མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་།

བོད་ཀྱི་དུས་བབ།
༢༠༡༦/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་དྲོར་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་མཇུག་སྒྲིལ་རྗེས། ཚོགས་གཙོ་སྤྲེལ་པོའི་དབུས་སྤྱི་འཐུས་རྣམ་པ་དང་། སྲིད་སྐྱོང་མཆོག་གི་དབུས་ཕྱག་རོགས་བཀའ་བློན་རྣམ་པ་བཅས་གནས་ཆུང་གྲྭ་ཚང་དུ་ཕེབས་ཏེ། གནས་ཆུང་ཆོས་རྒྱལ་ཆེན་པོ་སྤྱན་འདྲེེན་གྱིས་བཀའ་ལུང་ཞུ་སྐབས། ནང་དུ་དམ་ཚིག་མི་ལྡན་ན་སྐུ་ཕྱྭར་འགན་ལེན་མི་བཟོད་པ་དང་། གང་མགྱོགས་བཀའ་སྤྱི་གཉིས་༧གོང་ས་མཆོག་གི་སྐུ་མདུན་དུ་བཅར་ཏེ། སྔོན་ཆད་ལ་འགྱོད་བཤག་དང་ཕྱིན་ཆད་ཁས་བླང་དམ་པོར་འཛིན་དགོས་པའི་ཐུགས་སྐུལ་གནང་ཡོད་འདུག

01 02 03

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༩ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

མཆན། 13

  1. ར་བང་བསྟན་འཛིན་ནོར་བུ། says:
    ལོ་ 10 སྔོན།

    གནས་ཆུང་སོགས་ལྷ་སྲུང་མ་ཡིད་ཆེས་མེད་མདོག་བྱེད་མཁན་དེ་ཚོའི་སེམས་ཁོང་ན་ཞེན་ཁོག་གིས་འཁྱིལ་སྡད་ཡོད་པ་མངོན་གྱི་་་་༧ཁོང་ཡིད་བཞིན་ནོར་བུས་ཞལ་གྱི་བུམ་བཟང་ལས་ཁོང་ཉིད་དོལ་རྒྱལ་མཚམས་འཇོག་གནང་ཡ་དེ་གནས་ཆུང་ལ་བཀའ་ལུང་དུ་མ་ཞུ་ནས་ལྷ་དེ་བསྟེན་མེད་ཅེས་གསུངས་པ་གོ་ཡོད་རྒྱུ་རེད་་་་དེ་བཞིན་ཁོང་གི་ད་ལྟ་བར་གནས་ཆུང་ལ་བཀའ་ལུང་ཞུ་བ་དག་བསླུ་བ་མི་འདུག་ཅེས་གསུངས། ༧ཁོང་གིས་ཡིད་ཆེས་དང་བློ་ཁེལ་དེ་འདྲ་བྱེད་དུས་་་དེང་སང་ཞེན་ཁོག་གིས་ཁེངས་སྡད་ཡོད་པའི་ཨ་རོགས་འགའ་་གནས་ཆུང་འཇིག་རྟེན་པའི་ལྷ་ཡིན་པ་དང་དེ་ལ་ཡིད་ཆེས་བྱེད་ན་ཀླད་མེད་ཡིན་རབས་བཤད་་་་་་ ཧཧཧ་་ཧ་་་བགོད་བྲོ་བའི་སྐད་ཆ་དེ་དག་་་་ཞེན་ཁོག་ཡིན་པ་གསལ་་་་་མིས་མ་ཟད་ཁྱིས་ཁྲེལ་ཡོང་།།

    Reply
  2. ཐུབ་བསྟན says:
    ལོ་ 10 སྔོན།

    ཉིན་མ་དེ་ནམ་ཞིག་ལ་ཡིན་མིན་ཏག་ཏག་ང་ལ་བགསལ་བོ་བཤད་རྒྱུ་མི་འདུག་མོད་གོང་གི་གསར་འགྱུར་འདི་ལ་བལྟས་རྗེས་སེམས་ལ་ཡང་ཡང་ཅིག་དྲན་ཡོང་བ་ནི། གཙུག་ལག་ཁང་ནས་༧གོང་ས་མཆོག་གི་གསུང་ཆོས་ཤིག་གི་སྐབས་ལ་བཞུགས་ཁྲིའི་མདུན་ཏག་ཏག་ན་བླ་མ་དང་དགེ་བའི་བཤེས་གཉེན་མི་ཉུང་བ་བཞུགས་ཡོད་པའི་ཁྲོད་ན་སྐྱ་མིན་སེར་མིན་གྱི་སྐྱེ་དམན་ལྷ་བ་ཡིན་ཟེར་མཁན་ཁ་ཤས་འཚང་ཁ་བརྒྱབ་ནས་ཡིན་མདོད་མདོག་གིས་བསྡད་འདུད། ཁོང་ཚོས་གྲ་ཆོས་དང་མདོག་མཚུངས་བའི་སྐྱ་ཆོས་དམར་བོ་ཞིག་གོན་ཡོད་མོད། གཞན་གྱི་མཐོང་སྣང་ལ་ཧ་ཅང་མི་བདེ་བ་ཞིག་ཡིན། ངས་གྲོགས་པས་བཤད་རྒྱུར། སྐྱེ་དམན་འདི་དག་འདུག་ས་ཡང་གཙུག་ལག་ཁང་གི་ནང་ན་སྤྲད་ཡོད་པ་ཟེར། ད་དུང་ཁ་སང་དེ་རིང་ཡང་ལྷ་འབབ་གི་ཡོད་ཟེར་མཁན་སྐྱེས་དམན་ཁ་ཤས་འདི་བ་སླེབས་ཡོད་ཚོད་འདུག་ཟེར། དེ་དུས་སེམས་སྐྱོ་དགོས་པ་ཞིག་བྱུང།

    Reply
  3. བྱ་གཞུང་དཔལ་རྡོར། says:
    ལོ་ 10 སྔོན།

    གནས་ཆུང་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་ལ་ཡིད་ཆེས་ཡོད། དམ་ཚིག་རྡོག་རྩ་ཆིག་སྒྲིལ་དང་༧གོང་ས་མཆཽག་གི་ཐུགས་དགོངས་བཏང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་མིན་ཚེ་རིང་མཆེད་ལྔ་ཟེར་བའི་བུད་མེད་སྨྱོན་མ་དེའི་ལྷ་བབས་སྟངས་དེར་ཡ་མཚན་པོ་བྱུང་། ལྷ་འབབ་ཀྱི་ཡོད་ན་སྨྱོ་གར་འཁྲབ་ཀྱི་ཡོད་མེད་དོགས་པ་རེད། སྲིད་སྐྱོང་བློ་སེང་མཆོག་ལ་དེ་ཙམ་མིན་ན་གཞུས་སོང་ལ། སྤེན་པ་ཚེ་རིང་ཁྱོད་ཟེར་ནས་ངར་ངར་བྱེད་པ་དང་། ཟླ་བ་ཚེ་རིང་ཁྲིད་ཤོག་ཟེར་ནས་ངར་ངར་བྱེད་སྟངས་ལ་གཅིག་བལྟས་དང་། བུད་མེད་སྨྱོན་མ་དེས་ལྷ་འབབ་ཁུལ་བྱེད་ཀྱི་ཡོད་པ་གསལ་པོ་རེད། བུད་མེད་སྨྱོན་མ་དེར་འགྲམ་ལྕག་ཚ་ཐག་ཆོད་ཅིག་བཞུས་ན་ལྷ་འབབ་ཀྱི་ཡོད་མེད་ཤེས་ཀྱི་རེད། དེ་ལས་ཀྱང་གལ་ཆེ་ཤོས་ནི་ལྷ་འདྲེ་འདྲ་མི་འདྲ་༧གོང་ས་མཆོག་གི་མདུན་ནས་ལྷ་བབས་འཇུག་རྒྱུ་མི་འདུག ཚེ་རིང་མཆེད་ལྔ་ཟེར་བའི་བུད་མེད་དེ་ད་ནས་བཟུང་༧གོང་ས་མཆོག་གི་མདུན་ནས་ལྷ་བབས་འཇུག་རྒྱུ་མི་འདུག གཟབ་གཟབ་བྱེད་དགོས། སྐབས་ཤིག་མོས་༧གོང་ས་མཆོག་གི་མདུན་ནས་སྨྱོ་ལབ་བརྒྱབ་ནས་སྐད་རྒྱག་སྐབས་༧གོང་ས་མཆོག་ཏོག་ཙམ་ཐུགས་བསུན་གྱིས་ད་འགྲིག་སོང་ཟེར་བ་ན་དོགས་མ་བདེ་བར་ལྷ་འབབ་ཁུལ་བྱེད་པ་བརྗེད་ནས་ངོ་ཚ་ཁ་སྐྱེངས་བྱུང་བ་ལྟ་བུ་རེད། གནས་ཆུང་ཆོས་ཀྱི་རྒྱལ་པོ་ལྟ་བུ་ཡིན་ན་སྔར་ནས་བཟུང་གཞུང་བསྟེན་སྲུང་མ་རེད། དུས་ནས་དུས་སུ་བཀའ་ལུང་ཞུ་རྒྱུ་དེ་ཧ་ཅང་གལ་ཆེ། དེ་མིན་ལྷ་འདྲེ་ཅི་ཡིན་ཆ་མི་འཚལ་བ་དེ་ཚོ་ལ་གཟབ་ན་ཡག་གི་རེད། ཡང་ཉིན་གཅིག་ལྷ་འདྲེ་འཁྲུག་ཡོང་།

    Reply
    • བསྟན་དབང། says:
      ལོ་ 10 སྔོན།

      ཨ་མའི་བུ་ལག་སུ་ཞུ་རྒྱུར།ཁྱེད་གིས་རྙན་ཐུང་ངོ་མ་དེ་ཟིགས་ཡོད་ས་མ་རེད་ ཉེ་ཆར་དོན་པའི་སྐུ་འཕེབས་རྙན་ཐུང་ངས་ཐོང་བ་ལ་འཛུན་མ་གཉིས་འདུགས་འཛུན་མ་གཅིགས་གི་ནང་སྐད་གསར་འཇུགས་བྱས་ནས་གོང་དུ་ཁྱེད་གི་གསུང་པ་ཞིན་རེད་ཡིན་ནའི་ངོ་མ་འདི་ནང་ཚིག་དེ་ཚོ་མིན་འདུགས་ངོ་མ་དེ་གཅུང་རིང་བ་འདུགས།

      Reply
      • ཀུན་གསལ་འོད་སྣང། says:
        ལོ་ 10 སྔོན།

        དེང་སང་འདྲ་མིན་འདྲ་མང་པོ་ཞིག་བཟོ་བཅོས་བྱས་ནས་མར་སྤྱི་ཚོགས་ནང་ཁྱབ་ཡོང་དུས་བདེན་པ་གང་ཡིན་རྫུན་པ་གང་ཡིན་ཧ་གོ་ས་མ་རེད།

        Reply
  4. འདམ་སྐྱེས། says:
    ལོ་ 10 སྔོན།

    རང་རིགས་ཡོངས་ལ་བཅོས་མིན་སྙིང་ནས་ཆེད་གསོལ། ༧གོང་ས་སྐྱབས་མགོན་ཆེན་པོས་ཟབ་གསལ་བཀའ་སློབ་ལམ་སྟོན་དང་། གཞུང་བསྟེན་སྲུང་མ་དག་གི་བཀའ་ལུང་། དེ་བཞིན་རང་རེའི་སྤྱི་ཚོགས་ནང་ཆེས་ཁྱད་པར་དུ་འཕགས་པའི་སྐྱེས་ཆེན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་གར་དུས་བབ་གསར་འགོད་པར་དགོངས་ཚུལ་གསུངས་པ་བཅས་ལ་དགོང་བཞེས་དང་འབྲེལ། ད་ནས་བཟུང་ཕ་རོལ་པའི་རྒྱུག་ཁྱི་འམ་ལས་འགན་འདྲ་ཡོད་ན་གཏོགས་ཕན་མེད་གནོད་གཞིར་འགྲོ་བའི་བྱ་སྤྱོད་རིག་མ་སྤེལ་རོགས་ཞུ། གལ་སྲིད་མུ་འཐུད་ནས་ད་མུས་བཞིན་གནང་ན་དེ་དག་ལ་ལས་འགན་གཞན་ཞིག་ཡོད་པ་ངོས་འཛིན་མ་བྱས་ཐབས་མེད་དུ་མཐོང་།།

    Reply
  5. བསྟན་འཛིན་ལམ་བཟང་། says:
    ལོ་ 10 སྔོན།

    སློབ་བཟང་སངས་རྒྱས་ཀྱི་རྒྱབ་སྐྱོར་བ་དེ་ཚོས་དབུས་གཙང་གི་འཐུས་མི་དག་ལ་ཆབ་སྲིད་ནག་པོ་འཁྲབ་མཁན་དང་སྐུ་དྲག་རྙིང་པ་ཟེར་ནས་ཤི་མ་ཤི་ཚོགས་གཏམ་གཏོང་ནའང་། དབུས་གཙང་མི་མང་ལ་ལངས་ཕྱོགས་བརྟན་པོ་དང་ཆོལ་ཁའི་ཞེན་ཁོག་མེད་པ་རེད་ཟེར་བ་ མང་གཙོའི་འགྲོ་སྟངས་མ་ཆགས་པ་རང་རེད། ངོ་གཉིས་མ་དང་མངོན་ལྐོག་རྒྱབ་མདུན་མི་མཚུངས་པ་ཟེར་ནའང་འདི་ཚོ་རེད།

    Reply
  6. བོད་བཙན་པོ། says:
    ལོ་ 10 སྔོན།

    རྡ་སའི་གསར་འགྱུར།
    ཁང་གསར་རྡོ་རྗེ།
    འོས་ཤོག་ཧམ་པས་བསྡུས་སོང་།།
    ཆོལ་ཁའི་འཐེན་ཁྱེར་སྤེལ་སོང་།།
    བཟང་སྤྱོད་ཏིལ་ཙམ་མེད་པའི།།
    ཞབས་འདྲེན་ཏག་ཏག་ཞུས་སོང་།།

    ༸གོང་ས་ཡིད་བཞིན་ནོར་བུས།།
    འཐུས་ཤོར་བཏང་འདུག་གསུངས་སོང་།།
    བོད་མིའི་ཡ་རབས་བཟང་སྤྱོད།།
    ཉམས་འདུག་གཟབ་དགོས་གསུངས་སོང་།།

    གཞུང་བསྟེན་དགྲ་ལྷ་ཕེབས་སོང་།།
    གནས་ཆུང་ངར་བཞིན་ཕེབས་སོང་།།
    རྒྱལ་བའི་དགོངས་པ་དཀྲུག་མཁན།།
    ལས་ཀྱི་མཐའ་ཞེས་བསྐྱོན་སོང་།།

    མཁའ་འགྲོ་ཚེ་རིང་མཆེད་ལྔ།།
    ཐུགས་རྒྱལ་བཞེངས་ཏེ་གཞུས་སོང་།།
    སྲིད་སྐྱོང་སེང་གེའི་ལུས་ལ།།
    ཏོག་ཙམ་མིན་ན་ཕོག་སོང་།།

    གཞུང་བསྟེན་བསྟན་སྲུང་ངར་བཞིན།།
    མནའ་ཆུ་ངར་མ་བླུད་སོང་།།
    མནའ་བརྒལ་དགོངས་དཀྲུག་བྱུང་ན།།
    ཡན་པོར་མི་འཇོག་གསུངས་སོང་།།

    Reply
  7. དཀར་མེ། says:
    ལོ་ 10 སྔོན།

    བསྟན་འཛིན་ལྷ་སྒྲོན་ལགས། བོད་ཀྱི་བདེན་དོན་གསལ་བ་ལ་བོད་མི་སྤྱི་མཐུན་གྱིས་བསོད་ནམས་བསག་དགོས། ༸གོང་ས་འཛམ་གླིང་ཉི་མ་ལ་འཛམ་བུ་གླིང་ལ་འགོག་མེད་དུ་འཕྲོས་ཏེ་ཀུན་གྱིས་གཙུག་རྒྱན་དུ་བཀུར་བཞིན་ཡང་། བོད་བ་གླང་བ་རྣམས་ཀྱིས་དེ་བསོད་ནམས་ཀྱིས་ཐེག་གི་མེད་པ་འདྲ། ༸གོང་ས་འཛམ་གླིང་ཉི་མའི་བཀའ་དགོངས་མི་བརྩི་བར་ནང་ཁུལ་འཐེན་འཁྱེར་གྱིས་རླུང་འཚུབ་གཡོ་བཞིན་འདུག་གཱ ཀྱེ་མ་ཀྱེ་ཧུད་བོད་བ་གླང་འདི་ཚོ་ལ་ནམ་ཞིག་༸གོང་ས་འཛམ་གླིང་ཉི་མ་མི་བཞུགས་སྐབས་སུ་བསམ་ཞིག་ཤེས་ཀྱང་དེ་དུས་ཧ་ཅང་འཕྱི་དྲགས་པ་རེད། འགྱོད་ཀྱང་ཚར་བ་རེད། སྔོན་ཆད་སློབ་དཔོན་མཚོ་སྐྱེས་རྡོ་རྗེཆེན་པོས་ཀྱང་བོད་ལ་དྲིབ་ཅན་བྱས་ཀྱང་དྲིན་མི་གོ་ཞེས་གསུང་ཤོར་ཡོད་པ་རེད། ད་མ་འཕྱི་ཡང་མ་སྔ་མེད་པར་ཁྱེད་ཚོ་བོད་རིགས་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱིས་རྩ་དོན་གཅིག་ལ་མཆོང་བསྐྱོད་བྱས་ན། བདེན་མཐའ་སེལ་བར་ཐག་མི་རིང་། འདྲ་ང་ཡིས་ཀྱང་སྔོན་གྱི་དམ་པའི་སྐྱེས་ཆེན་དག་གིས་བཀའ་བསྒོས་དང་། ལས་ཀྱིས་བོད་ཁམས་སྐྱོང་བར་སྲུང་མར་ཉེ་བར་བསྐོས་པའི་ལས་འགན་མི་བཤོལ། དུས་འདི་ནི་བསམ་གཟས་ནས་བོད་རིགས་ནང་ཁུལ་དཀྲིགས་གཞི་བྱེད་པ་དང་། ང་ཡི་སློབ་དཔོན་མཐོང་བ་དོན་ལ་ཐུགས་ཕམ་གཞི་བྱེད་རིགས་ལ་ལས་ཀྱིས་ཀྱང་ལ་ཡོག་ཡོང་ལ། བོད་སྐྱོང་སྲུང་མ་རྣམས་ཀྱིས་ཀྱང་ཡམ་པོར་མི་གཏོང་བ་ད་དུས་ལ་བབ་ཡོད། དེ་དོན་བསྟན་འཛིན་ལྷ་སྒྲོན་ཅན་ཚོའི་སེམས་ལ་མངའ་བར་མཛོད། ཅེས་སྟོང་གསུམ་གྱི་ཁམས་ཆེན་པོར་ཉིན་གཅིག་ལ་ཐེངས་གསུམ་བསྐོར་བའི་གནས་ཆུང་ཆོས་རྒྱལ་ཆེན་མོའི་ཕོ་ཉ་བ་བྱ་འཕུར་ཁྱུང་གཤོག་གཡུ་སྔོན་རྩལ་གྱིས་ལན་དུ་བསྐུར་བའོ།།

    Reply
  8. བཀྲ་ཤིས་ཆོས་འཕེལ། says:
    ལོ་ 10 སྔོན།

    ཧེ། སྲིད་སྐྱོང་སློབ་བཟང་སངས་རྒྱས་ཡ། སྲིད་སྐྱོང་སློབ་བཟང་སངས་རྒྱས། ད་ག་རེ་གནང་རྩིས་ཡོད་དམ། སྲིད་སྐྱོང་སློབ་སངས་བཟང་སངས་རྒྱས།

    Reply
  9. བསྟན་འཛིན་ལྷ་སྒྲོན། says:
    ལོ་ 10 སྔོན།

    གང་ལྟར་བཀའ་སྤྱི་གཉིས་འདི་ལྟར་༧གོང་ས་རྒྱལ་བའི་དབང་བོ་མཆོག་ལ་འགྱོད་བཤག་དང་དམ་བཅའ་མཐའ་སྐྱེལ་གནང་དགོས་པ་གལ་ཆེན་པོ་རེད།
    འདི་ཕྱི་གཉིས་ཀྱི་སྐྱབས་གནས་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་ཞིང་ཐུགས་བཞེད་ལྷུན་འགྲུབ་ཡོང་བར་སྨོན།

    Reply
  10. བསྟན་འཛིན་ལྷ་སྒྲོན། says:
    ལོ་ 10 སྔོན།

    གནས་ཆུང་ལགས། བོད་ཀྱི་བདེན་མཐའ་ག་དུས་སེལ་ངེས་རེད། ཐུགས་རྗེ་གཟིགས་གསུང་ཞིག་བརྗོད་རོགས།

    Reply
    • བསྟན་དབང། says:
      ལོ་ 10 སྔོན།

      བསྟན་འཛིན་ལྷ་སྒྲོན་ལག་།གནས་ཆུང་གི་བཀའ་ལུང་རིང་ཐགས་གཅོས་གོང་དུ་གནང་འདུག་ག་ཡག་པོ་ཟིགས་དང་ཁྱེད་ལ་དགོས་པའི་ལན་འདུགས།བ

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese