མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་སློབ་གྲྭ་ཁག་ནང་བོད་པ་མ་ཡིན་པ་བརྒྱ་ཆ་ ༢༢ ཆགས་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཤེས་རིག་བཀའ་བློན་མཆོག་གིས་དྷ་སྟེང་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ་གཉིས་ཀྱི་འཛིན་གྲྭ་དང་པོར་ལག་བསྟར་མགོ་འཛུགས་གནང་ཡོད་སྐོར་གསུངས་སོང་།

72305824-7FB3-44F9-978D-0F56EAD7008Bབོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་འབྲེལ་ཏེ། མདོ་སྟོད་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་པའི་སློབ་གྲྭ་ཁག་ནང་བོད་རིགས་དང་བོད་རིགས་མ་ཡིན་པའི་གྲངས་འབོར་བརྒྱ་ཆ་ག་ཚོད་ཆགས་ཀྱི་ཡོད་མེད་དྲི་བ་བཏོན་པར། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ལན་འདེབས་གནང་དོན། ན་ནིང་གྲོས་ཚོགས་ནང་སྙན་གསེང་ཐེངས་གཅིག་ཞུས་པ་ལྟར། ད་ལྟ་སློབ་གྲྭ་སྤྱི་ཡོངས་ནང་སློབ་ཕྲུག་ ༢༢༠༠༠ ཙམ་ཡོད་པའི་ཁྲོད། བོད་རིགས་མ་ཡིན་པ་བརྒྱ་ཆ་ ༢༢ ཙམ་ཆགས་ཡོད། ད་ལོའི་ཕྱི་ཟླ་གསུམ་པ་ནས་སློབ་ཕྲུག་གསར་པ་བསྡུ་བཞིན་ཡོད་སྟབས། འགྱུར་བ་ག་ཚོད་ཕྱིན་ཡོད་མེད་གྲོས་ཚོགས་རྗེས་མའི་ལས་བསྡོམས་སྐབས་སུ་སྙན་གསེང་ཞུ་ཆོག་པ་བྱོས། ཞེས་གསུངས་སོང་།

ཤེས་ཡོན་སྲིད་བྱུས་སྐོར་ལ་དྲི་བ་བཏོན་པའི་ལན་དུ་ཤེས་རིག་བཀའ་བློན་མཆོག་གིས་གསུངས་དོན། ཤེས་ཡོན་སྲིད་བྱུས་སྐོར་ལ་ན་ནིང་ཕྱི་ཟླ་ ༡༠ པའི་ནང་བོད་ཁྱིམ་གྱི་དབུ་འཛིན་རྣམ་པ་མར་ཕེབས་རོགས་བྱོས་ལབ་སྟེ། ཚོགས་འདུ་ཚོགས་ཏེ། གྲོས་ཚོགས་ཀྱི་གྲོས་ཆོད་དང་། མཁས་པའི་ཚོགས་འདུའི་ལམ་སྟོན་སོགས་ལག་ལེན་བསྟར་དགོས་ཀྱི་འདུག་ཞུས་པ་ཡིན། སྐབས་དེར་ཁོ་རང་ཚོས་དངོས་ནས་ཀྱང་ལག་ལེན་བསྟར་རྒྱུ་ཡིན་གསུངས་སོང་། དེའི་རྗེས་ཀྱི་ཕྱི་ཟླ་ ༡༡ ནང་མ་སུ་རི་བོད་ཁྱིམ་གྱི་དབུ་འཛིན་རྣམ་པ་དང་ཚོགས་འདུ་ཚོགས་ཏེ་གྲོས་བསྡུར་གནང་སྟེ། ཁོང་རང་ཚོའི་ངོས་ནས་ཀྱང་མོས་མཐུན་གནང་སོང་། ད་ལྟའི་ཆར་བོད་ཁྱིམ་གཉིས་ཀྱི་འཛིན་གྲྭ་དང་པོར་ཤེས་ཡོན་སྲིད་བྱུས་ལག་ལེན་བཀལ་དང་འཁེལ་བཞིན་པ་ཡིན། ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དང་། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་སོགས་ཆ་བསྐོས་བྱས་ཏེ། མ་སུ་རུ་སློབ་གྲྭ་དང་དྷ་སྟེང་བོད་ཁྱིམ་གཉིས་ནང་ཤེས་ཡོན་སྲིད་བྱུས་ངོ་སྤྲོད་དང་། སློབ་ཁྲིད་ལམ་སྟོན་སོགས་ཀྱི་སྔོན་འགྲོའི་ལས་རིམ་དེ་ཚར་ཡོད། རིམ་བཞིན་འཛིན་གྲྭ་གཉིས་པ་དང་གསུམ་པ་བྱས་ཏེ་ཐག་པ་རིམ་འཛེགས་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། ཅེས་གསུངས་སོང་།

བལ་ཡུལ་ནས་ཕེབས་པའི་མདོ་སྨད་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་དེ་སྔའི་གྲོས་ཚོགས་ནང་ཤེས་ཡོན་སྲིད་བྱུས་སྐོར་གསུང་སྐབས། ཤེས་རིག་བཀའ་བློན་མཆོག་གིས་བལ་ཡུལ་ཨ་ཏ་ཤི་སློབ་གྲྭའི་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྐོར་གསུངས་སོང་ཡང་། རྗེས་ལ་ང་རང་དངོས་སུ་རྟོག་ཞིབ་བྱེད་པར་ཕྱིན་སྐབས་སློབ་གྲྭ་དེའི་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་གི་མི་མེད་པ་གསལ་བོ་རེད་འདུག དེ་སྤྱི་འཐུས་རྣམ་པས་མཁྱེན་རྟོག་ཆེད་ཞུས་པ་ཡིན་ཞེས་གསུངས་སོང་།

བོད་སློབ་འཛིན་ཚོགས་འོག་གི་སློབ་གྲྭ་ཁག་གི་ཤེས་ཡོན་ཐོག་འཐུས་ཤོར་ག་ཚོད་ཕྱིན་ཡོད་མེད་དྲི་བ་བཏོན་པའི་ལན་དུ་ཤེས་རིག་བཀའ་བློན་མཆོག་གིས། ད་ལྟའི་ཆར་སློབ་གྲྭ་དེ་དག་རྩིས་སྤྲོད་ལེན་གྱི་བར་བརྒལ་འདྲ་བོ་ཆགས་ཡོད་སྟབས། དགེ་རྒན་ཚོའི་ཐུགས་བསམ་རྣལ་དུ་གནས་ཀྱི་ཡོད་པ་མ་རེད། སྤྱིར་བཏང་དགེ་རྒན་རིགས་གཅིག་ནམ་རྒྱུན་ཞེ་དྲགས་ཡག་པོ་དང་། རིགས་གཅིག་ནམ་བཞག་རྒྱུན་དུ་ཡག་པོ་མེད་པ་དེ་འདྲ་ཞིག་ཡོད་པ་རེད། སློབ་ཕྲུག་ཚོའི་ཤེས་ཡོན་ཐོག་ལ་འཐུས་ཤོར་ག་ཚོད་ཕྱིན་ཡོད་མེད་དེ་ལབ་ཁག་པོ་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༢༣ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༢/༠༩

མཆན། 5

  1. རིག་འཛིན་རྡོེ says:
    ལོ་ 10 སྔོན།

    ང་རང་གི་བསམ་ཚུལ་བརྗོད་ན། བོད་ཀྱི་ཤེས་ཡོན་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་དང་ནང་ཆོས་གཙོ་བོར་བཞག་སྟེ་སློབ་ཚན་ཕྱིའི་ཤེས་ཡོན་གང་རིགས་ལ་དམིགས་ཡུལ་སྦྱོང་བརྡར་ཤུགས་ཆེན་སྤྲད་དགོས་པ་དང། ལས་འགན་དེ་ཚོ་དགེ་རྒན་ཙམ་ལ་མ་ཡིན་པར་སློབ་ཕྲུག་ཀུན་གྱིས་སེམས་ཤུགས་རྒྱ་ཆེར་བསྐྱེད་དེ་རང་གི་རིག་གཞུང་དང་མི་ཚེ་བཟང་པོ་དང་གཤིས་སྤྱོད་བཟང་པོ་ཞིག་ལ་འབད་རྩོལ་བྱེད་དགོས། བོད་མི་ཙམ་མ་ཡིན་པར་ནང་པའི་མི་རིགས་གཞན་སུ་ལའང་དེ་བཞིན་པའི་སློབ་སྦྱོང་སྤྲད་ཐུབ་ན་ཅི་མི་ལེགས་སྙམ་པ་འདུག་་

    Reply
  2. འོད་ཟེར། says:
    ལོ་ 10 སྔོན།

    རྩོམ་སྒྲིག་པ་ལགས། གོང་གི་གནད་དོན་དེ་ཤེས་རིག་ལས་ཁུངས་ཀྱི་གནས་ཚུལ་ཞིག་གི་སྐོར་གླེང་གི་ཡོད་སྟབས། གྲོས་ཚོགས་སུ་དཔལ་འབྱོར་བཀའ་བློན་བཞེངས་པའི་སྐུ་པར་ལས་ཤེས་རིག་བཀའ་བློན་བཞེངས་ཡོད་པའི་སྐུ་པར་ཞིག་འཇོག་ན་འོས་འཚམ་མེད་དམ་སྙམ་པས། དགོངས་འཇགས་ཞུ།
    གསར་འགོད་ལས་རིགས་ཡར་རྒྱས་ཡོང་རེ་རང་གི་ཆེད་དུ་ལས་དམིགས་ཡུལ་གཞན་ཅི་ཡང་མེད།

    Reply
  3. བརྩོན་རྒྱམ། says:
    ལོ་ 10 སྔོན།

    གང་ལྟར་དྲི་བ་འདི་དག་ལ་བསམ་བློ་གཏོང་དགོས་པ་ཞིག་ཡིན་པར་མ་ཟད་ད་དུང་འདི་འདྲ་གནས་སྟངས་ཆགས་པ་གསལ་བོ་ཡིན་ཙང་ད་དུང་སློབ་གྲྭ་ཁག་གི་ནང་ཤེས་ཡོན་ཐོས་ཤོར་བྱིན་པ་ཡིན་ན་ད་དུས་ནམ་ཞིག་ལ་འཐུས་མ་ཤོར་པ་ཞིག་བྱུང་གི་རེད་ངེས་པར་འདི་སྐོར་གསལ་བོ་བཟོ་དགོས་པ་དང་སློབ་ཕྲུག་ཚོས་མདུན་ལམ་ལ་ལྟ་དགོས་པ་གལ་ཆེན་རེད། ཤེས་རིགས་བཀའ་བློན་མཆོག་གིས་ལོ་ངོ་གསུམ་ཙམ་གྱི་རིང་སྲིད་སྐྱོང་གི་སྐབས་དང་ལྟས་ན་ཤེས་ཡོན་སྐོར་བཀའ་སློབ་ཡིན་ན་རེད་དེའི་སྐོར་ཞུབ་འཇུག་ཡག་པོ་གནང་འདུག་བསམ་པ་དྲན་སོང་།

    Reply
  4. བློ་བཟང་ says:
    ལོ་ 10 སྔོན།

    མདོ་སྨད་སྤྱི་འཐུས་བཀྲིས་དོན་གྲུབ་གསུངས་པ་དེ་བདེན་པ་རེད ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྐོར་གསུངས་པ་ཚང་མ་ཅག་འཛུན་ངོ་མ་རེད

    Reply
    • ར་བང་བསྟན་འཛིན་ནོར་བུ། says:
      ལོ་ 10 སྔོན།

      སྐྱག་རྫུན་ཡིན་རྒྱུ་མ་རེད།།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese