མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་གསུམ་པ་ཚོགས།

བོད་ཀྱི་དུས་བབ།
༢༠༡༦/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་སྒྲིག་ཁོངས་སུ་ས་གནས་ཁག་ ༡༤༦ ནས་ཁྱིམ་ཚང་ ༣༣༠༠ ལྷག་འཛུལ་ཞུགས་གནང་ཡོད་འདུག

IMG_0916

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་། དྷ་ས་དབུས་གཙང་ཆོལ་ཁའི་ཚོགས་ཁང་དུ། བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་གོ་སྒྲིག་འོག རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པ་ཚོགས་སོང་ལ། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་མཆོག་དང་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ་ཀརྨ་དགེ་ལེགས་གཉིས་ཀྱི་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ། དེ་བཞིན་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ་གཞོན་དང་རྒྱུན་ལས་རྣམ་པ་བཅས་མི་གྲངས་ ༢༠ འཛོམས་འདུག

མཛད་སྒོ་དབུ་འཛུགས་སྟེང་ཚོགས་གཙོ་ཀརྨ་དགེ་ལེགས་མཆོག་གིས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་བྱུང་རིམ་ངོ་སྤྲོད་གནང་བ་ལྟར་ན། ༢༠༠༦ ལོའི་ཕྱི་ཟླ་ ༨ ནང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ལུ་ཌེ་ཡ་ན་ (Ludhiana) གྲོང་ཁྱེར་དུ་ཚོགས་འདུ་བསྐོངས་པ་རེད། སྐབས་དེར་དཔལ་འབྱོར་ལས་ཁུངས་ཀྱིས་བཀའ་གནང་བ་ལྟར། རྒྱ་གར་ནང་གི་བོད་མི་སུད་ཚོང་བའི་ས་གནས་ཆེ་ཁག་ཡོངས་རྫོགས་ཀྱི་འཐུས་མི་ཕེབས་ཏེ་ཉིན་གཉིས་རིང་ཚོགས་འདུ་ཚོགས་པ་དང་། དེའི་མཐུན་རྐྱེན་ཆ་ཚང་དཔལ་འབྱོར་ལས་ཁུངས་ནས་བཏང་བ་རེད། ཚོགས་འདུའི་མཐའ་མ་དེར་ལོ་གཉིས་རེའི་ནང་འགན་འཛིན་ལྷན་ཚོགས་འཚོགས་དགོས་པའི་གྲོས་ཆོད་བྱུང་བ་དང་། ལོ་གཉིས་ནང་འགན་འཛིན་ལྷན་ཚོགས་ལ་ལས་འགན་ག་རེ་བཞག་ཡོད་པ་རེད་ཟེར་ན། ཚོང་པ་ཚོགས་པ་དེབ་སྐྱེལ་བྱེད་རྒྱུ་དེ་ཡིན་སྟབས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པ་ (Tibetan Refugee Traders Association) འདི་ལུ་ཌེ་ཡ་ན་རུ་དེབ་སྐྱེལ་བྱས་པ་རེད། ད་ཆར་ང་ཚོ་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་སྐབས་གསུམ་པའི་འགན་འཛིན་ལྷན་ཚོགས་ཆགས་ཡོད་པ་རེད། ཅེས་བརྗོད་སོང་།

ཁོང་གིས་ཚོགས་པའི་དམིགས་ཡུལ་སྐོར་ལ། སྒྲིག་འཛུགས་འདི་མུ་མཐུད་ཡར་རྒྱས་བཏང་བ་ཡིན་ན། བཙན་བྱོལ་བོད་མིའི་ཚོང་ལས་དང་ཚོང་ཁྲལ། ཚོང་རྫས་ཉོ་འཚོང་། ཁྲོམ་ར་གསར་འཛུགས་སོགས་ཕྱོགས་གང་ཐད་ནས་ཚོགས་པ་འདིས་འགན་འཁུར་གྱི་ཡོད་པ་རེད། དེ་བས་རྒྱ་གར་གྲོང་ཁྱེར་ལུ་ཌེ་ཡ་ན་རུ་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་རྒྱབ་གཉེར་མེད་པའི་བོད་མི་སུད་ཚོང་བ་གཅིག་ཀྱང་ཡོད་པ་མ་རེད། འདས་པའི་ལོ་ངོ་གཅིག་དང་ཕྱེད་ཀའི་རིང་ལ་ང་ཚོ་བཙན་བྱོལ་མིའི་ཚོང་པ་ཚོགས་པའི་སྒྲིག་འཛུགས་ནང་རྒྱ་གར་ཡོངས་ཀྱི་བོད་མི་སུད་ཚོང་བའི་ས་གནས་ཁག་ ༡༤༦ གི་ཁྱིམ་ཚང་ ༣༣༠༠ ལྷག་འཛུལ་ཞུགས་གནང་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས་བཙན་བྱོལ་བོད་མི་སུད་ཚོང་བའི་དཀའ་རྙོག་སྐོར་ལ། ས་གནས་བོད་མི་དང་བོད་མི་མ་ཡིན་པའི་ཚོང་པ་ལ་ལ་ཞིག་གིས་ཕན་ཚུན་ལ་བུ་ལོན་གཡར་སྐྱིལ་བྱས་པ་དང་མཐའ་མ་དེར་བུ་ལོན་མ་སྤྲད་པའི་དཀའ་རྙོག་འབྱུང་གི་ཡོད་སྟབས། ད་ལན་ནས་ང་ཚོ་བཙན་བྱོལ་མིའི་ཚོང་པའི་སྐྱིད་སྡུག་ཚོགས་པ་འདིའི་ནང་ཡོད་བསྡད་པའི་བོད་མི་སུད་ཚོང་བ་ཚང་མར་ངོ་སྤྲོད་ལག་འཁྱེར་བཟོ་འཆར་ཡོད་ལ། ངོ་སྤྲོད་ལག་འཁྱེར་དེ་འདྲ་ཞིག་བཟོ་བར་སྐྱབས་བཅོལ་ལག་དེབ་ཡོད་ན་འགྲིག་གི་རེད་ལ་མེད་ནའང་འགྲིག་གི་རེད། འོན་ཀྱང་རང་བཙན་ལག་དེབ་ངེས་པར་དུ་དགོས་ཀྱི་ཡོད་པ་རེད། ཅེས་སོགས་བརྗོད་སོང་།

དེའི་རྗེས་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་གསུང་བཤད་གནང་དོན། བཀའ་ཤག་གི་ངོས་ནས་བོད་མིའི་སྤྱི་ཚོགས་ནང་ཚོང་ལས་ཡར་རྒྱས་དང་རང་ཁ་རང་གསོ་དགོས་པའི་གནས་སྟངས་ལ་དགོངས་པ་བཞེས་ཀྱི་ཡོད་པ་རེད། བོད་མི་སུད་ཚོང་བའི་ཚོང་ལས་ཚོགས་པ་འདི་བཙུགས་ཏེ་དེབ་སྐྱེལ་གནང་དགོས་ཀྱི་འདུག་ལབ་པ་ལྟར་དེབ་སྐྱེལ་གནང་ཐུབ་པ་བྱུང་བ་རེད། དེ་བཞིན། ཕན་ཚུན་ལ་འབྲེལ་བ་བྱེད་པར་ལས་ཁུངས་ཤིག་ཀྱང་དགོས་ཀྱི་འདུག་ཅེས་མི་མང་གིས་གནས་ཚུལ་ཞུས་ཏེ། ༢༠༠༦ ལོའི་ཕྱི་ཟླ་ ༨ པའི་ནང་གྲོང་ཁྱེར་ལུ་ཌེ་ཡ་ན་རུ་ལས་ཁུངས་འཛུགས་ཐུབ་པ་བྱུང་བ་རེད། ལས་ཁུངས་ཤིག་བཙུགས་པ་ཡིན་ན་ལས་དོན་བྱེད་པ་དང་རྒྱུན་ལས་སོགས་ལ་འགྲོ་གྲོན་གང་ལ་གང་འཚམ་ཡོད་སྟབས། ཚོགས་པའི་ངོས་ནས་འབོད་སྐུལ་ཞུས་པ་ལྟར་ཐོག་མའི་ཆ་ལ་བཀའ་ཤག་ལྷན་རྒྱས་ནས་ཚོང་པ་ཚོགས་པའི་ལས་ཁུངས་འདིའི་ཆེད་དུ་མཐུན་འགྱུར་གང་ལ་གང་འཚམ་ཞིག་ལ་དགོངས་པ་བཞེས་གནང་འདུག མ་འོངས་པར་བོད་མི་སུད་ཚོང་བའི་ཚོང་ཁྲལ་གྱི་དཀའ་ངལ་དང་རྐྱེན་ངན་ག་རེ་བྱུང་བ་ཡིན་ན། ནང་སྲིད་ལས་ཁུངས་ངོས་ནས་མཐུན་རྐྱེན་གནང་གི་རེད། ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་དུ་གསུངས་དོན། ད་ཆར་ཚོགས་པ་འདིའི་ནང་ཚོགས་མི་ ༡༤༠ ལྷག་འཛུལ་ཞུགས་གནང་ཐུབ་པ་བྱུང་འདུག་ལ། ད་དུང་བོད་མི་སུད་ཚོང་ཚོགས་པའི་ནང་འཛུལ་ཞུགས་གནང་རྒྱུ་ཞེ་དྲགས་གལ་ཆེན་པོ་རེད། དེ་དམིགས་འདུན་གཅིག་རེད། དམིགས་འདུན་དེ་གཅིག་ཕན་གཅིག་གྲོགས་རེད། རྐྱེན་ངན་ག་རེ་བྱུང་བ་ཡིན་ན། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མར་འབྲེལ་བ་གནང་ས་དེ་བོད་མི་སུད་ཚོང་ཚོགས་པའི་ལས་ཁུངས་ཆགས་བསྡད་ཡོད་དུས། ལས་ཁུངས་དེའི་ནང་རྒྱུན་ལས་བཙུགས་ནས་ལས་ཀ་གནང་གི་ཡོད་པ་རེད། དེ་བཞིན་བོད་མི་སུད་ཚོང་བ་སྒེར་སོ་སོའི་ངོས་ནས་དཀའ་ངལ་ག་རེ་འཕྲད་པ་ཡིན་ན། ལམ་སང་ཞུ་གཏུག་བྱེད་ས་དེ་ཚོགས་པའི་ལས་ཁུངས་ཆགས་ཡོད་པ་རེད། ལས་ཁུངས་འདི་བརྒྱུད་ནས་རྒྱ་གར་གཞུང་ལ་ཞུ་དགོས་པ་དང་བོད་མིའི་སྒྲིག་འཛུགས་ལ་ཞུ་དགོས་པའི་གནད་དོན་ག་རེ་ཡིན་ནའང་། དེ་འདྲའི་ཐོག་ལ་ཕན་ཐོག་ཆེན་པོ་ཆགས་བསྡད་ཡོད་སྟབས། བོད་མི་སུད་ཚོང་བ་ཚང་མས་ཚོགས་པ་འདིའི་ནང་ཆ་ཤས་ལེན་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་སོགས་གསུང་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༢༢ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese