མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་མཁས་གྲུབ་རྒྱ་མཚོ་དམ་དྲག་འོག་ཀློད་གྲོལ་བཏང་།

བོད་ཀྱི་དུས་བབ།
༢༠༡༦/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གི་བཙོན་གནོན་ལ་ཞི་རྒོལ་གནང་མཁན་འབའ་རྫོང་གཙང་དགོན་པའི་དགེ་འདུན་པ་མཁས་གྲུབ་རྒྱ་མཚོ་ལགས་ཀློད་གྲོལ་བཏང་ཡོད་འདུག

12895256_972603119454612_1112385554_nཟླ་འདིའི་ཕྱི་ཚེས་ ༨ ཉིན་རྒྱ་གཞུང་ཉེན་རྟོག་པའི་དམ་དྲག་འོག་དགེ་འདུན་པ་མཁས་གྲུབ་རྒྱ་མཚོ་ལགས་ཀློད་གྲོལ་བཏང་ཡོད་པ་དང་། ཁྲིམས་ཐག་མ་བཅད་གོང་དུ་ཁོང་ལ་གཅར་རྡུང་མང་པོ་བཏང་བར་བརྟེན་ངོ་གདོང་གཡོན་ཞིང་མིག་ལ་སྐྱོན་ཤོར་ཡོད་ཅིང་། ད་ལྟ་ཀློད་གྲོལ་བཏང་ཚར་ཡོད་ནའང་ཁོང་རང་གི་རེ་འདོད་ལྟར་དགོན་པར་འགྲོ་རུ་མ་བཅུག་པར་ལྟ་རྟོག་འོག་གྲོང་སྡེའི་ནང་དུ་བསྡད་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ཁོང་གི་ནུ་བོ་བུམ་བཟང་རྒྱ་མཚོ་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་དོན། ཁོང་ཀློད་གྲོལ་མ་བཏང་བའི་སྔོན་དེར་ངས་མར་འབྲེལ་བ་བྱེད་སྐབས། དམ་དྲག་བྱེད་ཀྱི་འདུག་འབྲེལ་བ་བྱེད་མ་ཡོང་ལབ་སོང་བས་ཐད་ཀར་འབྲེལ་བ་བྱས་མེད། ཡིན་ནའང་། ཁོ་ལ་ཐུག་འཕྲད་དུ་སོང་བའི་གྲོགས་པོ་དེ་འདྲར་འབྲེལ་བ་བྱས་ཏེ་གནས་ཚུལ་ཏོག་ཙམ་རེ་ཤེས་བྱུང་། ཁོ་ཚོས་བརྗོད་པ་ལྟར་ན། སྤྱིར་བཏང་ཕར་བལྟས་ན་ཁོའི་གཟུགས་པོའི་གནས་སྟངས་ཞེ་དྲགས་སྐྱོ་བོ་མེད་ཀྱང་། ཁྲིམས་ཐག་མ་བཅད་གོང་དུ་འདྲི་གཅོད་བྱས་ཏེ་གཅར་རྡུང་མང་པོ་བཏང་བར་བརྟེན་ངོ་གདོང་གཡོན་ཞིང་མིག་ལ་ཆེ་ཆུང་ཤོར་བསྡད་ཡོད་པ་དང་། ད་ལྟ་རྫོང་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་བཞིན་ཡོད་ཀྱང་དྲག་སྐྱེད་བྱུང་རྒྱུ་ཁག་པོ་རེད་ཟེར་གྱི་འདུག ཁོ་བཙོན་ཁང་ནས་གཏོང་རྒྱུར་ཟླ་བ་གཅིག་ཙམ་ཡོད་སྐབས་ངལ་གསོ་རྒྱག་ཏུ་བཅུག་སྟེ་ལུས་ཟུངས་གསོས་རྗེས་ཀློད་གྲོལ་བཏང་ཡོད་ས་རེད། ཅེས་དང་།

ཡང་ཁོང་གིས། མཁས་གྲུབ་རྒྱ་མཚོ་ལགས་བཙོན་གྲོལ་གཏོང་སྐབས་རྫོང་གི་ཉེན་རྟོག་པས་སྡེ་དཔོན་སྐལ་བཟང་རྡོ་རྗེ་ལ་པར་མི་རྒྱག་པ་དང་མི་མང་འདུ་འཛོམས་བྱེད་མི་ཆོག་པའི་ཁག་ཐེག་བྱེད་དུ་བཅུག་འདུག་ལ། དེ་བཞིན་གཙང་དགོན་པའི་དོན་དམ་ཨུ་ཡོན་ལྷན་ཁང་ལའང་ཁག་ཐེག་བྱེད་དུ་བཅུག་ཡོད་པ་མ་ཟད། ནང་མི་ལ་ཡང་པར་རྒྱག་མི་ཆོག་པ་དང་མི་མང་འདུ་འཛོམས་མི་ཆོག་པའི་ཁག་ཐེག་བྱེད་དུ་བཅུག་ཡོད་ལ། གལ་སྲིད་པར་བརྒྱབ་པ་དང་མི་མང་འདུ་འཛོམས་བྱས་ན་ཉེས་ཆད་གཅོད་རྒྱུ་ཡིན་ལུགས་བརྗོད་ཡོད་པ་མ་ཟད། སྡེ་བའི་ནང་དུ་འདུ་འཛོམས་སོགས་བྱེད་ཀྱི་ཡོད་མེད་ལྟ་རྟོག་ཆེད་དུས་རྒྱུན་ཉེན་རྟོག་པ་གཉིས་གསུམ་རེ་ཡོང་ནས་ལྟ་སྐོར་བྱེད་ཀྱིན་ཡོད་སྐོར་བརྗོད་བྱུང་།

ཡང་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་གིས་བརྗོད་ན། མཁས་གྲུབ་རྒྱ་མཚོ་ལགས་ཀློད་གྲོལ་གཏོང་སྐབས་ཆབ་ཆའི་ཉེན་རྟོག་པས་རྨ་ལྷོ་སོག་རྫོང་གི་ཉེན་རྟོག་པར་རྩིས་སྤྲོད་བྱས་ཡོད་དང་། སྐབས་དེར་ཆབ་ཆའི་ཉེན་རྟོག་པས་མཁས་གྲུབ་རྒྱ་མཚོ་གཙང་དགོན་པར་བསྐྱར་དུ་ཞུགས་མི་ཆོག་པའི་བཙན་བཀའ་གཏོང་སྐབས། མཁས་གྲུབ་རྒྱ་མཚོ་ལགས་ཀྱིས་ངས་ཉེས་པ་གང་བྱས་ཐམས་ཅད་སེལ་ཚར་བ་རེད། དེ་འདྲའི་ཁྲིམས་མེད་ལུགས་མེད་བྱེད་དོན་ཅི་ཡིན་ཞེས་དང་ལེན་བྱས་མེད་པ་དང་། རྨ་ལྷོ་སོག་རྗོང་གི་ཉེན་རྟོག་པས་ཀྱང་ཁོང་གི་སྐད་ཆ་ལ་གནས་ལུགས་འདུག་ཅེས་རྒྱབ་སྐྱོར་བྱས་ཡོད་འདུག ཡིན་ནའང་། ད་ལྟ་ཁོང་དགོན་པར་ཕེབས་ཏུ་མ་བཅུག་པར་གྲོང་བའི་ནང་དུ་བསྡད་ཡོད་འདུག

མཁས་གྲུབ་རྒྱ་མཚོ་ལགས་ད་ལྟ་དགུང་ལོ་ ༣༣ ཡིན་ཞིང་། ཕྱི་ལོ་ ༢༠༠༤ ལོར་རྒྱ་གར་ལ་ཡོང་སྟེ་སེར་བྱེས་གྲྭ་ཚང་ནས་སློབ་གཉེར་གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོར་ཕྱིར་ཕ་ཡུལ་དུ་ལོག། ཕྱི་ལོ་ ༢༠༠༨ ལོར་གཙང་དགོན་པའི་དགེ་འདུན་པ་ཚོས་རྒྱ་གཞུང་གི་བཙན་གནོན་ལ་ཞི་རྒོལ་གནང་སྐབས་ཉེན་རྟོག་པས་མི་གྲངས་བརྒྱད་ཅུ་ལྷག་འཛིན་བཟུང་བཀག་ཉར་བྱས་ཏེ། མི་རེ་རེ་བཞིན་འདྲི་གཅོད་བྱས་རྗེས་ཡར་ལངས་ཀྱི་སྣེ་ཁྲིད་པ་གཙོ་བོ་ཡིན་པའི་ཉེས་མིང་འོག མཁས་གྲུབ་རྒྱ་མཚོ་དང་མཆོག་སྤྲིན་རྒྱ་མཚོ་གཉིས་ལ་ལོ་བཅུ་ཡི་ཁྲིམས་ཆད་དང་། ཚུལ་བཟང་རྒྱ་མཚོ་ལ་ལོ་དགུ་ཡི་ཁྲིམས་ཐག་བཅད་དེ། ཟི་ལིང་གི་ཉེ་འཁྲིས་སུ་ཡོད་པའི་བཙོན་ཁང་ཞིག་ཏུ་བཅུག་ཡོད་པ་དང་། གྲྭ་མཁས་གྲུབ་རྒྱ་མཚོ་ལགས་ཀྱིས་བཙོན་ཁང་དུ་ལས་ཀ་ཧུར་ཐག་གིས་བྱས་པར་བརྟེན་བཙོན་ཁང་ནས་ཁོང་ལ་བྱ་དགའ་ཞིག་སྤྲོད་སྐབས། ང་ལ་དམིགས་བསལ་བྱ་དགའ་མི་དགོས། དེ་ལས་ཁྲིམས་ཆད་ཀྱི་ལོ་ཇེ་ཉུང་དུ་གཏོང་རོགས་ཞེས་ཁོང་རང་གིས་རེ་སྐུལ་བྱས་པ་ལྟར་ལོ་གཉིས་ཇེ་ཉུང་དུ་བཏང་སྟེ། ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༨ ཉིན་བཙོན་འཇུག་དུས་ཡུན་རྫོགས་ནས་ཀློད་གྲོལ་བཏང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese