མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མ་ཚིག་འབུམ་གཅིག་ལྷག་གི་སྨོན་ལམ་ཚིག་མཛོད་ཆེན་མོའི་ཐོན་རིམ་དང་པོ།

བོད་ཀྱི་དུས་བབ།
༢༠༡༦/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་གསར་དུ་ཐོན་པའི་སྨོན་ལམ་ཚིག་མཛོད་ཆེན་མོའི་ནང་བརྡ་ཆད་ ༡༠༧༡༡༣ ཡོད་འདུག བོད་པའི་རྒྱུན་སྲོལ་བརྡ་སྤྲོད་དབྱེ་བཀར་བྱེད་སྟངས་དང་ཅུང་མི་འདྲ་བར་དེང་རབས་ནུབ་ཕྱོགས་ཀྱི་བརྡ་སྤྲོད་དབྱེ་སྟངས་ལྟར། ཁ་གསལ་ལ་སྤྱོད་བདེ་བའི་སྒོ་ནས་ཚིག་མཛོད་བསྒྲིགས་ཡོད་འདུག

2
(ཉེ་ལམ་རྒྱ་གར་ལྷོ་ཕྱོགས་ནས་སྨོན་ལམ་ཚིག་མཛོད་ཆེན་མོ་དབུ་འབྱེད་སྐབས།)

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བཏོན་པའི་<<སྨོན་ལམ་ཚིག་མཛོད་ཆེན་མོ།>>ཐོན་རིམ་དང་པོ་དེ་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན། རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་གི་བླ་སྤྱིའི་འདུ་ཁང་དུ་༧གོང་ས་མཆོག་གིས་དབུ་འབྱེད་གནང་ཡོད་པ་ལྟར། དེ་རིང་འདི་གའི་གསར་འགོད་པས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་ལགས་སུ་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་རིམ་སྐོར་ལ་བཅར་འདྲི་ཞུས།

བློ་བཟང་སྨོན་ལམ་ལགས་ཀྱིས་བརྗོད་དོན། ད་བར་ང་ཚོའི་ལག་པར་ཟོན་པ་ཕལ་ཆེར་བོད་ཡིག་གི་ཚིག་མཛོད་ཆེ་ཆུང་ ༥༠  ལྷག་ཅིག་འདུག ཡིན་ནའང་ང་ཚོས་བོད་ཡིག་གི་ཐ་སྙད་སུམ་ཆ་གཉིས་བཀོད་སྤྱོད་མ་བཏང་བར་དཔེ་ཆའི་ནང་ལྷག་བསྡད་ཡོད་པ་རེད། ང་ཚོའི་ཚིག་མཛོད་གསར་རྙིང་གང་ལ་བལྟས་ཀྱང་། མང་ཆེ་བ་ཞིག་ཐ་སྙད་ལ་འགྲེལ་བཤད་བརྒྱབ་པ་ཙམ་རེད། དག་ཡིག་གསར་བསྒྲིགས་ལྟ་བུར་མཚོན་ན་ཚིག་མཛོད་ཅིག་གི་མགོ་ཙམ་བཙུགས་ཡོད་པ་ལས་རྗེས་སུ་ཡར་རྒྱས་གཏོང་ཐུབ་ཡོད་པ་མ་རེད། དེར་བརྟེན། ང་ཚོས་བོད་ཡིག་གི་ཚིག་མཛོད་ཚད་ལྡན་ཞིག་ལ་དམིགས་ཏེ་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་འཆར་འདི་བསྒྲིགས་པ་རེད། ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ་བརྗོད་དོན། ཉེ་ཆར་ང་ཚོས་སྨོན་ལམ་ཚིག་མཛོད་ཆེན་མོའི་ཐོན་རིམ་དང་པོ་དེ་བཀྲམ་པ་རེད། ཚིག་མཛོད་ཐོན་རིམ་དང་པོ་དེའི་དམིགས་བསལ་ཁྱད་ཆོས་འདྲ་བོ་དེ་དེང་རབས་ཀྱི་ཡར་ཐོན་ཅན་གྱི་ཚིག་མཛོག་ཁག་གི་འགྲོ་སྟངས་དང་། ལྷག་པར་དུ་བརྡ་སྤྲོད་ཀྱི་དབྱེ་བ་དང་བརྡ་ཆད་ཀྱི་དབྱེ་བ་སོགས་བཀར་ཡོད། དེ་ནས་བྱ་ཚིག་གི་འགྲོ་སྟངས་ཐད་ལ་ང་ཚོས་ཞིབ་འཇུག་བགྲོ་གླེང་གང་མང་བྱས་ཏེ་གཏན་འབེབས་རང་བཞིན་ཞིག་བཟོས་སྟབས། ང་ཚོའི་ཚིག་མཛོད་འདི་བྱ་ཚིག་གི་ཐད་ནས་གྲ་རྒྱས་ཤོས་དང་བྱ་ཚིག་མང་ཤོས་ཡིན་བསམ་གྱི་ཡོད། ང་ཚོའི་ཚིག་མཛོད་ནང་ལྡེ་མིག་གི་རྟགས་ཤིག་ཡོད། དེ་ལ་བསྣུན་པ་ཡིན་ན། ཐ་སྙད་དེའི་འགྲེལ་བརྗོད་ཆ་ཚང་ཞིག་བརྒྱབ་ཡོད་པ་རེད། ཡིན་ནའང་ཐོན་རིམ་དང་པོ་འདིའི་ནང་ཆ་ཚང་བ་ཞིག་ཐོན་ཐུབ་ཡོད་པ་མ་རེད། རིམ་པས་ཡར་རྒྱས་གཏོང་དགོས་པ་རེད། མདོར་བསྡུས་ན། སྔོན་མའི་ཚིག་མཛོད་ཅིག་ལ་བལྟས་ན། ད་ལྟའི་ཚིག་མཛོད་འདི་དེང་རབས་ཀྱི་ཚིག་མཛོད་འདྲ་བོ་ཞིག་ཆགས་ཡོད། བཏགས་ནོར་དང་ཡིག་ནོར་སོགས་མང་པོ་ཡོད་སྲིད་པ་རེད། ང་ཚོའི་ཚིག་མཛོད་མ་ལག་སྟེང་ཟུར་མཆན་འགོད་ས་ཞིག་བཟོས་ཡོད། ཡིག་ནོར་བཏགས་ནོར་ག་རེ་ཡོད་ཀྱང་སྤྱོད་པ་པོ་ཚོས་གསལ་འདེབས་གནང་ན་ང་ཚོས་ཡར་རྒྱས་སུ་གཏོང་གི་རེད། ཅེས་ངོ་སྤྲོད་གནང་བྱུང་།

ཁོང་གིས་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞིའི་ནང་གི་དཀའ་ངལ་སྐོར་བརྗོད་དོན། སྤྱིར་བཏང་དེ་འདྲའི་ཚིག་མཛོད་ཆེན་མོ་ཞིག་སྒྲིག་པར་མི་བཅུ་གྲངས་ཤིག་གིས་ལོ་བརྒྱ་ལྷག་ལ་བསྒྲིགས་ཀྱང་ཚར་ཐུབ་པ་ཞིག་མིན་ནའང་ང་ཚོས་ཆོས་ལུགས་གྲུབ་མཐའ་ཁག་ལ་འབྲེལ་བ་ཞུས་ཏེ། ད་སྔ་ཚིག་མཛོད་རྩོམ་སྒྲིག་ཡན་ལག་ ༢༡ ཙམ་བཙུགས་ཟིན་ལ། ཉེ་ཆར་རང་ལ་ཡན་ལག་གསུམ་གསར་དུ་བཙུགས་ཏེ་ད་ཆར་བསྡོམས་པའི་ཚིག་མཛོད་རྩོམ་སྒྲིག་པ་ ༡༣༠ ལྷག་ཡོད། ཚིག་མཛོད་གསར་བ་འདིའི་ནང་གི་ཐ་སྙད་ཁྲི་ ༩ ལྷག་ང་ཚོས་བསྒྲིགས་ཡིན། ཐ་སྙད་ཁྲི་ ༢ ལྷག་ཆོས་བརྒྱུད་ཁག་ནས་ཡོང་ཡོད་ཀྱང་། དེའི་ཁྲོད་དུ་ཕྱོགས་གཉིས་ཀྱིས་བསྒྲགས་པའི་ཐ་སྙད་གཅིག་པ་ཁྲི་ ༡ ལྷག་འདུག

ང་ཚོའི་དཀའ་ངལ་དང་པོ་དེ་ཚིག་མཛོད་ཀྱི་སྒྲོམ་གཞི་བཟོ་རྒྱུ་དེ་རེད། དེའི་སྒང་ལ་ང་ཚོས་བོད་ཕྱི་ནང་གི་མཁས་པ་མང་པོར་འབྲེལ་བ་བྱས་ཏེ་ཞིབ་འཇུག་བགྲོ་གླེང་མང་པོ་བྱས་ནས་དཀའ་ལས་མང་པོ་བརྒྱབ་སྟེ། ད་ལྟ་ཚིག་མཛོད་རིག་པའི་གཞུང་ལུགས་ཟེར་ན་རེད། ཚིག་མཛོད་ཆེན་མོ་སྒྲིག་སྟངས་ཀྱི་སྒྲོམ་གཞི་ཞིག་བཟོ་བཞིན་ཡོད། དཀའ་ངལ་གཉིས་པ་དེ་ཐ་སྙད་ཀྱི་འགྲེལ་བཤད་ཚད་ལྡན་ཞིག་ཡོང་ཐབས་སུ་ཞིབ་འཇུག་གཏན་འབེབས་ཡང་དག་ཅིག་བྱ་རྒྱུ་དེ་རེད།

ད་ཆར་ང་ཚོས་ལོ་དགུའི་ལས་འཆར་གྱི་སུམ་ཚན་དང་པོ་ཚར་བ་རེད། སུམ་ཚན་གཉིས་པ་ད་ལྟ་འགྲོ་བཞིན་ཡོད་པ་དང་། སུམ་ཚན་གསུམ་པ་གྲུབ་རྗེས། <<སྨོན་ལམ་ཚིག་མཛོད་ཆེན་མོའི་>>རྩ་བའི་ལས་འཆར་མཚམས་འཇོག་གི་རེད། ཡིན་ནའང་ཚིག་མཛོད་མུ་མཐུད་ཡར་རྒྱས་གཏང་སྟེ། ལོ་རྒྱུས་ཀྱི་ཚིག་མཛོད་དང་གསོ་རིག་གི་ཚིག་མཛོད། རྩིས་ཀྱི་ཚིག་མཛོད་ཅེས་ཚིག་མཛོད་ཀྱི་དབྱེ་བ་བཀར་ནས་དཔར་འགྲེམ་བྱ་རྒྱུ་ཡིན། དེ་ལྟར་བྱས་ན་ཧ་ལམ་ཚིག་མཛོད་དེབ་ཕྲང་བཞི་བཅུ་ལྔ་བཅུ་ཟིན་གྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

1གསར་འགོད་པས་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་དང་པོ་ཕབ་ལེན་བྱེད་སྟངས་ག་འདྲ་ཡིན་སྐོར་དྲིས་པར་ཁོང་གིས། ཕབ་ལེན་བྱེད་སྟངས་གཙོ་བོ་ཀུ་ཤུ་རྟགས་ཅན་ (ios) གྱི་ (iphone) དང་ (ipad)། (imac)། དེ་བཞིན་ (XP window) སོགས་ཡིན་ན་ཐད་ཀར་ཕབ་ལེན་ནང་འཇུག་བྱེད་ཐུབ་པ་རེད། ཡིན་ནའང་ད་སྔ་ (android) རྟགས་ཅན་གྱི་མཉེན་ཆས་ནང་ཕབ་ལེན་ནང་འཇུག་ད་དུང་ཚར་ཡོད་པ་མ་རེད། དྲ་ཚིག་སྟེང་སྨོན་ལམ་ཚིག་མཛོད་ཁ་དོག་སྔོན་པོ་ཅན་ཞིག་དང་ཁ་དོག་སེར་པོ་ཅན་ཞིག་བཅས་རིགས་གཉིས་ཡོད་སྟབས། མང་པོ་ཞིག་དེ་གཉིས་ནོར་གྱི་ཡོད་ས་རེད། ཁ་དོག་སྔོན་པོ་ཅན་དེ་སྔོན་མའི་<<སྨོན་ལམ་ཚིག་མཛོད་>>རྙིང་པ་དེ་རེད། ཁ་དོག་སེར་པོ་ཅན་དེ་སྨོན་ལམ་ཚིག་མཛོད་ཆེན་མོ་རེད། སྨོན་ལམ་ཚིག་མཛོད་རྙིང་པ་དེ་སོ་སོའི་གློག་ཀླད་ནང་ཡོད་ན་གསུབ་དགོས་པ་མ་རེད། བོད་དབྱིན་ཕན་ཚུན་ལྟ་དགོས་ན་སྨོན་ལམ་ཚིག་མཛོད་རྙིང་པ་དེ་ཡག་པོ་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་ལ་ལས་འཆར་གསར་བ་ག་རེ་ཡོད་མེད་དྲིས་པར་ཁོང་གིས། སྤྱིར་ང་ཚོར་ལས་གཞི་གསར་བ་མང་པོ་ཞིག་ཡོད། དཔེར་ན། ད་ལྟ་འདི་གར་ལས་ཀ་ལས་མཁན་མི་ ༡༤ ཙམ་ཡོད་པ་དང་། ཚིག་མཛོད་སྒང་ལ་ལས་ཀ་བྱེད་མཁན་ང་ཚོ་མི་ ༡༡ ཡོད། གཞན། དཔེ་མཛོད་ཀྱི་འཛིན་སྐྱོང་གི་མཉེན་ཆས་དེ་འདྲ་ཞིག་ད་ལྟ་ང་ཚོས་བཟོ་བཞིན་ཡོད། ཡི་གེ་ཞུ་དག་གཏོང་བྱེད་ཀྱི་མཉེན་ཆས་ཤིག་བཟོས་ཏེ་ད་ལྟ་གང་ལ་གང་ཞུ་དག་གཏོང་ཐུབ་ཀྱི་འདུག དེ་བཞིན། ཚོང་ལས་དང་འབྲེལ་བའི་མཉེན་ཆས་ཁག་ཅིག་བཟོ་འཆར་ཡོད། དཔེར་ན། ཚོང་ཁང་གི་འཛིན་སྐྱོང་དང་། ཟ་ཁང་དང་མགྲོན་ཁང་། འགྲིམ་འགྲུལ་སོགས་ལ་བེད་སྤྱོད་གཏོང་ཐུབ་པ་དེ་འདྲ་ཞིག་རེད། རྒྱལ་སྤྱིའི་སྒང་གི་སྐད་བརྡ་རིག་པ་དང་ཞིབ་འཇུག་པ་ཚོས་ཁྲོམ་རའི་ནང་ལོགས་ལ་སྐད་ཡིག་བཀོལ་སྤྱོད་མེད་པ་དེ་སྐད་ཡིག་དེ་ཉམས་ཆག་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། དེར་བརྟེན་ང་ཚོས་བོད་པའི་སྐད་ཡིག་འདི་ཁྲོམ་རྭ་ཅན་དུ་བསྒྱུར་ཐབས་ཐོག་ཤུགས་འདྲ་བོ་རྒྱག་གི་ཡོད། གཞན། ཐའེ་ཝན་བོད་ཀྱི་ནངས་བསྟན་ཞིབ་འཇུག་ཚོགས་པ་དང་ང་ཚོ་མཉམ་འབྲེལ་གྱིས་རྒྱ་བོད་ཚིག་མཛོད་ཅིག་ཀྱང་སྒྲིག་བཞིན་ཡོད། ཅེས་བརྗོད་བྱུང་།

སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་དང་པོའི་ནང་བརྡ་སྤྲོད་དབྱེ་སྟངས་ཐད། མིང་ཚིག་ ༩༧༨༦༣ དང་། བྱ་ཚིག་ ༢༧༧༦། རྒྱན་ཚིག་ ༤༠༠༣། བསྣན་ཚིག་ ༥༨༨། སྒྲུབ་ཚིག་ ༩༡། ཚབ་ཚིག་ ༡༩༡། ཕྲད་ཚིག་ ༢༣༠། འབོད་ཚིག་ ༡༡༨། གྲངས་ཚིག་ ༣༥༦། འཇལ་ཚིག་ ༤༨། གྲོགས་ཚིག་ ༩༥། མཚུངས་ཚིག་ ༩༨ ཅེས་ཁྱོན་ཐ་སྙད་ཆིག་འབུམ་བདུན་སྟོང་བརྒྱ་དང་བཅུ་གསུམ་ལས་གྲུབ་འདུག

རིག་ཚན་མ་འདྲ་བའི་བརྡ་ཆད་ཀྱི་དབྱེ་སྟངས་ཐད། ཆོས་ལུགས་ཀྱི་བརྡ་ཆད་ ༢༢༦༦༤ དང་། ཚད་མ་རིག་པའི་བརྡ་ཆད་ ༡༣༤༥། གསོ་རིག་གི་བརྡ་ཆད་ ༡༤༣༡། ལོ་རྒྱུས་ཀྱི་བརྡ་ཆད་ ༧༧༧། སྒྲ་རིག་པའི་བརྡ་ཆད་ ༦༤༠། ཚན་རིག་གི་བརྡ་ཆད་ ༡༣། ཁྲིམས་ལུགས་ཀྱི་བརྡ་ཆད་ ༡༤༣། དམག་དོན་གྱི་བརྡ་ཆད་ ༦༡། རྩོམ་རིག་གི་བརྡ་ཆད་ ༧༠༦། ལྟ་གྲུབ་ཀྱི་བརྡ་ཆད་ ༧༣༦། རྩིས་རིག་གི་བརྡ་ཆད་ ༡༨༧༠། ཆབ་སྲིད་ཀྱི་བརྡ་ཆད་ ༡༦། བཟོ་རིག་གི་བརྡ་ཆད་ ༢༢། དཔལ་འབྱོར་གྱི་བརྡ་ཆད་ ༢༡། འཛིན་སྐྱོང་གི་བརྡ་ཆད་ ༩༦ བཅས་འདུག

སྤྱོད་སྒོ་ངོས་འཛིན་ཐད་ནས་མངོན་བརྗོད་ ༢༦༨༡ དང་། ཡུལ་སྐད་ ༧༥༦། ཞེ་ས་ ༤༨༥། བརྡ་རྙིང་ ༡༣༠༤། དཔེ་ཆོས་ ༩༤༧། ལོག་སྐད་ ༥ བཅས་འདུག བརྡ་ཆད་ཀྱི་འབྱུང་ཁུངས་དབྱེ་སྟངས་ཐད། རྒྱ་གར་གྱི་བརྡ་ཆད་ ༡༣༡༩༢ དང་། རྒྱ་ནག་གི་བརྡ་ཆད་ ༡༦༢། སོག་པོའི་བརྡ་ཆད་ ༣༥། མན་ཇུའི་བརྡ་ཆད་ ༢། བལ་བོའི་བརྡ་ཆད་ ༣། ཟུར་ཆག་བརྡ་ཆད་ ༡༢༦ བཅས་འདུག

སྤྱིར་འཛམ་གླིང་གི་ཚིག་མཛོད་རིག་པའི་འཕེལ་རིམ་ལྟར་ན། ཤེས་བྱ་ཀུན་འདུས་ (Wikipedia) ནང་འཁོད་པ་ལྟར། ཕྱི་ལོའི་སྔོན་གྱི་ལོ་ ༢༣༠༠ ཙམ་ནས་བཟོས་པའི་རྡོ་བརྐོས་ཚིག་མཛོད་སྐད་གཉིས་ཤན་སྦྱར་མ་དེ་སི་རི་ཡ་ (Syria) ནས་ཐོན་པ་དང་། དུས་རབས་བཞི་བའི་ནང་བསྒྲིག་པའི་ལེག་སྦྱར་གྱི་ཚིག་མཛོད་(ཨམྲཀོཤ་འམ་)འཆི་མེད་མཛོད་གཉིས་རྩོད་མེད་ཡོངས་གྲགས་ཡིན་པ་ལས། ཕྱི་ལོའི་གོང་གི་དུས་རབས་གསུམ་པར་རྒྱ་སྐད་ནང་བྲིས་པའི་ (Erya) ཚིག་མཛོད་ཡིན་མིན་རྩོད་གཞི་ཆགས་ཡོད་པ་རེད། སྔོན་བྱོན་ལོ་པཎ་རྣམ་པའི་སྐུ་དྲན་ལ་བརྟེན་ནས། འཛམ་གླིང་ནང་གི་ཚིག་མཛོད་སྔ་ཤོས་ཨང་གསུམ་པ་དེ་རང་རེ་བོད་འདི་ཆགས་ཡོད་པ་དང་། དེ་ཡང་ཕྱི་ལོའི་དུས་རབས་བརྒྱད་པའི་ནང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་བེེ་རོ་ཙ་ནས་<<སྨན་གྱི་ཚིག་མཛོད་མིང་དོན་བརྡ་སྤྲོད་ལྔ་བ་>>ཞེས་པ་དེ་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

མཆན། 3

  1. Jangchupt says:
    ལོ་ 11 སྔོན།

    ལེགས་སོ

    Reply
  2. དུག་ནག says:
    ལོ་ 11 སྔོན།

    སྐད་ཡིག་སྐོར་གྱི་ནུས་པ་ལྡན་པའི་ཕྱག་ལས་གནང་ཐུབ་མཁན་དེ་ཁྱེད་ཅག་དང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་རེད། ངའི་རེ་བ་ལ། རང་རེའི་སྐད་ཡིག་དེ་ཨིན་སྐད་སོགས་ལས་ཧ་ཅང་སྦྱོང་དཀའ་བ་དང་ལོ་མང་པོར་སྦྱངས་རུང་གཏོང་ཡིག་འབྲི་རྒྱུའང་དཀའ་ངན་ཅན་ཞིག་ཆགས་པ་ནི་དངོས་ཡོད་ཡིན་ལ། སྤྱི་ཚོགས་སུ་མིག་མཐོང་ལག་ཟིན་གྱི་གནད་དོན་འདི་གསལ་པོ་མཐོང་རྒྱུ་ཡོད། དེར་བརྟེན། ཁྱེད་ཅག་གིས་ཨིན་སྐད་སོགས་ལ་ཞིབ་འཇུག་གིས་ངེད་ཅག་བོད་ཡིག་གི་བརྡ་སྤྲོད་ཞིབ་ཚགས་ཤིག་བཟོ་རྒྱུ་ཁ་ཚ་དགོས་གཏུགས་སུ་གྱུར་འདུག སློབ་དཀའ་བའི་རྐྱེན་གྱིས་ཉིན་པར་བེད་སྤྱོད་གཏོང་མཁན་མེད་པར་ལྷག་ན་སྐད་ཡིག་འཐུས་ཤོར་འགྲོ་རྒྱུ་ནི་བཤད་མི་དགོས། ད་སྐབས་གང་ལས་ཀྱང་སྐད་ཡིག་ཐད་བརྡ་སྤྲོད་ཞིབ་ཚགས་བཟོ་རྒྱུ་འདི་དགོས་མཁོ་གྱུར་འདུག

    Reply
  3. ཤག་སྒང་པ་སངས་ཚེ་རིང་། says:
    ལོ་ 11 སྔོན།

    ཤིན་ཏུ་ལེགས། ཐུགས་རྗེ་ཆེ། རྟག་ཏུ་གུས་བརྩི་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese