མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་མཉམ་འབྲེལ་རྒྱལ་ཚོགས་ལ་དགའ་ཞེན་ཡོད། འོན་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ལམ་ལྷོང་ཡོང་གི་མེད།

བོད་ཀྱི་དུས་བབ།
༢༠༡༦/༠༤/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཨན་ཐོ་ནེ་བྷན་པུརེ་ Anthony banbury ཡིས་བརྩམས།

རིན་ཆེན་དབང་རྒྱལ་གྱིས་བསྒྱུར།

21banbury-master675

            ངས་འདས་པའི་ལོ་བཅུ་ཕྲག་གསུམ་གྱི་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་བསྒྲུབས་པ་ཡིན། ལོ་རབས་དགུ་བཅུའི་ནང་ཧེ་ཊིའི་རྒྱལ་ཁབ་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལས་བྱེད་པ་བྱས་པ་ཡིན་ལ། བྷོ་སི་ནན་གྱི་དཔུང་དམག་གིས་སེ་བྷེ་རི་ཡའི་མི་རིགས་རྩ་གཏོར (The Srebrenica genocide) གཏོང་བའི་དུས་སྐབས་སུ་ཡུ་གོ་སི་ལ་ཝི་ཡ་རྒྱལ་ཁབ་ཁ་འཐོར་མ་སོང་བའི་སྔོན་ (the former Yugoslavia) དུ་ཡུལ་དེའི་མི་མང་རྣམས་ལ་རོགས་རམ་བྱས་པ་ཡིན། ངས་རྒྱ་གར་དུ་མཚོ་འཁྱོམ་གྱི་གནོད་འཚེ་དང་། ཧེ་ཊིའི་རྒྱལ་ཁབ་ཏུ་ས་ཡོམ་གྱི་གོད་ཆག་ཁྲོད་གནོད་འཚེ་ཕོག་པའི་མི་རྣམས་མྱུར་སྐྱོབ་ཀྱི་ལས་དོན་སྣེ་ཁྲིད་ཅིང་། སི་རི་ཡའི་དུག་མཚོན་གཏོར་བརླག་གཏོང་བ་དང་། ཉེ་དུས་ནུབ་ཨ་ཧྥི་རི་ཀའི་ནང་དུ་ཨེ་བྷོ་ལཱ་ནད་ཡམས (Ebola) སྔོན་འགོག་གི་སྣེ་ཁྲིད་པ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་ལ་དམ་དོན་ནན་མོ་བྱས་པ་ཡིན། དེ་ལྟར་ན་ཡང་དེ་ནི་ང་མཉམ་འབྲེལ་རྒྱལ་ཚོགས་ལས་ཕྱིར་འཕུད་པའི་ཐག་གཅོད་དུ་གྱུར།

ད་ལྟའི་འཛམ་གླིང་འདིར་གནམ་གཤིས་འགྱུར་ལྡོག་གི་ཉེན་ཚབས་ནས། སི་རི་ཡ་དང་། ཨེ་རག སོ་མ་ལི་ཡི་བཅས་སུ་དྲག་སྤྱོད་ཚོགས་པའི་རྨང་གཞི་བརྟན་པོར་ཚུགས་པའི་བར་ངང་སྐྲག་དུ་མ་ཞིག་འཕྲད་དེ་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ནི་དེ་འདྲའི་དཀའ་ངལ་ལ་གདོང་ཐུག་རྒྱབ་སའི་ར་བ་དཔེ་ཟླ་བྲལ་བ་ཞིག་ཡིན་ལ། ཁོ་ཚོས་ལྷོ་སུ་ཊན་དང་ས་ཕྱོགས་གཞན་སོགས་སུ་མི་མང་སྲུང་སྐྱོབ་དང་འགྲོ་བ་མིའི་རིགས་ལ་དམ་དོན་བྱེད་པའི་ལས་དོན་སྒྲུབ་ཀྱི་ཡོད། འོན་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་མང་ཐལ་ཆེ་བར་བརྟེན་བཏང་འཛིན་བྱེད་ཕྱོགས་ལ་འགལ་འཛོལ་ཤོར་ཏེ་ལས་དོན་ལམ་ལྷོང་ཡོང་གི་མེད།

ལོ་དྲུག་གི་སྔོན་ལ་ང་ནེའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཀོད་འདོམས་ལྟེ་གནས་ཁང་གི་སྤྱི་ཁྱབ་དྲུང་ཆེའི་ལས་རོགས་སུ་ལས་བགོས་བྱས་ཤིང་། སྐབས་དེར་ང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁང་གི་བྱེད་སྒོ་རྣམ་གསུམ་ལ་ཉམས་མྱོང་མེད་པ་མ་རེད་དེ། མཉམ་འབྲེལ་རྒྱལ་ཚོགས་བཏང་འཛིན་བྱེད་པའི་ཨོར་ཝེ་ལིན་གྱི་ཉེན་བརྡའི་སློབ་སྟོན་དང་། ཀ་རོ་ལིན་གྱི་རིག་པའི་གཞུང་ལུགས་བཅས་ལ་རྒྱུས་མངའ་གང་ཡང་མེད་པར་བརྟེན། དེ་ནི་དཔེར་ན་ཚན་རིག་གི་ཚོད་ལྟ་ཁང་ཞིག་ཏུ་དཔྱོད་ལྡན་རུ་ཁག་གདུག་ཅན་ཞིག་བཙུད་དེ། ཁོ་ཚོ་ལ་ལས་དོན་སྟངས་འཛིན་བྱེད་པའི་དཔོན་དབང་འཛིན་སྐྱོང་གང་ཡང་མེད་པར་འབད་བརྩོན་དྲག་པོ་བསྟེན་དུ་བཅུག་སྟེ་མཇུག་འབྲས་སྨིན་དགོས་ཟེར་བ་དང་གཅིག་མཚུངས་ལྟ་བུར་གྱུར། མདོར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲལ་དངུལ་གྲངས་མེད་དང་། འགྲོ་བ་མིའི་རིགས་ལ་བློ་སྟོབས་སྤེལ་བའི་བྱེད་ཕྱོགས་མང་དག་ཅིག་མཚན་མོའི་སྐར་ཚོགས་ཁྲོད་ཀྱི་བུ་ག་ནག་པོ་ལྟར་ཡལ་ཏེ་ནམ་ཡང་མི་མཐོང་བར་འགྱུར་གྱིན་ཡོད།

དེ་ཡང་། དཀའ་ངལ་དང་པོ་ནི་ཆེད་ལས་པ་བསྡུ་སྟངས་སྐོར་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་རིག་པ་རྣོ་ཤོས་གྲས་ཆེད་ལས་ལས་བྱེད་པར་ཚགས་ཚུད་པོ་དང་མྱུར་དུ་བསྐོ་དགོས་པ་ཡིན་མོད། འོན་ཀྱང་། ལས་བྱེད་གསར་པ་གཅིག་བསྐོ་བར་ཆ་སྙོམས་ཀྱི་ཆ་ནས་ཉིན་གྲངས་ ༢༡༣ འགོར་གྱི་ཡོད། ད་ལོའི་ཕྱི་ཟླ་དང་པོའི་ནང་ལས་བྱེད་བསྐོ་འཇོག་བཏང་འཛིན་སྡེ་ཚན་གྱིས་ལས་བྱེད་གསར་བསྡུ་བྱེད་ཕྱོགས་གསར་པ་ཞིག་གཏན་ལ་ཕབ་ཡོད་ལ། བྱེད་ཕྱོགས་དེ་ལག་ལེན་དུ་བསྟར་ཚེ་ལས་བྱེད་གསར་པ་གཅིག་བསྐོ་བར་ལོ་གཅིག་འགོར་སྲིད་པ་ཞིག་ཏུ་གྱུར།

ངས་ཨ་ཧྥི་རི་ཀའི་ནང་དུ་ཨེ་བྷོ་ལ་ནད་ཡམས་སྐོར་ལས་འགུལ་རྩོམ་པའི་དུས་སུ། ནད་ཡམས་དེའི་སྐོར་གྱི་མཁྱེན་ལྡན་པ་ཁག་ཅིག་བཙལ་འཚོལ་མ་བྱེད་མཐུ་མེད་དུ་གྱུར་ཅིང་། ལྷོ་སུ་ཏན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་པ་བུ་མོ་ཞིག་ཡོད་པ་དེ་ཚུར་འཐེན་དགོས་བསམས་ཀྱང་། གོང་རིམ་གྱིས་ཡུལ་དེའི་ལས་བྱེད་པ་སུ་ཡང་སྨན་བཅོས་བརྟག་དཔྱད་མ་བྱས་པར་ང་ཚོའི་སྤྱི་ཁྱབ་ལས་དོན་ཁང་དུ་ཡོང་མི་ཆོག་ཅིང་། བུ་མོ་དེར་སྨན་བཅོས་བརྟག་དཔྱད་གསར་པ་བྱེད་དགོས་པར་བཤད། ང་ཚོས་མི་སྟོང་ཕྲག་འགའ་རྐྱེན་ལམ་དུ་བཏང་ཞིང་བཏང་འཛིན་མི་ཐུབ་པར་འགྱུར་བའི་ནད་ཡམས་ཞིག་ལ་གདོང་ལེན་བྱེད་ཀྱི་ཡོད་ཀྱང་། ད་དུང་གཟུགས་པོ་བདེ་ཐང་ཅན་གྱི་ལས་རོགས་གཅིག་གི་འགེང་ཤོག་འགེང་བར་གཟའ་འཁོར་འགའ་ཞིག་ལ་ངང་སྒུག་བྱེད་དགོས་ཀྱི་ཡོད།

དེར་བརྟེན། ལས་བྱེད་མྱུར་བསྐོ་བྱེད་པར་གོང་རིམ་གྱི་ཁྲིམས་ཡང་ནས་ཡང་དུ་བརྩི་མེད་དུ་གཏོང་དགོས་ཐུག་གི་ཡོད། དེ་ཡང་། ངས་ཨ་ཀི་རའི་ཡུལ་དུ་ལས་དོན་སྒྲུབ་སྐབས་གོང་རིམ་གྱི་ཁྲིམས་ལ་བརྩིས་མེད་ཀྱིས་མི་རྒྱུད་དཔྱད་ཞིབ་པ་ཞིག་རང་དབང་འབྲེལ་གཏུག་པར་བསྐོ་གཞག་བྱས་པ་ཡིན་ལ། མོས་ཡུལ་དེའི་ས་ཆ་འགའ་ཞིག་ཏུ་བྱུང་བའི་ཨེ་བྷོ་ལ་ནད་ཡམས་སྐོར་གྱི་གནད་དོན་གསར་པའི་ཕྱེད་ཀའི་འགན་ཁུར་དུ་བླངས་ཏེ་གྲུབ་འབྲས་ཐོན་པར་བརྟེན། དེ་ནི་གསེར་ལ་ལྗི་ཁོག་ཡོད་པ་ལྟར་འོད་ཀྱང་དེ་ལྟར་འཕྲོ་བ་ལྟ་བུར་གྱུར་ཅིང་། ང་ཚོས་མི་ལ་ལས་དོན་བྱེད་ཕྱོགས་ཐད་འགྱུར་ལྡོག་བྱུང་བའི་སྐུལ་མ་གཏོང་ཐུབ་པར་དང་པོ་རང་ཉིད་ལ་འགྱུར་བ་གཏོང་དགོས་པའི་ལམ་ལུགས་དེར་བསམ་ཤེས་མ་བྱེད་མཐུ་མེད་དུ་གྱུར། ལྷག་པར་དུ་ངས་ཤེས་པ་ལྟར་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་ནང་དུ་མི་རྒྱུད་དཔྱད་ཞིབ་པ་ཞིག་ལས་བྱེད་བསྐོས་པ་གཅིག་ཀྱང་བྱུང་མེད་ལ། ངས་ལས་དོན་དེ་བསྐྱུར་ཏེ་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་མོ་ཡང་འགྲོ་རུ་བཅུག་འདུག

དམག་འཁྲུག་ཞོལ་འཇགས་གི་འགན་འཁྲི་སྣ་མང་ཁྲག་ཏུ་ཁུར་ཞིང་། ཞི་བདེའི་ལས་དོན་ཐད་ཨ་སྒོར་དུང་ཕྱུར་འགྲོ་གྲོན་གཏོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལས་བྱེད་གསར་པ་ཞིག་ཐད་བསྐོ་བྱེད་མི་ཐུབ་ཅིང་། ཡང་ན་བྱེད་སྒོ་འགངས་ཆེན་མང་བའི་རྐྱེན་གྱིས་ལས་བྱེད་ཚུལ་མཐུན་ཞིག་བསྐོ་འཇོག་བྱེད་ཐུབ་ཀྱི་མེད། དེར་བརྟེན། འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་དབང་འཛིན་སྐྱོང་གི་ལས་བྱེད་བསྐོ་འཇོག་གི་ཐག་གཅོད་ནི་རྒྱལ་ཁབ་ཁག་ཅིག་གི་ལས་དབང་དང་འབྲེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ལས་ཉེན་ཁ་ཆེ་བ་ཡོད་པའི་རྟགས་མཚན་ཞིག་རེད། འདིའི་མཇུག་འབྲས་སུ་ལས་འགན་སྣང་ཆུང་དུ་གྱུར་ཅིང་། ཞི་བདེའི་ལས་དོན་ཁང་ཞིག་ཏུ་ལས་དོན་སྣེ་ཁྲིད་མཁན་གཙོ་བོ་ཞིག་ཡོད་ཀྱང་། ཁོང་གིས་ལས་དོན་གང་ཡང་མ་འགྲུབ་པར་བརྟེན། གཤམ་འོག་གི་ལས་བྱེད་མང་པོས་ཁོ་ཕྱིར་ཕུད་གཏོང་ཐབས་བྱས་ཀྱང་། ནག་ཉེས་ཚབས་ཆེན་འཕྲད་དུས་ཐུང་བར་བརྟེན་ཕྱིར་ཕུད་བྱེད་མི་ཐུབ་པར་གྱུར། ངས་འདས་པའི་ལོ་དྲུག་གི་རིང་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་ལས་དོན་སྒྲུབ་སྐབས། རྒྱལ་སྤྱིའི་ལས་དོན་ནང་དུ་ལས་དོན་སྒྲུབ་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་ཅིག་གིས་ལས་དོན་ཞན་པོ་བྱས་པས་ཕྱིར་ཕུད་དམ་ཡང་ན་ཉེས་ཆད་བཀལ་བ་གཅིག་ཀྱང་བྱུང་མ་སོང་།

ཚབས་ཆེན་དཀའ་ངལ་གཉིས་པ་ནི། མིག་རྒྱང་ཐུང་བའི་སྲིད་དོན་པ་འགའ་ཞིག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཚན་སྙན་ལ་གུས་བརྩི་དང་། དོན་དངོས་དང་མི་བསྟུན་པར་ཐག་གཅོད་མང་པོ་བྱེད་པ་དེ་ཡིན། ཞི་བདེའི་དམག་དཔུང་གིས་ལོ་དང་ལོ་བསྟུན་ནས་དམིགས་ཡུལ་དང་འཆད་འགོད་གསལ་པོ་མེད་པར་རྒྱལ་ཁབ་མང་པོའི་འཕེལ་རྒྱས་ལ་གནོད་གཞི་དང་། སྤྱི་ཚོགས་ཀྱི་དཔལ་འབྱོར་ལ་ལྟོས་མེད་ཀྱིས་ཨ་སྒོར་དུང་ཕྱུར་མང་པོའི་འགྲོ་གྲོན་གཏོང་དགོས་པའི་ལས་གཞི་བརྩམས་ཡོད། ངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་ལས་དོན་དང་པོ་དེ་ཕྱི་ལོ་ ༡༩༩༢ ལོར་ཀམ་བྷོ་ཊི་ཡའི་ནང་དུ་བྱས་པ་ཡིན་ལ། ལོ་གཉིས་ལས་མ་སོང་བར་ང་ཚོ་ལས་དོན་དེ་ནས་ཐོན་པ་ཡིན། ཁ་རྩང་དེ་རིང་ཞི་བདེའི་ལས་དོན་དམིགས་བསལ་བ་རེ་མ་གཏོགས་བགྲང་བྱ་བཅུ་ལས་གནས་ཐུབ་ཀྱི་མེད།

དེ་ཡང་ཧེ་ཊི་ལ་ཆ་མཚོན་ན། ཡུལ་དེར་བགྲང་བྱ་གཅིག་རིང་རྙོག་འཛིང་གང་ཡང་མ་བྱུང་བར་གནས་ཡོད་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་དཔུང་དམག་ ༤༥༠༠ ལྷག་ད་དུང་གནས་ཡོད། དེའི་མཇུག་འབྲས་སུ་ང་ཚོས་བསྒྲུབ་དགོས་པའི་ལས་དོན་འགངས་ཆེན་རིགས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་དོན་དང་དམངས་གཙོའི་སྒྲིག་འཛུགས་སྲ་བརྟན་གཏོང་རྒྱུ་བཅས་ལམ་ལྷོང་འབྱུང་གི་མེད། ལྷག་པར་དུ་རྒྱལ་ཁབ་དེར་ལྐོག་ངན་ལག་འབྲེལ་གྱི་བྱེད་བབ་རྐྱེན་གྱིས་ཧེ་ཊིའི་རྒྱལ་ཁབ་ཀྱི་སྲིད་འཛིན་འོས་བསྡུ་ཕྱིར་འགྱངས་ཤོར་སྟེ། བར་བརྒལ་སྲིད་འཛིན་གྱིས་ “རྒྱལ་ཁབ་འདིར་སྤྱི་ཚོགས་བདེ་འཇགས་དང་དཔལ་འབྱོར་གོད་ཆག་གི་དཀའ་ངལ་འཕྲོད་ཀྱི་ཡོད་”ཅེས་གསུངས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔུང་དམག་འགྲེམས་འཇོག་གིས་དཀའ་ངལ་འདི་དག་གཅིག་ཀྱང་སེལ་ཐུབ་མེད།

ང་ཚོར་དཀའ་ངལ་ཚབས་ཆེན་དེ་མ་ལི་ལ་འཕྲད། དེ་ཡང་། ཉིས་སྟོང་བཅུ་གསུམ་གྱི་ལོ་མགོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡུལ་དེའི་བྱང་ངོས་ཀྱི་ས་ཆའི་ཆ་ཤས་བཙན་བཟུང་བྱེད་པའི་དྲག་སྤྱོད་ཕྱོགས་ཁག་ཅིག་ལ་གདོང་ལེན་དུ་དཔུང་དམག་དང་ཉེན་རྟོག་པ་སྟོང་ཚོ་གཅིག་གཏོང་རྒྱུ་ཐག་གཅོད་བྱས་ཤིང་། བརྗོད་ཐུབ་བྲལ་བ་ཞིག་ལ་ང་ཚོས་དྲག་སྤྱོད་པ་དང་གདོང་ཐུག་རྒྱབ་པའི་གྲ་སྒྲིག་གང་ཡང་མེད་པའི་དཔུང་དམག་ཞེ་གཅིག་བཏང་བར་བརྟེན། མཇུག་འབྲས་གང་ཡང་མི་སྨིན་པ་གསལ་པོ་ཆགས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔུང་དམག་གི་འགྲོ་གྲོན་བརྒྱ་ཆ་ ༨༠ དཔུང་དམག་བགོ་བགྲེམས་དང་རང་ཉིད་སྲུང་སྐྱོབ་ཀྱི་ཕྱོགས་སུ་བཏང་ཡོད། ད་བར་དཔུང་དམག་ ༥༦ རྐྱེན་ལམ་དུ་ཤོར་ཞིང་། ད་དུང་མང་པོ་འཆི་རྒྱུ་གཏན་འཁེལ་ཏེ་ཡོད། དེར་བརྟེན། མ་ལིའི་ནང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཉིན་རེ་བཞིན་འདམ་མྱག་ནང་དུ་གཏིང་ཟབ་མོས་འཛུལ་བཞིན་ཡོད།

དེ་ལྟ་ན་ཡང་། ངའི་རླུང་ལངས་བྱེད་གཙོ་བོ་ནི་དབུས་ཨ་ཧྥེ་རི་ཀ་སྤྱི་མཐུན་རྒྱལ་ཁབ་ནང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་བསྒྲུབས་པ་དེ་ཡིན། དེ་ཡང་། ང་ཚོས་ཕྱི་ལོ་ ༢༠༡༤ ལོར་ཨ་ཧྥེ་རི་ཀ་ཆིག་སྒྲིལ་རྒྱལ་ཁབ་ནས་ཞི་བདེའི་ལས་དོན་གྱི་འགན་ཁུར་ཞིང་། སྐབས་དེར་དཔུང་དམག་གང་འདྲ་བདམས་མིན་ང་ཚོ་ལ་དབང་ཆ་ཡོད་ཀྱང་། དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀོན་གོ་དང་སྤྱི་མཐུན་རྒྱལ་ཁབ་ཀོན་གོ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་ལས་བྱེད་པ་དང་གྲོས་བསྡུར་ཚུལ་མཐུན་གང་ཡང་མ་བྱས་པར། ཆབ་སྲིད་ཀྱི་གནད་དོན་དང་བསྟུན་ནས་དཔུང་དམག་ཁག་ཅིག་བདམས་ཏེ་ཁོ་ཚོ་དབུས་ཨ་ཧྥེ་རི་ཀ་ལ་གཏོང་རྒྱུ་ཐག་གཅོད་བྱས་ཤིང་། རྒྱལ་ཁབ་དེ་གཉིས་ཀྱིས་དཔུང་དམག་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཏུ་བཏང་བའི་བྱ་སྤྱོད་ངན་པ་ལ་ལྟོས་མེད་ཀྱིས་དེ་ལྟར་ཐག་བཅད་པ་རེད། དེ་ནས་བཟུང་སྟེ་རྒྱལ་ཁབ་དེ་གཉིས་ཀྱི་དཔུང་དམག་གིས་བུ་མོ་ན་གཞོན་བཅས་མི་མང་དག་ཅིག་ལ་ཚུལ་མིན་གྱི་བརྡུང་བརྡེག་དང་བཙན་གཡེམ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་མང་སྲུང་སྐྱོབ་ཀྱི་དཔུང་དམག་ཟུར་ནས་གཏོང་དགོས་བྱུང་བ་རེད།

ན་ཉིན་སྤྱི་མཐུན་རྒྱལ་ཁབ་ཀོན་གོའི་ཞི་བདེའི་དཔུང་དམག་གིས་ཁྲིམས་ལུགས་ལ་ལྟོས་ཀྱིས་མི་སེར་དཀྱུས་མ་ཁག་གཅིག་འཇུ་བཟུང་བྱས་ཏེ། བརྡུང་བརྡེག་ཚད་མེད་བཏང་བར་བརྟེན། གཅིག་བཀག་ཉར་ཁང་དུ་ཤི་ཞིང་གཅིག་སྨན་ཁང་ནང་དུ་གྲོངས་ཡོད། འོན་ཀྱང་། ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཀོད་འདེམས་ལྟེ་གནས་ཁང་གི་མགོ་ཁྲིད་རྣམས་ཀྱིས་དེའི་སྐོར་གྱི་གནས་ཚུལ་ཟུར་ཙམ་གསུངས་པ་མ་གཏོགས་ཁོང་ཁྲོའི་དྲག་པོས་ལན་འདེབས་གང་ཡང་བྱས་མེད།

དཔུང་དམག་དེ་དག་གི་ཚུལ་མིན་གྱི་བྱ་སྤྱོད་མང་ཐལ་ཆེ་བར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དཔུང་དམག་དེ་དག་གི་ཁྱིམ་མི་རྣམས་ལ་ཞུ་འབོད་བྱས་ཀྱང་། ཁོ་ཚོས་སྣང་མེད་དུ་བསྐྱུར་ཞིང་། ཕྲུ་གུ་བཙན་གཡེམ་གྱི་དོན་རྐྱེན་གྲོག་ཚང་བརྡོལ་བ་ལྟར་མང་དུ་སོང་། ཟླ་བ་སྔོན་མར་གཞི་ནས་ང་ཚོས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀོན་གོའི་དཔུང་དམག་རྣམས་ཕྱིར་སྐྲོད་བྱས། འོན་ཀྱང་། ཀོན་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔུང་དམག་རྣམས་མུ་མཐུད་དུ་གནས་སྡོད་བྱས་ཡོད།

ཕྱི་ལོ་ ༡༩༨༨ ལོར་ངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལས་བྱེད་ཀྱི་ངོ་བོའི་ཐོག་ནས་ཐ་ལན་དང་ཀམ་བྷོ་ཊི་ཡའི་ས་མཚམས་སུ་འཚོ་སྡོད་བྱས་པའི་ཀམ་བྷོ་ཊི་ཡའི་བཙན་བྱོལ་བའི་ནང་དུ་མགོན་མེད་སྐྱབས་མེད་རྣམས་དམར་གསོད་དང་བཙན་གཡེམ་བྱེད་པའི་གནད་དོན་ལ་ཞིབ་བཤེར་དང་པོ་དེ་བྱས་པ་ཡིན། འོན་ཀྱང་། ཉི་མ་གཅིག་རང་ཉིད་ཀྱི་ལས་རོགས་རྣམས་ཀྱིས་སྤྱོད་ངན་བྱས་ཏེ། ལས་བྱེད་རྒན་གྲས་རྣམས་ཀྱིས་སྲིད་དོན་གྱི་རྐྱེན་པས་དེ་དག་ལ་བཟོད་བསྲན་བྱས་པ་དེ་དག་ལ་ངས་གདོང་ལེན་བྱེད་དགོས་པ་ནི་རྦད་དེ་བསམ་ཡུལ་ལས་འདས་པ་ཞིག་རེད།

ཐེངས་དང་པོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛིན་སྐྱོང་གིས་ཞི་བདེའི་བྱ་སྤྱོད་སྤེལ་སྟངས་ཐད་ཉེན་བརྡ་གཏོང་མཁན་དེ་ང་ཡིན་སྲིད་ཀྱང་། ཕྱིས་སུ་མི་མང་དག་ཅིག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ལམ་ལྷོང་ཡོང་གི་མེད་པའི་སྐྱོན་བརྗོད་བྱས་ཡོད། འོན་ཀྱང་། ངས་ལྟ་ཚུལ་སྔ་མ་དོར་ཏེ་གསར་པ་ཞིག་འཛིན་ན་གཞི་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ཆེད་དུ་ལས་དོན་འགྲུབ་ཐུབ་པའི་ཡིད་ཆེས་བྱས་པ་ཡིན།

ལོ་འདིར་སྤྱི་ཁྱབ་དྲུང་ཆེ་གསར་པའི་འོས་བསྡུ་རྒྱུ་ཡིན་སྟབས། འཛམ་གླིང་གི་རྒྱལ་ཁྱབ་ཁྱོན་ཡངས་དང་། བྱེ་བྲག་ཏུ་བདེ་འཇགས་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་རྣམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སོ་སོའི་དོན་དུ་ག་རེ་བྱེད་དགོས་མིན་གྱི་ཐད་བསམ་གཞིག་ནན་མོ་བཞེས་དགོས་པ་ཞིག་རེད། ཚོགས་པ་འདི་ནི་དུས་རབས་འདིའི་ལག་ཐོགས་ཁ་པར་གྱི་མཛུབ་གནོན་ཡོ་བྱད་ལྟ་བུ་ཞིག་སྟེ། ཞི་བདེ་དང་། འགྲོ་བ་མིའི་ཐོབ་ཐང་། གནམ་གཤིས་འགྱུར་ལྡོག་ལ་ཡར་སྐྱེད་ཡོང་བར། ཚོགས་པ་འདིར་བསྒྱུར་བཅོས་གཏོང་བའི་དངོས་ཐོག་བདེན་འཚོལ་གྱི་མགོ་ཁྲིད་ཅིག་དགོས།

དཔོན་དབང་འཛིན་སྐྱོང་གིས་གཡོ་ཇུས་མེད་པའི་ལས་དོན་བསྒྲུབ་དགོས། དེ་ཡང་། དང་པོ། ཆེད་ལས་པ་བསྡུ་བསྐོང་བྱེད་པ་ནས་མགོ་བཙུགས་ཏེ། འཛིན་སྐྱོང་དང་དེའི་ཐག་གཅོད་ལ་ཞིབ་འཇུག་དང་བསམ་འཆར་འདོན་མཁན་གྱི་སྡེ་ཚན་ཟུར་དུ་འཛུག་དགོས། གཉིས་པ། འཛིན་སྐྱོང་གི་འགྲོ་གྲོན་ཞི་བདེའི་ལས་དོན་གྱི་འགྲོ་གྲོན་དང་བརྒྱ་ཆ་དོད་མཉམ་པོར་བྱས་ཏེ་གཏན་ལ་འབེབ་དགོས། གསུམ་པ། སྔོན་རྩིས་བགོ་འགྲེམས་འཛིན་སྐྱོང་ལྷན་ཚོགས་ནས་ཕྱིར་འཐེན་ཏེ། སྤྱི་ཁྱབ་དྲུང་ཆེར་ཐད་ཀར་སྙན་གསན་ཞུ་བའི་རང་དབང་བཀོད་འདེམས་ལྷན་ཚོགས་ཀྱི་ལག་ཏུ་འཇོག་དགོས། བཞི་པ། བཀོད་འདེམས་ལྟེ་གནས་ཀྱི་ལས་དོན་ཆེ་ཕྲ་ཀུན་གྱི་དཔལ་འབྱོར་གྱི་རྩིས་ཞིབ་ལ་དོན་ནན་མོས་ཞིབ་བཤེར་བྱེད་དགོས།

སྤྱི་ཁྱབ་དྲུང་ཆེ་བྷན་ཀི་མོན་མཆོག་ནི་མི་སྣ་རླབས་ཆེན་ཞིག་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ནི་གྲུང་ཤ་དོད་ཅིང་རང་དོན་བློས་གཏོང་གི་སྙིང་སྟོབས་ལྡན་པའི་མི་ཤ་སྟག་གིས་ཁེངས་ཏེ་ཡོད། འོན་ཀྱང་། སྟབས་མ་ལེགས་པ་ཞིག་ལ་གཞན་མང་པོ་ཞིག་ལ་ཀུན་སྤྱོད་ཀྱི་བསམ་བློའི་ཆུ་ཚད་དམའ་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ལ་ཞབས་ཕྱི་ཞུ་བའི་ཆེད་ལས་ཀྱི་འཇོན་ཐང་གང་ཡང་མེད། མདོར་ན། ལས་དོན་ཏན་ཏན་ཏིག་ཏིག་བྱེད་པའི་མགོ་ཁྲིད་ཞེ་གཅིག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྣེ་འཁྲིད་དགོས་པ་ཡིན་ནོ།། །།

མ་རྩོམ་འབྲེལ་ཐག http://www.nytimes.com/2016/03/20/opinion/sunday/i-love-the-un-but-it-is-failing.html?_r=1

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

༢༠༢༥/༡༠/༡༨
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧
Mobile App

སེར་བྱེས་མཁས་སྙན་གྲྭ་ཚང་གིས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་གཙི་ཞུས།

༢༠༢༥/༡༠/༡༧
Mobile App

བོད་ནང་ཤོག་སྦག་གི་སྒྱུ་རྩལ་འགྲེམས་སྟོན་བྱེད་མཁན་ལ་ཉེས་ཆད་བཅད།

༢༠༢༥/༡༠/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese