེས་དོན་ ༨༡ ལ་ཞིབ་བཤེར་བྱས་ཤིང་སྔར་དང་བསྡུར་ན་བརྒྱ་ཆ་ ༧༨ ལྷག་འཕར་ཡོད་སྐོར་བརྗོད་འདུག

LOCAL201601291638000595616298618ཁ་སང་སྔ་དྲོར་བོད་ཀྱི་རྒྱལ་ས་ལྷ་ས་རུ། བོད་རང་སྐྱོང་ལྗོངས་མི་མང་འཐུས་མིའི་ཚོགས་ཆེན་སྐབས་ ༡༠ པའི་ཚོགས་འདུ་ཐེངས་ ༤ པ་བསྡུས་པའི་ཐོག བོད་རང་སྐྱོང་ལྗོངས་མི་མང་ཞིབ་བཤེར་ཁང་གི་མགོ་ཁྲིད་ཀྲང་ཕེ་ཀྲུང་ཟེར་བ་དེས། ཕྱི་ལོ་ ༢༠༡༥ ལོར་བོད་རང་སྐྱོང་ལྗོངས་ཀྱི་ནང་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་བའི་ཉེས་དོན་ ༨༡ ལ་ཞིབ་བཤེར་བྱས་པ་བརྒྱུད་ཉེས་དོན་ཆེན་པོ་ ༦༨ བྱུང་ཡོད་པ་དང་། ཉེས་དོན་དང་འབྲེལ་བ་ཡོད་པའི་མི་ ༨༤ ཡོད་སྐོར་བརྗོད་འདུག

ཀྲང་ཕེ་ཀྲུང་ཟེར་བ་དེས་རྒྱ་ནག་གཞུང་འབྲེལ་མི་མང་དྲ་བའི་གསར་འགོད་པར། ཕྱི་ལོ་ ༢༠༡༢ ནས་ ༢༠༡༤ བར་བོད་རང་སྐྱོང་ལྗོངས་སུ་བསྡོམས་པའི་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་བའི་ཉེས་དོན་ཆེན་པོ་ ༧༡ རྩད་གཅོད་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་ཉེས་དོན་ཚབས་ཆེན་གྱི་གྲངས་འབོར་སྔར་དང་བསྡུར་ན་བརྒྱ་ཆ་ ༧༨.༩ ་འཕར་ཏེ་ལོ་རྒྱུས་ནང་གྲངས་འབོར་མང་ཤོས་ཆགས་ཡོད་ལ། འདས་ལོའི་ཞིབ་བཤེར་ཁྲོད་ལྐོག་ཟ་རུལ་སུངས་བ་ ༢༥ དང་། ལྐོག་རྔན་ལེན་མཁན་ ༤༩། གཞུང་དངུལ་སྒེར་སྤྱོད་པ་ ༩། ཐུན་མོང་སྒེར་སྤྱོད་པ་ ༡ བཅས་བྱུང་ཡོད་པ་དང་། ཉེས་དོན་མང་ཆེ་བ་མང་ཚོགས་ཁྲོད་དུ་བྱུང་ཞིང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་བཟོས་པའི་ཁྲིམས་འགལ་ཉེས་དོན་ ༨ རྩད་ཆོད་ཡོད་ལ། ཉེས་དོན་དེ་དག་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་རྒྱ་སྒོར་ ༡༢༩༢༥ ཡི་གྱོང་གུད་བཟོས་ཡོད་སྐོར་དང་། བོད་རང་སྐྱོང་ལྗོངས་སུ་ལྐོག་རྔན་ལེན་མཁན་ལ་རྒོལ་རྡུང་གཏོང་བའི་ལས་འགུལ་ཁྲོད་ལྐོག་རྔན་བླངས་བའི་ཉེས་དོན་ ༡༧ རྩད་བཅད་དེ་མི་ ༡༧ ལ་ཞིབ་བཤེར་བྱས་ཡོད་པ་དང་། ད་ལྟའི་བར་ལྐོག་རྔན་ལེན་མཁན་གྱི་གྲངས་འབོར་མང་ཤོས་ཆགས་ཡོད་ལ། ལྐོག་རྔན་རྩད་གཅོད་ཆེད་སྤྱི་ཚོགས་ནང་ཞིབ་དཔྱོད་འདྲི་རྩད་ཐེངས་ ༣༨༧༢ བྱས་ཡོད་སྐོར་བརྗོད་འདུག

ཡང་གཞུང་ཕྱོགས་ཀྱི་བསྡོམས་རྩིས་ནང་། ཕྱི་ལོ་ ༢༠༡༥ ལོར་བོད་རང་སྐྱོང་ལྗོངས་མི་མང་ཞིབ་བཤེར་ཁང་ཟེར་བ་དེས་དོགས་ཡོད་ཉེས་ཅན་ ༡༣༦༨ འཛིན་བཟུང་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་དང་། དེའི་ཁྲོད་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་པའི་དོགས་ཡོད་ཉེས་ཅན་ ༣༥ ཡོད་པ་དང་། ཡང་སྤྱི་མང་གིས་ཁྲིམས་གཏུག་བྱས་པའི་དོགས་ཡོད་ཉེས་ཅན་ ༡༥༣༠ ཡི་ནང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོ་མཁན་ ༢༦ ཡོད་སྐོར་བཀོད་འདུག

ཡང་ཀྲང་ཕེ་ཀྲུང་ཟེར་བ་དེས། ཕྱི་ལོ་ ༢༠༡༦ ལོར་མུ་མཐུད་ཉེས་དོན་ཆེན་པོར་ཞིབ་བཤེར་རྩད་གཅོད་བྱ་རྒྱུ་ཡིན་པ་མ་ཟད། ལྷག་པར་དུ་བརྟན་བརླིང་འཕེལ་རྒྱས་ལ་འགོག་རྐྱེན་དང་མི་མང་གི་ཁེ་ཕན་ལ་གནོད་སྐྱོན་བཟོ་བ། དབུལ་སྐྱོབ་ཁུལ་གྱི་ཁྲིམས་འགལ་བྱ་སྤྱོད་བཅས་ལ་ཞིབ་བཤེར་ཤུགས་སྣོན་རྒྱག་རྒྱུ་ཡིན་སྐོར་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༡ ཚེས་ ༢༨ ཉིན་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བརྒྱད་པའི་ཚོགས་འདུ་ཐེངས་དྲུག་པ་ཟེར་བ་ཚོགས་པའི་སྟེང་། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲིན་ཆོན་ཀའོ་ཡིས་བོད་ནང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགན་ལེན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་མཉམ་དུ་བཀོད་སྒྲིག་དང་མཉམ་དུ་དོན་འཁྱོལ། མཉམ་དུ་ཞིབ་བཤེར། མཉམ་དུ་དཔྱད་ཞིབ་བཅས་ཐུབ་པ་བྱེད་དགོས་ཞེས་བཀའ་བསྒྲགས་ཡོད་པ་རེད།

འཇར་མན་ནང་རྟེན་གཞི་བྱས་ཡོད་པའི་ (Transparency International)ཟེར་བའི་ཚོགས་པ་དེས་ལོ་ལྟར་འཛམ་གླིང་རྒྱལ་ཁབ་ཁག་གི་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཅི་ཙམ་བྱུང་ཡོད་པའི་སྐོར་ལ་ཞིབ་འཇུག་སྙན་ཐོ་འདོན་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ཕྱི་ལོ་ ༢༠༡༥ ལོར་ཁྱོན་རྒྱལ་ཁབ་ཁག་ ༡༦༨ ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཅི་ཙམ་བྱུང་ཡོད་མེད་སྐོར་གྱི་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་ཨང་རིམ་བརྒྱ་ཐམ་པ་བ་ཆགས་ཡོད་པ་དང་། ལྐོག་ཟ་རུལ་སུངས་ཚབས་ཆེ་ཤོས་བྱང་ཀོ་རི་ཡ་དང་སོ་མཱ་ལི་(Somali)ཡིན་པ་དང་། ལྐོག་ཟ་རུལ་སུངས་ཉུང་ཤོས་ཀྱི་རྒྱལ་ཁབ་ཌན་མག་ཆགས་ཡོད་འདུག དེ་བཞིན། ཨ་རིའི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པ་(Freedom House)ཡི་ཕྱི་ལོ་ ༢༠༡༥ ལོའི་ལོ་འཁོར་སྙན་ཐོའི་ནང་བོད་ཀྱི་གནས་སྟངས་སྐོར་ལ་དོན་ཚན་༧ ཅན་ཞིག་ཟུར་འདོན་བྱས་པའི་ནང་དུའང་། བོད་ནི་འཛམ་གླིང་ནང་གི་དྲག་གནོན་ཆེ་བ་དང་། ལྐོག་ཟ་རུལ་སུངས་མང་བ། འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་ཡུལ་རྒྱལ་ཁབ་སྡུག་ཤོས་ཀྱི་གྲས་སུ་ཚུད་ཡོད་སྐོར་བཀོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese