མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གདན་ཞུ་མི་ཆོག་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཚོར་འཕྲིན་ཡིག་བཏང་སྟེ་༧གོང་ས་མཆོག་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་རྒྱལ་སྤྱིའི་འཕེལ་རྒྱས་ཞིབ་འཇུག་སློབ་གཉེར་ཁང་དུ་གདན་ཞུ་མི་ཆོག་ཚུལ་བཤད་འདུག

རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཚོ་དང་ཕྱི་འབྲེལ་མི་སྣ་ཚོར་ཡི་གེ་བཏང་སྟེ། དེ་རིང་རེས་གཟའ་པ་སངས་ཉིན་༧གོང་ས་མཆོག་ཡུ་རོབ་སིད་སུའི་གྲོང་ཁྱེར་ཇི་ནི་ཝ་རྒྱལ་སྤྱིའི་འཕེལ་རྒྱས་ཞིབ་འཇུག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་གནང་རྒྱུའི་མཛད་རིམ་དེ་བཀག་སྡོམ་དང་ཕྱིར་འཐེན་དགོས་ལུགས་བཤད་འདུག

ཡི་གེ་དེའི་ནང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ཇི་ནི་ཝ་རྒྱལ་སྤྱིའི་འཕེལ་རྒྱས་ཞིབ་འཇུག་སློབ་གཉེར་ཁང་དུ་གདན་འདྲེན་ཞུས་པ་དེས་རྒྱ་ནག་གི་མངའ་ཁོངས་བདག་དབང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཁྲིམས་ཀྱི་རྩ་འཛིན་དང་དེའི་དགོས་དམིགས་སོགས་རྩིས་མེད་རྡོག་རོལ་བཏང་བ་ཡིན་ཚུལ་དང་། ཕྱིའི་རྒྱལ་ཁབ་ཁག་གིས་༧གོང་ས་མཆོག་སྒྲིག་འཛུགས་དང་བྱེད་སྒོ་གང་རུང་ཐོག་གདན་འདྲེན་ཞུ་བར། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལུགས། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་དང་། དེ་དང་ཕྱོགས་འབྲེལ་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ཡོངས་༧གོང་ས་མཆོག་དང་ཁོང་གི་ཤོག་ཁག་ལ་ཐུགས་འཕྲད་དང་བྱེད་སྒོ་འདི་རིགས་ཐོག་མཉམ་ཞུགས་མི་ཆོག་ཚུལ་བཤད་འདུག

ཇི་ནི་ཝ་རྒྱལ་སྤྱིའི་འཕེལ་རྒྱས་ཞིབ་འཇུག་སློབ་གཉེར་ཁང་གི་འགན་འཛིན་ཧྥེ་ལེ་ཕི་བྷུ་རེན་ (Philippe Burrin) ཟེར་བ་ཞིག་གིས། རྒྱ་ནག་གཞུང་གི་ཞུ་འཕྲིན་དེ་ནི་ཕྱོགས་སོ་སོ་ནས་སྤྲད་པའི་གནོན་ཤུགས་ཤིག་ཡིན་ནའང་། ང་ཚོས་ད་རབ་ཀྱི་བྱེད་སྒོ་འདི་མཚམས་འཇོག་མི་སྲིད། འདི་ནི་གཙུག་ལག་སློབ་ཆེན་གྱིས་བྱེད་སྒོ་འཛིན་སྐྱོང་གི་རང་དབང་དང་སྨྲ་བརྗོད་རང་དབང་གི་གནད་དོན་ཞིག་རེད། བྱེད་སྒོ་འདི་བོད་དོན་དང་འབྲེལ་བ་མེད་ཅིང་། བྱེད་སྒོ་འདི་ཆེས་རྣོ་ངར་ལྡན་པའི་ཆབ་སྲིད་ཀྱི་རྩོད་རྙོག མངའ་ཁོངས་རྩོད་གླེང་གང་ལའང་འབྲེལ་བ་མེད། བྱེད་སྒོ་འདི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མཐོར་འདེགས་གཏོང་ཐབས་ཀྱི་སྤྱི་དམངས་བྱེད་སྒོ་ཞིག་ཡིན་སྐོར་སོགས་བརྗོད་འདུག

གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་བཏང་བའི་ཡི་གེ་དེ་སིད་སུའི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་ཨ་ཧ་མ་ཌི་ཧྥ་ཝ་ཙེ་ (Ahmad Fawzi) ཟེར་བ་ཞིག་གི་མིང་ཐོག་ཏུ་འབྱོར་བ་ཞིག་ཡིན་ཞིང་། ཇི་ནི་ཝ་རྒྱལ་སྤྱིའི་འཕེལ་རྒྱས་ཞིབ་འཇུག་སློབ་གཉེར་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་མཐོར་འདེགས་གཏོང་ཐབས་ཀྱི་སྤྱི་དམངས་བྱེད་སྒོ་དེའི་ཐོག་༧གོངས་ས་མཆོག་གིས་དབུས་ཨེ་རན་དང་ཡ་མིན་རྒྱལ་ཁབ་སོགས་ཀྱི་ནོ་བྷིལ་ཞི་བདེ་གཟེངས་རྟགས་བཞེས་མཁན་མཁས་མཆོག་ཁག་ཅིག་བཅས་མཉམ་ཞུགས་གནང་འཆར་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ཆུ་ཚོད་ ༧ སྔོན་ལ།
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

ཆུ་ཚོད་ ༨ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese