མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་མའི་སྲིད་འཛིན་རྒྱལ་ཁ་ཧ་ཊེན་ཀ་ཡ་ཝ་ལགས་ལ་ཐོབ།

བོད་ཀྱི་དུས་བབ།
༢༠༡༦/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཧ་ཊེན་ཀ་ཡ་ཝ་ལགས་ལ་འབར་མའི་སྲིད་འཛིན་རྒྱལ་ཁ་ཐོབ་པ་འདི་ནི་འབར་མའི་སྲིད་དོན་ལོ་རྒྱུས་ཁྲོད་འབར་མའི་དམག་གཞུང་གི་སྲིད་དབང་སྒེར་གཅོད་འོག་དམངས་གཙོའི་སྲིད་འཛིན་འོས་མི་ཞིག་འབར་མའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

28-Htin-Kyaw-AFPརེས་གཟའ་མིག་དམར་ཉིན་འབར་མའི་ནེ་ཕེ་ཌ་ཝ་ (Naypyidaw) གྲོང་ཁྱེར་ནང་ཚུགས་པའི་འབར་མའི་སྲིད་འཛིན་འོས་འདེམས་ཁྲོད་ལྕམ་ཨང་སན་སུའུ་སྐྱིད་མཆོག་གི་བློས་ཐུབ་གྲོགས་པོ་དང་བློ་འདོན་པ་སྐུ་ཞབས་ཧ་ཊིན་ཀ་ཡ་ཝ་ (Htin Kyaw) ལགས་ལ་གྲོས་ཚོགས་སྲིད་སྟེགས་ ༦༥༢ ལས་སྲིད་སྟེགས་ ༣༦༠ ཐོབ་ཏེ་འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་སྲིད་འཛིན་རྒྱལ་ཁ་ཐོབ་ཡོད་ཡོད་པ་དང་། རྒྱལ་ཁའི་གསར་འགོད་ལྷན་ཚོགས་ཐོག་སྐུ་ཞབས་ཧ་ཊིན་ཀ་ཡ་ཝ་ལགས་ཀྱིས། འདི་ནི་ལྕམ་སྲིང་ཨང་སན་སུའུ་སྐྱིད་མཆོག་གི་རྒྱལ་ཁ་ཡིན་སྐོར་བརྗོད་ཅིང་། སྲང་ལམ་དུ་སྔོ་ཚལ་འཚོང་མཁན་ལོ་ ༦༠ ཡིན་ཞིང་མིང་ལ་ཌ་ཝ་མ་ཡ་ (Daw Mya) ཞུ་བ་ཞིག་གིས། འདི་ནི་ཨ་མ་ཨང་སན་སུའུ་སྐྱིད་མཆོག་གི་འདམ་ག་རེད། ཧ་ཊིན་ཀ་ཡ་ཝ་ལགས་ད་ལྟ་ང་ཚོའི་སྲིད་འཛིན་ཆགས་པ་རེད། ཁོས་ལྕམ་ཨང་སན་སུའུ་སྐྱིད་མཆོག་དང་ལྷན་དུ་ཡུན་རིང་བོར་ལས་དོན་སྒྲུབ་མྱོང་ཡོད་སྟབས། ཁོ་སྲིད་འཛིན་ཡག་པོ་ཞིག་ཡིན་སྲིད་སྐོར་སོགས་བརྗོད་འདུག

སྐུ་ཞབས་ཧ་ཊིན་ཀ་ཡ་ཝ་ལགས་ནི་ལྕམ་ཨང་སན་སུའུ་སྐྱིད་མཆོག་གི་བློས་ཐུབ་གྲོགས་པོ་དང་ཁོང་མོའི་བློ་འདོན་པ་བཅས་ཡིན་ཞིང་། ཁོང་གི་ཨ་ཕ་ལགས་འབར་མའི་ངག་རྒྱུན་ལོ་རྒྱུས་རྩོམ་པ་པོ་དང་འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་མི་ཡིན་སྟབས། འབར་མའི་མི་མང་གིས་ཁོང་ལ་ཡིད་རྟོན་དང་བརྩི་མཐོང་ཆེན་པོ་གནང་གི་ཡོད་པ་དང་། ཁོང་ད་ལྟ་ལོ་ ༦༩ ཡིན་པ་དང་ཁོང་གི་བཟའ་ཟླའི་མིང་ལ་སུ་སུ་ལ་ཝེན་ (Su Su Lwin) ཟེར་ཞིང་། ཁོང་མོ་འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་མི་དང་། ཁོང་མོའི་ཨ་ཕ་འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་མགྲིན་ཚབ་པ་དང་ལྕམ་ཨང་སན་སུའུ་སྐྱིད་མཆོག་གི་ཐེབས་རྩ་ཚོགས་པའི་ཚོགས་མི་བཅས་ཡིན་འདུག

སྐུ་ཞབས་ཧ་ཊིན་ཀ་ཡ་ཝ་ལགས་སྔོན་ཆད་འབར་མའི་སྲིད་དོན་ལས་སྒོར་ཞུགས་མྱོང་མེད་ནའང་། ད་རེབ་ལྕམ་ཨང་སན་སུའུ་སྐྱིད་གཙོས་པའི་ཁོང་མོའི་རྒྱབ་སྐྱོར་བ་ཚོའི་རམ་འདེགས་ལ་བརྟེན་ནས་ཁོང་འབར་མའི་སྲིད་འཛིན་དུ་བདམས་པ་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༤  ཚེས་ ༡ ཉིན་ཁོས་དངོས་སུ་འབར་མ་དམངས་གཙོའི་སྲིད་གཞུང་གསར་བ་འཛིན་སྐྱོང་གནང་རྒྱུ་ཡིན་པ་དང་། འདི་ནི་འབར་མའི་སྲིད་དོན་ལོ་རྒྱུས་ཁྲོད་འབར་མའི་དམག་གཞུང་གི་སྲིད་དབང་སྒེར་གཅོད་འོག་དམངས་གཙོའི་སྲིད་འཛིན་འདེམས་ཐོན་བྱུང་བ་ཐོག་མ་དེ་ཆགས་ཀྱི་ཡོད་ནའང་། འབར་མའི་དམག་གཞུང་གིས་ད་དུང་གལ་འགེངས་ཆེ་བའི་འབར་མའི་ནང་སྲིད་དང་མཐའ་སྲུང་། རྒྱལ་སྲུང་ལྷན་ཁང་ཁག་གི་དབང་ཤུགས་ཆེན་པོ་བཟུང་ཡོད་འདུག

c1_892092_160310052801_620x413འབར་མའི་སྲིད་འཛིན་འོས་འདེམས་ཁྲོད་ལྕམ་ཨང་སན་སུའུ་སྐྱིད་མཆོག་འབར་མའི་སྲིད་འཛིན་འོས་བསྡུའི་ནང་ཞུགས་མ་བཅུག་ནའང་། ན་ནིང་ཕྱི་ཟླ་ ༡༡ པའི་ནང་འབར་མའི་རྒྱལ་ཡོངས་འོས་བསྡུའི་ཆེན་མོའི་ཁྲོད་འབར་མའི་གྲོས་ཚོགས་གོང་འོག་གཉིས་ནང་རྒྱལ་ཡོངས་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་པ་བརྒྱུད། ཁོང་མོས་རང་གི་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཁོང་མོའི་ཚབ་ཏུ་འབར་མའི་སྲིད་འཛིན་དུ་བསྐོ་བཞག་གནང་ཐུབ་ཡོད་འདུག

ཐེངས་འདིའི་འབར་མའི་གྲོས་ཚོགས་ཀྱི་སྲིད་འཛིན་འོས་འདེམས་ནང་སྲིད་འཛིན་འོས་མི་ ༣ བཏོན་པའི་གྲས་ཀྱི་མ་ཡེན་ཊ་ས་ཝི་ (Myint Swe) དང་བན་ཐཱོ་ (Van Thio) གཉིས་འབར་མའི་སྲིད་འཛིན་གཞོན་པར་བསྐོ་བཞག་གནང་རྒྱུ་ཡིན་པ་དང་། སྐུ་ཞབས་མ་ཡེན་ཊ་ས་ཝི་ལགས་ནི་འབར་མའི་དམག་གཞུང་གི་སྲིད་འཛིན་འོས་མི་ཡིན་ཞིང་། སྐུ་ཞབས་བན་ཐཱོ་ལགས་འབར་མའི་གྲངས་ཉུང་མི་རིགས་ཀྱི་སྲིད་འཛིན་འོས་མི་བཅས་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese