མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གླེང་བ།

བོད་ཀྱི་དུས་བབ།
༢༠༡༦/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཆུང་ཚེ་རིང་།

Kalon༄༅།། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས། བཀའ་བློན་ནས་དགོངས་ཞུ་གནང་བའི་གཞུང་འབྲེལ་གསལ་བསྒྲགས་དེ་མཐོང་བས། སྐབས་ཤིག་རིང་ཡིད་མ་ཆེས་པ་ཞིག་བྱུང་། དེ་ནས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་སོགས་བཞུགས་སྒར་དུ་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་སྐུ་ངོ་མཆོག་གི་གཟིམ་ཤག་ཏུ་བཅར་ནས་ཁོང་སྐུ་ངོ་མར་དགོངས་ཞུ་གནང་དོན་བཅར་འདྲི་གནང་བ་དེ་མཇལ་བས། དགོངས་ཞུ་གནང་དགོས་རྒྱུ་མཚན་རྣམས་ཤེས། རྩོམ་ཡིག་འདི་ནི་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས། ད་ཕན་བོད་གཞུང་དམངས་དཀའ་ངལ་ཆེ་བའི་དུས་སྐབས་སུ། རང་གི་མི་ཚེའི་ནང་གི་དུས་སྐབས་ཡག་ཤོས་ཆ་ཚང་ཞབས་འདེགས་སུ་ཕུལ་བར། བསྔགས་བརྗོད་དང་ཡི་རང་ཞུ་ཆེད་བྲིས་པ་ལས་དེ་མིན་གྱི་དམིགས་ཡུལ་གང་ཡང་མེད།

ངས་འབྲོང་ཆུང་དངོས་གྲུབ་ལགས་ཀྱི་སྐོར་ཐོག་མར་ཐོས་ས་ནི། བོད་ནང་དུ་ཡིན། ང་དང་སྤུན་གྲོགས་བློ་བཟང་ལུང་རྟོགས་གཉིས་བཙན་བྱོལ་དུ་ཡོང་ཁར། བོད་ནང་བོད་དོན་ཆེད་ཕྱག་ལས་གནང་མཁན་གནད་ཡོད་ཅིག་ཡོད་པ་མཇལ་བར་སོང་། ཁོང་ལ་ངེད་གཉིས་རིང་མིན་རྒྱ་གར་ལ་སྐྱབས་བཅོལ་དུ་འགྲོ་རྩིས་ཡོད་ཅེས་ཞུས། ཁོང་གིས་དེ་མུར་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལ་ཞུ་རོགས་ཞེས་གསང་བའི་གནས་ཚུལ་འགའ་ཞིག་གསུངས་གནང་བྱུང་། རྒྱ་གར་དུ་སླེབས་རྗེས་གནས་ཚུལ་དེ་ཞུ་བར་བདེ་སྲུང་ལས་ཁུངས་སུ་བཅར་བ་ཡིན། སྐབས་དེ་དུས་ཕྱི་ལོ་ ༡༩༩༡ ལོའི་ལོ་མཇུག་ལ་རེད། འབྲོང་ཆུང་དངོས་གྲུབ་ལགས་དེ་དུས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེའི་ཡིག་ཚང་ནང་བཞུགས་འདུག་ཅིང་། ཁོང་གི་ཡིག་ཚང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་། བོད་ཀྱི་རྒྱལ་དར་ཆེན་པོ་ཞིག དེ་བཞིན་བོད་ཀྱི་ས་བཀྲ་བཅས་བཤམས་འདུག་པས། ཁོར་ཡུག་དེ་འདྲ་ཞིག་གི་ནང་བཙན་བྱོལ་བོད་གཞུང་གི་གནད་ཡོད་མི་སྣ་ཞིག་མཇལ་བ་མི་ཚེའི་ནང་ཐེངས་དང་པོ་ཡིན་པས་སེམས་པ་དགའ་ལྷང་ལྷང་བྱུང་། ཁོང་གིས་ངེད་གཉིས་རྐུབ་སྟེགས་ཐོག་སྡོད་བཅུག་པ་དང་སྦྲགས། ངེད་གཉིས་ཀྱི་སྐད་ཆར་ཐུགས་སྣང་ཧ་ཅང་ཆེན་པོས་གསན་གནང་སོང་། ལྷག་པར་དུ་བོད་ནང་གི་གནད་ཡོད་མི་སྣ་དེས་བསྐུར་བའི་གསང་འཕྲིན་རྣམས་ལ་དོ་དོ་ཏན་ཏན་གནང་སྟེ་གསན་པ་མ་ཟད་བརྗེད་ཐོ་ཡང་བསྐྱོན་སོང་བས་སེམས་ལ་བག་ཆགས་ཆེན་པོ་བྱུང་།

༡༩༩༥ ལོར་ང་རང་སློབ་གྲྭ་ཐོན་རྗེས་གངས་སྐྱིད་དུ་བོད་གཞུང་གི་ལས་བྱེད་པའི་ཁོངས་སུ་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༢༠༡༤ བར་གཞུང་ཞབས་ཁོངས་སུ་བསྡད། དུས་ཡུན་དེའི་རིང་གངས་སྐྱིད་ལས་བྱེད་པ་ཀུན་དང་འདྲ་བར་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་ལ་ཆ་རྒྱུས་བྱུང་ལ། ཆ་རྒྱུས་ཇི་ཙམ་བྱུང་བ་དེ་ཙམ་གྱིས་ཁོང་ལ་ཡིད་ཆེས་དང་གུས་བཀུར་གྱི་བསམ་བློ་ཆེ་རུ་སོང་། མ་གཞི་ང་རང་བདེ་སྲུང་ལས་བྱེད་མིན་པས། སྐུ་ངོ་འབྲོང་ཆུང་དངོས་གྲུབ་དང་ལས་དོན་ནང་དངོས་སུ་ཉིན་ནས་ཉིན་བསྟུད་དེ་གཤིབས་རྒྱུ་མ་བྱུང་ལ། སྒེར་གྱི་གྲོགས་འབྲེལ་ཟབ་མོ་ཆགས་ཏེ་རྟག་པར་མཇལ་མོལ་ཞུ་བའི་གནས་སྟངས་དེ་འདྲ་མ་བྱུང་ཡང་། ལོ་ངོ་བཅུ་གྲངས་རིང་གངས་སྐྱིད་ཀྱི་དཀྱིལ་འཁོར་གཅིག་ནང་མཉམ་དུ་གནས་པ་དང་། གལ་ཆེའི་གཞུང་འབྲེལ་འདུ་འཛོམས་དང་ཚོགས་འདུ་མང་པོར་ཕེབས་ཏེ་འགན་ཁུར་བཞེས་སྟངས། གནད་འགག་གི་སྐབས་སུ་གདོང་ལེན་གནང་སྟངས་རྣམས་ལོ་ནས་ལོ་བསྟུད་དེ་དངོས་སུ་མཐོང་མྱོང་ལ། གངས་སྐྱིད་ཀྱི་ལས་བྱེད་དོ་སྣང་ཅན་གཞན་ཚོས་ཀྱང་ང་བཞིན་དུ་གཟིགས་ཡོད་རེད།

སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་ལ་མི་ཚོས་གུས་བཀུར་ཆེན་པོ་ཞུ་དོན་གཙོ་བོ་ནི། ཁོང་གི་ལྟ་བ་དང་ལངས་ཕྱོགས། གཤིས་སྤྱོད་བཅས་གང་ཐད་ནས་ཧ་ཅང་བརྟན་པོ་རྡོ་རྗེའི་བྲག་དང་འདྲ་བ་ཞིག་ཡིན་པ་དེ་རེད། ཁོང་གི་ལངས་ཕྱོགས་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་ཁག་ལ་ཤེས་ནས་ཡིད་ཆེས་ཐོབ་སྟེ། དེའི་འོག་ཐེ་ཚོམ་དང་ནེམ་ནུར་རྩ་བ་ནས་མེད་པར་ཕེབས་མཁན་ཞིག་རེད། ཁོང་གི་རང་བཞིན་ནི་རང་ཚུགས་ཟིན་པོ་དང་། སྨྲ་བ་ཉུང་ཉུང་། དོན་གནད་ཚང་མར་ཐུགས་སྣང་ཆེན་པོ། མི་མཐོ་དམན་ཀུན་ལ་མཐོང་ཆེན་དང་འབྲེལ་བ་འཛིན་མཁས་པོ་རེད། ལྷག་པར་དུ་བདེ་སྲུང་ལས་ཁུངས་ཀྱི་ཕྱི་ནང་གསང་བའི་ལས་དོན་ཁག་ཕྱི་གྱར་རྩ་བ་ནས་མེད་པར་དམ་འཛིན་གནང་ཐུབ་མཁན་ཞིག་ཡིན་སྟབས། བཙན་བྱོལ་ནང་ཙམ་མ་ཟད། བོད་ནང་གི་བོད་མི་ཚོས་ཀྱང་ཁོང་ལ་ཡིད་ཆེས་དང་གུས་བཀུར་ཆེན་པོ་ཞུ་གི་ཡོད།

བཙན་བྱོལ་ནང་སྡིངས་ཆའི་སྒང་ནས་སྐད་ཆ་སྙན་པོ་ཤོད་མཁན་མང་པོ་རེད་དེ། དོན་དངོས་གདོང་ལེན་བྱེད་དགོས་སར་ཐུག་དུས་མདུན་དུ་ཐོན་མཁན་ཉུང་ཉུང་རེད། འོན་ཀྱང་འབྲོང་ཆུང་དངོས་གྲུབ་ལགས་ནི་གདོང་ལེན་བྱེད་དགོས་པའི་གནད་དོན་གང་ལའང་རང་ཟོན་དང་འཇིགས་ཞུམ་མེད་པར་ཐད་ཀར་གདོང་ལེན་མཐའ་གཅིག་ཏུ་གནང་མཁན་ཞིག་ཡིན་པ་དཔེར་ན། བར་ལམ་ཞིག་ནས་བོད་གཞུང་ལ་ངོ་ལོག་རྒྱབ་གཏོད་བྱེད་མཁན་དང་། དོལ་རྒྱལ་ཚོགས་པས་༸གོང་ས་མཆོག་དང་བོད་གཞུང་ལ་གཞི་མེད་སྐྱོན་འཛུགས་རིམ་པར་བྱས་པ་དེ་དག་ལ་རང་ཟོན་སྤངས་ཏེ་སྙིང་སྟོབས་ཆེན་པོས་མདུན་དུ་ཐོན་ཏེ་གདོང་ལེན་གནང་བ་ཚང་མས་མཐོང་གསལ་རེད།

དེའི་ཐོག་ཏུ་ཁོང་ནི་ཕྱི་ལོ་ ༡༩༧༧ ལོ་ནས་ ༢༠༠༧ བར་བོད་གཞུང་གི་གཞུང་ཞབས་དམའ་རིམ་རྒན་དྲུང་ནས་མགོ་བཙུགས་ཏེ། ཐེག་པ་རིམ་འཛེགས་ཀྱིས་དྲུང་ཡིག་ཆེ་མོ་བར་ལོ་ ༣༠ ཙམ་རིང་ཕྱག་ལས་གནང་བ་དང་། ༢༠༠༧ ནས་ད་ལྟ་བར་ལོ་བཅུ་ཙམ་རིང་བཀའ་བློན་གྱི་མཛད་འགན་བཞེས་པ་བཅས་བོད་གཞུང་མང་སྐུ་ངལ་ཆེ་བའི་དུས་སུ་ཁྱོན་བསྡོམས་མི་ལོ་ ༤༠ ཙམ་རིང་ཞབས་འདེགས་གནང་བའི་ཉམས་མྱོང་ཧ་ཅང་ཟབ་མོ་ཡོད་པ་དང་། བོད་ནང་དུའང་ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་གསང་སྟབས་ཀྱིས་ཆེད་དུ་ཕེབས་ནས་མྱངས་ཞིབ་དང་། འབྲེལ་ཟམ་བཙུགས་པ། རྒྱུན་དུ་བོད་ནང་གི་གནས་སྟངས་ལ་ཐུགས་སྣང་ཆེ་བ་བཅས། མདོར་ན་གཞིས་བྱེས་གཉིས་ཀའི་གནས་སྟངས་ཐད་མཁྱེན་རྟོགས་དང་ཉམས་མྱོང་གཏིང་ཟབ་ཡོད་མཁན་ཞིག་རེད།

ཁོང་ལ་མཁྱེན་ཡོན་དང་རང་ཚུགས། ཉམས་མྱོང་བཅས་ཡོད་པ་ཙམ་མ་ཡིན་པར། རང་འཁྲིའི་ལས་དོན་ཡོངས་དང་ལྷག་པར་དུ་༸གོང་ས་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབས་ཀྱི་ཐད་ཕྱག་ལས་ཧ་ཅང་གིས་ཞིབ་ཚགས་དང་། རྒྱུན་བསྲིངས། ནན་པོ་གནང་མཁན་ཞིག་རེད། ཁོང་བདེ་སྲུང་དྲུང་ཆེ་དང་བཀའ་བློན་གནང་བའི་དུས་ཡུན་ནང་། ༸གོང་ས་མཆོག་གི་ཆིབས་བསྒྱུར་གནང་ཐེངས་མང་ཤོས་དང་། མཛད་འཕྲིན་རྒྱས་ཆེ་ཤོས་ཀྱི་དུས་སྐབས་ཤིག་འཁེལ་ཡོད་པ་མ་ཟད། སྐུ་ཕྱྭར་བདོ་བའི་བསམ་སྦྱོར་ངན་པ་ཡང་འཕེལ་ཆེ་བའི་དུས་ཤིག་ཡིན་མོད། ལས་རྒྱུན་རིང་པོ་དེའི་ནང་༸གོང་ས་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབ་ཐད་འཐུས་ཤོར་བཏང་རིགས་གཅིག་སྣེ་གཅིག་ཀྱང་བྱུང་མེད་ལ། ༸གོང་ས་མཆོག་དང་བོད་མི་མང་བློ་ཕམ་དགོས་པའི་ཕྱག་ལས་གནང་བ་སྣེ་གཅིག་ཀྱང་མེད།

གཞན་ཡང་ཆོལ་ཁ་དང་ཆོས་ལུགས་མི་གཅིག་པའི་མི་ཚང་མར་དབྱེ་འབྱེད་མེད་པར་གཟིགས་མཁན་ཞིག་ཡིན་པ་མ་ཟད། མང་ཚོགས་ཀྱི་ཞུ་དོན་ལ་ཞིབ་ཚགས་ཀྱིས་གསན་པ་ལས། གཞན་གྱི་ཤོད་མཚམས་གཅོད་པ་དང་། རང་གིས་མང་པོ་བཤད་དེ་གཞན་གྱི་ཞུ་རྩར་མི་གསན་པ་ལྟ་བུ་རྩ་བ་ནས་མི་གནང་། ལྷག་པར་སྤྱི་ཚོགས་ནང་རྙོག་གྲ་ཆེ་ཆུང་ཅི་འདྲ་ཞིག་བྱུང་རུང་། འཚབ་འཚུབ་དང་ཧ་རེ་ཧུ་རེ་མེད་པར་འཕྲལ་དུ་དགོངས་བཞེས་གནང་ཐུབ་མཁན་ཞིག་དང་། ལམ་སྟོན་གནད་སྨིན་དུས་ཐོག་གནང་ཐུབ་མཁན་ཞིག་རེད།

ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་གཞུང་བསྟེན་ཆོས་སྐྱོང་རྣམ་པས། གཞུང་གི་ལས་དོན་དང་༸གོང་ས་མཆོག་གི་སྐུ་ཕྱྭ། མཐུན་ལམ་དམ་ཚིག་བཅས་ཀྱི་ཐད་བཀའ་ནན་ཤིན་ཏུ་ལྕི་བ་ཕེབས་པ་ལྟར། དེའི་ཐད་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་གིས་འགན་ཁུར་བཞེས་ཏེ། བཟང་སྤྱོད་ཀྱི་ཐོག་ནས་བཀའ་བློན་གྱི་གོ་གནས་ནས་དགོངས་ཞུ་གནང་བ་རེད། གནང་སྟངས་འདི་ཡང་བོད་སྤྱི་པའི་ཆེད་དུ་རེད་མ་གཏོགས་སྒེར་དོན་གྱི་ཆེད་དུ་མིན་པ་ནི། དགོངས་ཞུ་གནང་བའི་དུས་ཚོད་དེ་སྲིད་སྤྱིའི་འོས་བསྡུ་དང་། གྲོས་ཚོགས་ལས་རིམ་ཡོངས་སུ་མཇུག་བསྒྲིལ་བའི་རྗེས་སུ་གནང་བ་དེས་ཤེས་ཐུབ། མཇུག་ཏུ་སྐུ་ངོ་མཆོག་གང་དུ་ཕེབས་ཀྱང་སྐུ་ཁམས་བཟང་ཞིང་བོད་སྤྱི་པར་ཕན་པའི་མཛད་འཕྲིན་མུ་མཐུད་སྐྱོང་བ་དང་རྒྱས་པའི་སྨོན་འདུན་ཞུ།། །།

འབྲེལ་ཡོད་གསར་འགྱུར།

Farmers in Tibet: In the first seven months of this year over 500,000 rural Tibetan labourers have been pushed into military-style training centres.AP
Mobile App

རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པའི་སྙན་ཐོ་བཏོན།

ཆུ་ཚོད་ ༢༠ སྔོན་ལ།
རྒྱ་ནག་པེ་ཅིན་ནས་ཡིན་པའི་ཁྲིམས་རྩོད་པ་ཏུང་ཕུང་ལགས་ཀྱིས་བོད་ཀྱི་མཚོ་སྔོན་པོའི་འབྲོག་ཁུལ་ནས་གནས་ཚུལ་སྤེལ་བ། ཁོང་གི་བརྙན་ལམ་གྱི་པར།
Mobile App

འབྲོག་མང་བཙན་གྱིས་གནས་སྤོར་བཏང་བ་དང་གུན་གསབ་སྤྲོད་ཀྱི་མེད་པ་སོགས་ཀྱི་གནད་དོན་ལ་རོགས་རམ་བྱེད་ཀྱི་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བལ་བཟའ་ཁྲི་བཙུན་བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁོངས་སུ་འཇུག་དགོས་པའི་རེ་སྐུལ་ཞུ་བཞིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་པ་ཞལ་གྲངས་ ༥༤ ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ནས་བླངས། ༢༠༢༦།༡།༢༢
༸གོང་ས་མཆོག གསར་འགྱུར།

དགེ་འདུན་པ་ཞལ་གྲངས་ ༥༤ ལ་དགེ་སློང་གི་སྡོམ་པ་བསྩལ། 

༢༠༢༦/༠༡/༢༢
*As of December 1, 2025 | Total imprisoned: 330 journalists. Chart: Charles SpicerSource: The Committee to Protect Journalists
Mobile App

འདས་ལོར་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་དེ་རྒྱ་ནག་རེད་འདུག

༢༠༢༦/༠༡/༢༢
རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་མགོ་འཛུགས་གནང་། ༢༠༢༦།༡།༢༡-༢༦  པར་ཚོགས་ཆུང་གིས་འདི་གར་མཁོ་སྤྲོད་གནང་།
Mobile App

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་འཚོག་གི་འདུག 

༢༠༢༦/༠༡/༢༢

མཆན། 10

  1. བོད་- མུ་ཏོ་བ། says:
    ལོ་ 10 སྔོན།

    དགེན་ཆུང་ཚེ་རིང་ནས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱི་མཛད་རྗེས་ཁ་གསལ་གསུངས་བར་བཀའ་དྲིན། འདི་ལྟར་ལྟོས་ཡོངས་ན་བཀའ་ཟུར་འབྲོང་ཆུང་ནི་གནད་འགག་སྐབས་སུ་མ་འཁྲུལ་མ་ནོར་རང་ཐག་རང་གཅོད་ཕོད་མཁན་ཞིག་དང་། བསམ་གཞིག་རྣམ་དག་གིས་རང་གི་ལངས་ཕྱོགས་དང་བསམ་ཚུལ་བརྗོད་ཐུབ་མཁན་ཡིན་པ་གསལ་བོ་རེད་འདུག དེར་བརྟེན། ཕྱི་ནང་གི་གནས་ཚུལ་བཟང་ངན་གང་ཡང་ཐམས་ཅད་རང་རང་སོ་སོའི་ངོས་ནས་མ་འཁྲུལ་མ་ནོར་བ་ཞིག་རྟོགས་དགོས་པ་ཧ་ཅང་གི་གལ་གནད་ཆེན་པོ་རེད་བསམ། ༧ གོང་ས་རྒྱལ་བོའི་དབང་བོ་མཆོག་གི་ཐུགས་ཕམ་གྱི་གསུང་བཤད་དང་། ལྷ་ཆོས་སྐྱོང་སྲུང་མའི་བཀའ་ལུང་དྲག་པོ་ཕེབས་པ་དང་། མིའི་ཡང་རྩེ་རུ་གྱུར་བའི་བཀའ་བློན་གཉིས་ཀྱིས་བསྟུན་མར་གཅིག་འཕྲོ་གཅིག་ལ་དགོངས་པ་ཞུ་སོགས་ཀྱི་གནས་ཚུལ་ལ་ཞིབ་ཏུ་ལྟོས་ན། ཕྱི་ཕྱོགས་ནས་ཡར་རྒྱས་དང་ཚགས་ཚུལ་སོགས་འདྲ་ཆགས་ཆགས་བཤད་ནས་མི་མང་ལ་མགོ་སྐོར་ག་ཚོད་བཏང་བ་ཡིན་ན་ཡང་། དོན་དངོས་སུ་ནང་སྙིང་རུལ་བསྡད་ཡོད་བ་གསལ་བོ་རེད།

    Reply
  2. ར་བང་བསྟན་འཛིན་ནོར་བུ། says:
    ལོ་ 10 སྔོན།

    བདེན་གཏམ་ཞིག་བསྒྲགས་པ་ལ་ཐུགས་ཆེ་གནང་། ཆུང་ཚེ་རིང་ལགས་ནི་གཟུར་གནས་བློ་ལྡན་ཞིག་ཡིན་པར་འདོད་ལ་ཁོང་གིས་སྤེལ་བའི་རྩོམ་ཡིག་དེ་ཚོས་ང་ཚོ་ལ་འདས་སོང་གི་བདེན་གཏམ་དང་མ་འོངས་ཕུག་བསམ་གྱི་བསམ་བློའི་རྒྱགས་ཕྱེ་ཡང་སྟེར་གྱི་་་སྐུ་ཉིད་ལ་སླར་ཡང་ཐུགས་ཆེ་ཞུ་འདོད།།

    Reply
  3. ཁ་ཕྱོགས་མེད། says:
    ལོ་ 10 སྔོན།

    སྐུ་ངོ་མཆོག་ལྟ་བུའི་བྱས་རྗེས་དང་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་མི་སྣ་གངས་སྐྱིད་དུ་ཉུང་ཤས་ཤིག་ལས་ལྷག་མེད། ཁོང་རྩ་དགོངས་སུ་ཕེབས་པ་ང་ཚོའི་གྱོང་རེད་མོད་འོན་ཀྱང་ཁོང་གི་མཐའ་མ་ཐག་གཅོད་དེ་འདྲ་གནང་དགོས་པའི་རྒྱུ་རྐྱེན་དངོས་ལ་བརྟག་དཔྱོད་བྱས་ཏེ་ངོ་ཚ་ཁྲེལ་མེད་དང་མགོ་གཡོག་རྫུན་སྐོར་བྱེད་མཁན་གྱི་མཐོ་རིམ་ལས་ཀྱི་སྣེ་མོ་བ་དག་ལ་མི་མང་གིས་དུས་རྟག་ཏུ་མིག་གཅེར་ནས་ལྟ་དགོས། མ་འགྲིག་པ་དང་མ་འཐུས་པ་ཅུང་ཙམ་རེ་བྱུང་ཡང་རྒྱ་ཡན་དུ་གཏོང་མི་རུང་། གསར་འགྱུར་ལས་རིགས་གཉེར་མཁན་དག་གིས་གཙོ་འགན་བླངས་ཏེ་དུས་རྟག་ཏུ་གླེང་དགོས། དེ་འདྲ་བྱས་ན་ད་གཟོད་ཁོང་ཚོས་རང་སྣང་གང་དྲན་བྱེད་ས་མི་འགྲོ། དེ་མིན་བཟང་སྤྱོད་ལྡན་པ་དག་གི་དགོངས་པ་ཞུས་ཤུལ་དུ་གོ་སྐབས་རང་ལུགས་དག་ལྷག་པ་ཡིན་ན་གྱོང་དེ་བོད་སྤྱི་ལ་རག་གི་རེད། དེར་བརྟེན་ད་ནས་བཟུང་ང་ཚོས་གཟབ་གཟབ་བྱེད་དགོས།

    Reply
  4. བསྟན་འཛིན་ཕུན་ཚོགས། says:
    ལོ་ 10 སྔོན།

    སྐུ་ོ་ཁོང་འདྲ་བའི་ལས་བྱེད་དམ་ཡང་ན་ཆབ་སྲིད་འགན་འཁུར་གནང་མཁན་གངས་སྐྱིད་རྭ་བའི་ནང་དེང་སང་ཧ་ཅང་དཀོན་པོ་རེད་འདག།

    Reply
  5. དམིགས་བུ། says:
    ལོ་ 10 སྔོན།

    སྐུ་ངོ་ལགས། བཟང་སྤྱོད་ལ་བརྩི་བཀུར་གནང་བར་བཀའ་དྲིན་ཆེ། འདི་ནི་མིག་དཔེ་ཞིག འདི་ནི་ལམ་སྟོན་ཞིག་ཡིན བཟང་སྤྱོད་ནི་ལག་ལེན་གནང་རྒྱུ་ཞིག་ལས་ཁ་ནས་བཤད་བསྡད་ན་འགྲིག་པ་ཞིག་མིན། དངོས་སུ་བཟང་སྤྱོད་ལག་བསྟར་གནང་ཐུབ་མཁན་གྱི་སྐྱེས་བུ་སུ་དང་སུ་ཡོད་དམ། བདེན་པ་ཉིད་རྒྱལ་གྱུར་ཅིག

    Reply
  6. ཚེ་རིང་ says:
    ལོ་ 10 སྔོན།

    ཁོང་རང་གི་ནོར་བ་ལ་མནོང་ཡོད་ན་མ་གཏོགས་ཡ་རབས་བཚང་སྤྱོད་ཐོག་ནས་རྩ་དགོངས་ཞུས་གསུངས་པ་ལ་གོ་རྒྱུ་མིན་འདུག

    Reply
  7. Rinchen Dhondup says:
    ལོ་ 10 སྔོན།

    ཆུང་ཚེ་རིང་ལགས་ནས་འདིར་སྐུ་ངོ་དངོས་གྲུབ་ལགས་ཀྱི་སྐོར་གང་གསུངས་པ་རྣམས་ངོ་མ་བདེན་གཏམ་རང་རེད། བཀའ་དྲིན་ཆེ།

    Reply
  8. ཚེ་རིང་ says:
    ལོ་ 10 སྔོན།

    བཀའ་བློན་གཉིས་ནས་རྩ་དགོངས་ཞུས་པ་དེས་སྲིད་སྐྱོང་ཕྱག་ལས་གནང་སྟངས་ལ་སྐྱོན་དང་། མཐུད་ཤོར་ཞིག་འགྲོ་བཞིན་པ་གསལ་པོ་རེད། དེ་དག་སྲིད་སྐྱོང་གིས་ངོས་ལེན་གནང་དགོས་པ་ཤིན་ཏུ་གལ་འགངས་ཆེན་པོ་ཞིག་མཐོང་། ལོ་ལྔ་མ་བཟིན་སྔོན་ལ་སྒྲིག་འཛུགས་དང་། སྤྱི་ཚོགས་ནང་མི་མཐུན་དེ་འདྲ་ཡོང་བའི་རྒྱུ་གང་ལ་ཐུག་ཡོད། དེ་དག་གི་འགན་རྣམས་འཛིན་སྐྱོང་ལ་ཡོད་པ་དེ་མཁྱེན་པ་གནང་རོགས།
    དངོས་གནས་རྒྱ་གར་ཉེན་རྟོག་པར་རྩིས་སྤྲོད་གནང་ཐུབ་ན་སྲུང་མའི་ལུང་བསྟན་རྫུན་བཟོ་བྱེད་མཁན་དེ་དག་གནང་དང་། རྗེས་སུ་ཡིད་རངས་ཡོད་།
    འོས་བསྡུའི་སྐབས་སུ་༧གོང་ས་མཆོག་གིས་བསྟོད་བསྔགས་གནང་ལུགས་མང་པོ་གསུངས་སོང་། ད་ལྟ་ཐུགས་ཕམ་དང་། སྐྱོན་བརྗོད་གནང་དེ་ཚོ་ཡང་མི་མང་ལ་གསུང་ན་འབུམས་རམ་པའི་མཚན་ཉིད་ཚང་ས་རེད།
    ༧གོང་ས་མཆོག་ནས་དམིགས་སུ་བཀར་ནས་འཕྲོད་བསྟེན་ལས་ཁུངས་ལ་གསུངས་སོང་། དེའི་ཐོག་འཛིན་སྐྱོང་ནས་ལག་བསྟར་གང་གནང་རྩིས་ཡོད་དམ།
    བདེ་སྲུང་བཀའ་བློན་དགོངས་ཞུ་ལ་རྒྱུ་མཚན་དེ་གཅིག་པུ་ཡིན་གྱི་མ་རེད་སྙམ་མོ།

    Reply
  9. བསྟན་འཛིན་ལྷ་སྒྲོན། says:
    ལོ་ 10 སྔོན།

    སྐུ་ངོ་འབྲོང་ཆུང་ལགས་བཀའ་བློན་ལས་གནས་དགོངས་པ་ཞུས་པ་འགྲིག་མིན་གང་ཡང་བཤད་རྒྱུ་མེད། ཡིན་ནའང་། སྐུ་ངོ་ལགས་ཐེངས་འགར་མཇལ་བའི་བརྒྱུད་རིམ་ནང་སྐུ་ངོ་མཆོག་ངོ་མ་ཐུགས་གཤིས་བཟང་པོ་དང་མཐོ་དམན་ཀུན་ལ་བརྩི་མཐོང་མཁན། སྐད་ཆ་ཡག་སྡུག་གཉིས་ཀར་ཉན་ཐུབ་མཁན་གྱི་མཐོང་སོང་པས། སྐུ་ངོ་མཆོག་ལ་ནམ་ཡང་གུས་བརྩི་ཡོད།

    Reply
  10. ཚ་བའི་མེ་ལྕེ། says:
    ལོ་ 10 སྔོན།

    གང་ལྟར་ལས་མཐའ་མ་འཁྱོལ་བ་དགོངས་ཞུ་བྱས་པ་དེར་རང་ངོས་ནས་བལྟས་ན་དེ་ཙམ་གླེང་རིན་ཡོད་པ་ཞིག་ཏུ་མི་སེམས། ཁོང་ལ་བྱས་རྗེས་ཡོད་བདེན་པ་ཡིན་ཡང་། བྱས་སྟངས་ཁ་ཤས་ཀྱིས་སྟེང་ནས་མ་འགྲིག་པ་དང་མ་འཐུས་པའི་དབང་རྒྱ་ཆེའི་མང་ཚོགས་ལ་ཏན་ཏན་བློ་ཕམ་བྱུང་ཡོད། རེད་དེ་གནས་ཚུལ་ཁ་ཤས་ཤིག་རང་ངོས་ནས་བཤད་དཀའ་བས་དེ་ལས་གནས་སྐབས་རིང་ལྷོད་པོར་བྱས་ན་དགའ་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese