མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས་གསལ་བསྒྲགས།

བོད་ཀྱི་དུས་བབ།
༢༠༡༦/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་དབུས་འོས་བསྡུ་ལས་ཁང་ནས་བཀའ་ཤག་སྐབས་ ༡༥ པ་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་དམིགས་རྣམ་གསལ་བསྒྲཊ་གནང་བ་དང་འབྲེལ། དོ་བདག་འོས་མི་དང་འོས་འཕེན་པས་ཐུགས་སྣང་དགོས་པའི་དོན་ཚན་ཁག་ཅིག་བསྒྲགས་གནང་སོང་།

DSC_6091དེ་རིང་སྔ་དྲོའི་ཆུ་ཚུད་ ༡༠།༣༠ ཐོག་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་ནས་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་ཀྱི་དངོས་གཞིའི་འོས་དམིགས་གཉིས་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་དབུས་གཙང་ཆོལ་ཁའི་དངོས་གཞིའི་འོས་དམིགས་དང་བླངས་བ་གཅིག་བཅས་འོས་དམིགས་ ༢༡ དང་། མདོ་སྟོད་སྨད་གཉིས་ལ་འོས་དམིགས་ ༢༠ རེ། དེ་བཞིན་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན། ཡུ་རོབ་དང་ཨ་ཧྥེ་རི་ཁ་ཁུལ་བཅས་ནས་འོས་དམིགས་ ༤ རེ། ལྷོ་བྱང་ཨ་རི་ནས་དང་བླངས་འོས་དམིགས་གཉིས་བཅས་འོས་དམིགས་ ༦། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤ་ཡ་དང་ཨོ་སི་ཊོ་ལི་ཡ་ཁུལ་ནས་དང་བླངས་འོས་དམིགས་གཅིག་བཅས་དངོས་གཞིའི་འོས་དམིགས་ ༣ གཏན་འབེབས་གནང་བ་གསལ་བསྒྲགས་གནང་སོང་།

དེ་ཡང་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་སྲིད་སྤྱི་གཉིས་ཀྱི་འོས་གཞི་རྣམ་པས་ཐུགས་སྣང་དགོས་པའི་གནད་དོན་ཁག་ཅིག་ཡིག་ཐོག་ནས་སྒྲོག་སྦྱངས་གནང་བའི་ནང་།

༡༽ འོས་སྒྲིག་སྤྱི་དང་ལྷག་པར་དོན་ཚན་ ༢༤ ནང་གསེས་ཁག་དང་དེ་འབྲེལ་ལམ་སྟོན་ཁག་ལ་ཐུགས་སྣང་ངེས་པར་གནང་དགོས།

༢༽ དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་གོང་དུ་ས་གནས་སོ་སོའི་འོས་བསྡུ་ལས་ཁང་ལ་རྩིས་སྙན་འབུལ་དགོས་རིགས། ཀ ལམ་སྟོན་སྔོན་སོང་ལྟར་འོས་མི་སྒེར་སོ་སོ་དང་། སྤྱི་སྒེར་སུའི་ཐད་ནས་འོས་གཞི་དམིགས་འཛུགས་ཀྱིས་སྔོན་འགྲོ་དང་དངོས་གཞི་གཉིས་ཀའི་ཐད་རྒྱབ་སྐྱོར་གསལ་བསྒྲགས་སོགས་ཀྱི་ཆེད་འགྲོ་གྲོན་ཇི་སོང་དོ་བདག་འོས་མིའི་རྩིས་ཁྲའི་ཁོངས་སུ་བསྡོམས་ཏེ་འགྲོ་གྲོན་གང་སོང་གི་རྩིས་ཁྲ་མཐའ་དག་ཁུངས་སོ་སོའི་ས་གནས་འོས་བསྡུ་ལས་ཁང་ལ་འབུལ་དགོས།

ཁ། འོས་མིར་དམིགས་འཛུགས་ཀྱིས་རྒྱབ་སྐྱོར་གསལ་བསྒྲགས་གནང་མཁན་གཞུང་འབྲེལ་ངོས་ལེན་ཡོད་པའི་ཚོགས་པ་ཚང་མས་ཀྱང་འོས་སྔོན་འགྲོ་དང་དངོས་གཞི་གཉིས་ཀའི་འགྲོ་གྲོན་གང་སོང་གི་རྩིས་ཁྲ་མཐའ་དག་ས་གནས་སོ་སོའི་འོས་བསྡུ་ལས་ཁང་དུ་ངེས་འབུལ་དགོས་པ་ཡིན།

ག འོས་གཞིའི་སྐྱེ་བོ་སུ་རང་ལ་དོ་བདག་རང་ཉིད་ནས་དང་། ཚོགས་སྡེ་སུ་ཐད་ནས་འོས་བསྡུའི་དྲིལ་བསྒྲགས་སོགས་ཀྱི་ཆེད་འགྲོ་གྲོན་རྩ་ནས་བཏང་མེད་ཚེ་དེ་འབྲེལ་གྱི་གནས་ཚུལ་ས་གནས་འོས་བསྡུ་ལས་ཁང་ལ་ཡིག་ཐོག་ནས་སྙན་འབུལ་ཞུ་དགོས།

ང་། སྔོན་ཞུས་ལྟར་འོས་གཞི་སོ་སོ་ནས་རང་ཉིད་ལ་རྒྱབ་སྐྱོར་གསལ་བསྒྲགས་བྱེད་འཐུས་ཆོག་པའི་ཚོགས་སྡེ་དང་མི་སྒེར་སུ་ལ་ཆོག་མཆན་གནང་བའི་ངོ་བཤུས་འོས་མི་ཡོང་ཁུངས་སོ་སོའི་ས་གནས་འོས་བསྡུ་ལས་ཁང་ལ་ངེས་འབུལ་དགོས་པ་ཡིན་བཅས་བཀོད་འདུག

ཡང་འོས་འཕེན་མཁན་ཡོངས་ནས་ཐུགས་སྣང་དགོས་པའི་དོན་ཚན་ ༦ བསྒྲགས་པའི་ནང་།

༡༽ ཉེ་སྔོན་འོས་སྔོན་འགྲོའི་སྐབས་སུ་དེབ་སྐྱེལ་མེད་པ་དང་ཆ་ཤས་ལེན་ཐུབ་མེད་པ་ཡོད་ན་དངོས་གཞིའི་སྐབས་སུ་ཆ་ཤས་ལེན་ཐུབ་པ་གནང་རོགས།

༢༽ འོས་བསྡུ་དངོས་གཞིའི་སྐབས་འདི་ནས་འགྲེམས་སྤེལ་ཞུས་པའི་འོས་ཤོག་ནང་ཆོལ་ཁ་ཡིན་ན་འོས་མི་ཉི་ཤུ་རེ་དང་། དེའི་སྟེང་དང་བླངས་བསྣན་ཡོད་པ་བཅས་ཀྱི་ནང་ནས་ཁྱོན་འོས་མི་ ༡༠ ཡི་མཚན་དང་མཚོན་རྟགས་གང་རུང་གི་སྟེང་དུ་འོས་རྟགས་རྒྱག་དགོས་པ་ལས་བཅུ་ལས་བརྒལ་མི་ཆོག ཕོ་མོ་ཁྱད་མེད་བཅུ་རེའི་ནང་དུ་བུད་མེད་གཉིས་ལ་ངེས་པར་འོས་འཕེན་དགོས་པ་སྔོན་འགྲོ་དང་གཅིག་མཚུངས་ཡིན།

༣༽ ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པ་དང་། དེ་བཞིན་ལྷོ་བྱང་ཨ་རི། ཡུ་རོབ་དང་ལྷོ་ཨ་ཧྥེ་རི་ཁ་ཁུལ་བཅས་ཀྱི་འོས་མི་བཞི་རེ་དང་། དེའི་སྟེང་དང་བླངས་བསྣན་ཡོད་པ་བཅས་ཀྱི་ནང་ནས་འོས་མི་གཉིས་ཀྱི་མཚན་དང་མཚོན་རྟགས་གང་རུང་སྟེང་དུ་འོས་རྟགས་རྒྱག་དགོས། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤ་ཡ་དང་ཨོ་སི་ཊོ་ལི་ཡའི་ཁུལ་དུ་འོས་མི་གཉིས་ཀྱི་སྟེང་དང་བླངས་བསྣན་ཡོད་པ་བཅས་ཀྱི་ནང་ནས་འོས་མི་གཅིག་གི་མཚན་དང་མཚོན་རྟགས་གང་རུང་གི་སྟེང་དུ་འོས་རྟགས་རྒྱག་དགོས།

༤༽ དངོས་གཞིའི་འོས་བསྡུའི་སྐབས་ལོང་བ་དང་ལག་པ་གཉིས་ཀ་མེད་པའམ་སྐྱོན་ཅན་ལ་མ་གཏོགས་ཡིག་རྨོངས་ཅན་གྱིས་འོས་བསྡུའི་སྤྱིལ་བུའི་ནང་རོགས་རམ་བྱེད་མི་མཉམ་འཁྲིད་མི་ཆོག

༥༽ འོས་སྒྲིག་དོན་ཚན་ ༣༤ ནང་གསེས་ ༢ ཀ་པའི་དགོངས་དོན་ལྟར་རིགས་འགྲེས་ཀྱིས་སོ་སོས་སུ་ལ་འོས་འཕངས་པའི་འོས་ཤོག་པར་བརྒྱབ་སྟེ་ངོ་དེབ་སོགས་དྲ་ལམ་ཁག་ཏུ་ཁྱབ་སྤེལ་བྱེད་པ་དང་། དོ་བདག་འོས་མི་ལ་དྲ་ལམ་ནས་བསྐུར་བ་སོགས་དབུས་སའི་འོས་བསྡུ་ལས་ཁང་སུའི་ཐད་ནས་ཤེས་རྟོགས་བྱུང་ཚེ་འོས་ཤོག་རྩིས་མེད་གཏོང་རྒྱུ་ཡིན།

༦༽ དེ་རིང་འདི་ནས་གསལ་བསྒྲགས་བྱས་པའི་སྲིད་སྤྱི་གཉིས་ཀྱི་འོས་དངོས་གཞི་འདིའི་ནང་ནས་མ་འོངས་པའི་མགོ་ཁྲིད་འོས་འདེམས་བྱེད་དགོས་སྟབས། དོན་དངོས་འོས་ཆོས་མ་ཚང་བའི་བདེན་དཔང་དངོས་ར་འཕྲོད་པ་ཡོད་ན་མ་གཏོགས། རང་གི་འདོད་དབང་ཙམ་གྱི་དབང་དུ་བཏང་ནས་ཁག་དཀྲི་འདྲ་མིན་གྱིས་གཞི་མེད་བསྙོན་འཛུགས་དང་། ཆིག་བསྒྲིལ་གཏོར་བཤིག་དགྲ་དགའ་གཉེན་སྡུག་སོགས་ཀྱི་གཞི་རུ་མ་འགྱུར་བའི་ཁུངས་མེད་འཆལ་གཏམ་རིགས་དྲ་ལམ་སོགས་བརྒྱུད་ལམ་ཁག་ཏུ་མི་སྤེལ་བའི་རེ་སྐུལ་ནན་མོ་ཞུ་རྒྱུ་ཡིན་ཞེས་བཀོད་འདུག
གསར་འགོད་པ་པདྨ་མཚོ།
2-Nyingma 3-Kagyupa 4-sakya 5-gelekpa 6-Yongdongbon 7-utsang 8-Dotoe 9-domey 10-USA 11-Europe

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese