མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟོང་ལ་ཉེ་བའི་ཡུལ་ཤུལ་ཡོང་ཤུལ་དགོན་པ།

བོད་ཀྱི་དུས་བབ།
༢༠༡༦/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཡུལ་ཤུལ་ཡོང་ཤུལ་དགོན་པར་དེ་སྔ་སློབ་གཉེར་བ་སྐྱ་སེར་ ༢༠༠ ལྷག་ཡོད་ཀྱང་སྲིད་གཞུང་གིས་སྒྲིག་ཁྲིམས་འདྲ་མིན་བཟོས་ཤིང་སློབ་གཉེར་བ་དང་ནང་མི་སོགས་ལ་སུན་གཙེར་ཡང་ཡང་བྱས་ཏེ་ད་ཆར་སློབ་གཉེར་བ་ ༡༢ ལས་ལྷག་མི་འདུག་ཟེར།

tibettimes

ལོ་ཤས་སྔོན་ནས་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་བསྡོམ་མདའ་ཤང་སྐར་ཆེན་རུ་ཁག་དུ་ཡོད་པའི་ཡོང་ཤུལ་དགོན་པའི་ནང་གྲྭ་བ་དང་བླ་མ་ ༢༠༠ ལྷག་ཡོད་པ་དང་དགོན་བདག་སྤྲུལ་སྐུ་ཀརྨ་ཆོས་འཕེལ་གཙོས་བའི་བླ་གྲྭ་ཡོངས་ནས་ལོ་རེར་ས་གནས་དེར་ཡོད་པའི་འབྲོག་པ་ཉམས་ཐག་ཚོའི་བུ་ཕྲུག་ལ་རིན་མེད་སློབ་ཁྲིད་དང་། བོད་སྐད་གཙང་མའི་ཚོགས་པ་ཞིག་གསར་འཛུགས་གནང་སྟེ། ས་གནས་དེར་ཡོད་པའི་འབྲོག་པའི་བུ་ཕྲུག་རྣམས་གུང་གསེང་སྐབས་རིན་མེད་ཐོག་བོད་ཡིག་སློབ་ཀྱིན་ཡོད་འདུག

༢༠༡༡ ཡས་མས་ཞིག་ནས་སྤྲུལ་སྐུ་ཀརྨ་ཆོས་འཕེལ་མཆོག་ལ་ཁྲི་འདུ་རྫོང་ཆོས་ལུག་དོ་དམ་ཅུའུ་ཡིས་ཐེངས་གཉིས་ལ་སྐད་བཏང་སྟེ། ཚོགས་པ་འདྲ་མིན་འཛུགས་པ་དང་གྲྭ་བ་མ་ཡིན་པའི་བྱིས་པ་མང་པོ་དགོན་ནང་དུ་ཉར་མི་མཆོག་པའི་ཉེན་བརྡ་ཞིག་བཏང་ཡོད་སྟབས། ས་གནས་མི་མང་ལ་ཆོས་དད་རང་དབང་དང་རང་སྐད་རང་བདག་གི་ཐོབ་ཐང་ཡོད་སྐོར་གོང་རིམ་ལ་ཞུ་གཏུག་བྱས་ཡོད་འདུག

༢༠༡༣ ཟླ་ ༢ པའི་ནང་ནས་དགོན་པ་དེར་ཆ་རྐྱེན་སྐྱོ་བའི་འབྲོག་པའི་བུ་ཕྲུག་ ༨༠ ཙམ་སློབ་གྲྭའི་གུང་གསེང་སྐབས་སློབ་ཁྲིད་བྱེད་སའི་ལྟེ་གནས་ཞིག་དུ་འགྱུར་ཡོད་ཅིང་། ཡུལ་མི་ཚོའི་སོ་སོའི་བུ་ཕྲུག་དགོན་ནང་དུ་སློབ་གྲྭར་བསྐྱལ་ཞོར་དུ་དགོན་པ་དང་ལྷ་ཁང་ཁ་ཤས་ཉམས་གསོ་བྱས་ཡོད་པ་དང་། མང་ཚོགས་ནང་དུའང་ཕྱག་འཚལ་སྐོར་སྦྱོང་དང་། ཁ་འདོན། བསངས་གསོལ་དར་འཛུགས་སོགས་སྔོན་དང་མ་འདྲ་བའི་ཡར་རྒྱས་ཀྱི་རྣམ་པ་ཧ་ཅང་བྱུང་ཡོད་པ་རེད་།

image3༢༠༡༤ ལོ་མགོ་ནས་ཡུ་ཤུལ་ཁུལ་དང་ཁྲི་འདུ་རྫོང་ཆོས་ལུགས་དོ་དམ་ཨུ་ཡོན་ལྷན་ཁང་གི་མི་སྣ་འགའ་ཡོང་སྟེ། དགོན་ནང་དུ་འབྲོག་པའི་བུ་ཕྲུག་ཚོར་སློབ་སྦྱོང་སྤྲོད་མི་ཆོག་པའི་བཙན་བཀའ་བཏང་ཞིང་། ཉམས་ཐག་སློབ་ཕྲུག་ཚོའི་སྡོད་ཁང་དག་ཀྱང་གཏོར་ཤིག་བཏང་སྟེ། གྲྭ་བཙུན་སུ་ཞིག་དགོན་པར་ཆོས་ཞུགས་བྱེད་པར་རང་ལོ་ ༡༨ ཧྲིལ་བོ་ལོན་དགོས་པ་མ་ཟད། ཕ་མའི་འགན་ལེན་འོག་རྒྱལ་ཁབ་ལ་དགའ་ཞེན་དང་། རྫོང་སྤྱི་བདེ་ལས་ཁུངས་ཀྱི་དགག་བྱ་མེད་པའི་ཆོག་མཆན་ཡིག་ཆ། རང་ཉིད་དང་། ཁྱིམ་ཚང་ཕ་མ་བཅས་ཀྱི་དེ་སྔའི་ལོ་རྒྱུས་ནང་ཆབ་སྲིད་གནད་དོན་མེད་པ། རང་ཉིད་སྐྱེས་པའི་ས་གནས་ལས་ཁུངས་ཀྱི་ཡིག་ཆ་སོགས་དགོས་ལུགས་བརྗོད་དེ་སློབ་ཉེར་གནང་མཁན་ཚོར་སུན་གཙེར་བཟོས་ཡོད་འདུག

དགོན་པ་དེར་ཆབ་སྲིད་སློབ་གསོའི་ལས་དོན་ཚོགས་ཆུང་དང་། དགོན་པའི་སྤྱི་བདེ་མངགས་གཏོང་ཁང་ཟེར་བ་སོགས་བཙུགས་ཏེ། གྲྭ་བཙུན་རྣམས་ལ་རྒྱ་དམར་གྱི་ཆབ་སྲིད་དང་ཁྲིམས་ལུགས་སློབ་གསོ་སྤེལ་ཏེ། གྲྭ་བཙུན་ཡོངས་ཀྱིས་སེམས་ཐག་གཙང་བཅད་ཀྱིས་ཏྭ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་བོ་གཅོད་དགོས་ཚུལ་སོགས་བརྗོད་པར་བརྟེན་ཏེ། ད་ཆར་དགོན་པར་གྲྭ་བ་ ༡༢ ལས་མེད་པར་དགོན་པ་འཐོར་ལ་ཉེ་བ་ཆགས་ཡོད་འདུག

སྦེལ་ཀོབ་ས་གནས་གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese