མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་ཆེ་རུ་ཕྱིན།

བོད་ཀྱི་དུས་བབ།
༢༠༡༦/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

ནེའུ་ཡོག་དུས་བབ་གསར་ཁང་གི་ཆེད་བརྗོད། པདྨ་རྒྱལ་གྱིས་བོད་བསྒྱུར་བྱས།

རྒྱ་གཞུང་གིས་ཐལ་ཆེ་བའི་སྒོ་ནས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་གྱི་བདག་དབང་རྩོད་གླེང་ཐད་ལ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་སྔར་ལས་ལྷག་པར་ཡ་ལན་སློག་གི་ཡོད། རེས་གཟའ་ཉི་མའི་ཉིན་ཉི་ཧོང་གིས་འདས་པའི་མི་ལོ་ ༡༥ རྗེས་སུ་ཐོག་དང་པོར་ཧྥེ་ལེ་ཕེན་ལ་ཆུ་འཛུལ་དམག་གྲུ་མཁོ་འདོན་བྱེད་པའི་འབོད་སྐུལ་ཞུས་ཡོད་པ་དང་། དེ་ཡང་རྒྱལ་ཁབ་གཉིས་མཉམ་འབྲེལ་ཐོག་རྒྱལ་སྲུང་གི་སྟོབས་ཤུགས་མཐོར་རུ་གཏོང་ཐབས་ཤིག་ཡིན་པ་རེད།

Screen Shot 2016-04-07 at 4.28.17 PM

བདུན་ཕྲན་སྔོན་མར་ཝེ་ཋི་ནམ་གྱིས་རྒྱ་ནག་གི་གྲུ་གཟིངས་ཤིག་ཁྲིམས་འགལ་གྱི་སྒོ་ནས་ཝེ་ཋི་ནམ་གྱི་མཚོ་ཁུལ་དུ་འགྲུལ་སྐྱོད་བྱས་པ་བཀག་སྡོམ་བྱས་ཡོད་པ་དང་། ཧིན་རྡུ་ཉེ་ཞི་ཡས་ (F-16) རྟགས་ཅན་གྱི་མཁའ་དམག་གནམ་གྲུར་བརྟེན་ནས་རང་རྒྱལ་གྱི་མཚོ་ཁུལ་སྲུང་སྐྱོབ་ཀྱི་འཇིག་ཉེན་བསླངས་ཡོད་པ་རེད།

དེ་དང་མཉམ་དུ་བདུན་ཕྲག་སྔོན་མར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཐུག་འཕྲད་བྱས་ཡོད་པ་དང་། དེ་ཡང་ཨ་རིའི་དབུས་གཞུང་གིས་ཐེངས་འདིའི་ཐུག་འཕྲད་དེ་ནི་ཝ་ཞིན་ཊོན་གྱིས་རྒྱ་ནག་གི་རྣམ་འགྱུར་ཐོག་འཛིན་པའི་ཛ་དྲག་གི་ལྟ་སྣང་དེ་ཁ་གསལ་དང་ཐད་ཀར་ཞུས་ཡོད་སྐོར་བརྗོད་འདུག

རེས་གཟའ་ཟླ་བར་ཨ་རི་དང་ཧྥེ་ལེ་ཕེན་མཉམ་འབྲེལ་དམག་དཔུང་གི་དམག་སྦྱོང་མགོ་བཙུགས་པ་དེས་ཧྥེ་ལེ་ཕེན་གྱིས་ཨ་རི་ལ་བརྟེན་ནས་པེ་ཅིན་གཞུང་ལ་ཡ་ལན་སྤྲོད་ཐུབ་པའི་རྣམ་པ་སྟོན་གྱི་ཡོད་པ་མངོན་གསལ་རེད།

རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དུ་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། ཨ་སྒོར་ཐེར་འབུམ་མང་པོའི་ཚོང་ཟོག་སྐྱེལ་འདྲེན་བྱེད་སའི་མཚོ་ལམ་གལ་ཆེན་ཞིག་ཀྱང་ཆགས་ཡོད་པ་རེད། རྒྱ་ནག་གིས་མཚོ་ཁུལ་དེའི་བྲག་དང་བྱེ་ཐང་ཁག་མིས་བཟོས་གླིང་ཕྲན་དུ་འཛུགས་སྐྲུན་བྱས་ཏེ། གླིང་ཕྲན་དེ་དག་སྟེང་མཁའ་དམག་དང་མཚོ་དམག་གི་རྟེན་གཞི་འཛུགས་པའི་ལས་གཞི་ལག་བསྟར་བྱས་ཡོད་པ་རེད། གནས་ཚུལ་དེས་མཚོ་ཁུལ་དེའི་གླིང་ཕྲན་ཁག་ཅིག་རང་གི་མངའ་ཁོངས་སུ་གླེང་བའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཉེན་བརྡ་བསླངས་ཡོད་པ་དང་། ཁོ་ཚོ་རྒྱ་ནག་གིས་མིས་བཟོས་གླིང་ཕྲན་དེ་དག་བེད་སྤྱད་ནས་རྒྱལ་ཁབ་གཞན་གྱི་ཉ་འཛིན་དང་རྡོ་སྣུམ་ཐོན་སྐྱེད་ཀྱི་ཁེ་དབང་ལ་ཐེ་བྱུས་བྱ་སྲིད་པར་དངངས་འཚབ་ལང་གི་ཡོད།

མཚོ་ཁུལ་དེའི་བདག་དབང་རྩོད་གླེང་ལ་བརྟེན་ནས་སོ་སོའི་མཚོ་ཁུལ་སྲུང་སྐྱོབ་ཐད་གྲོས་ཆོད་གསར་བ་ཞིག་བཞག་ཡོད་པ་དང་། གྲོས་ཆོད་དེའི་ནང་འདས་པའི་མི་ལོ་ ༢༠ རྗེས་སུ་ཐོག་དང་པོར་ཨ་རིས་ཧྥེ་ལེ་ཕེན་གྱི་ས་གནས་ཁག་ ༥ ནང་དྲག་ཆས་དང་དམག་དཔུང་གི་རྟེན་གཞི་འཛུགས་ཆོག་པ་མ་ཟད། མངའ་ཁུལ་གྱི་དམག་དོན་འགྲོ་གྲོན་རྒྱ་སྐྱེད་ཆོག་པར་བྱས་ཡོད་པ་རེད། ཉེ་ཆར་ཨ་རིའི་དམག་གྲུས་རྒྱ་ནག་གིས་རང་རྒྱལ་གྱི་མངའ་ཁོངས་སུ་གླེང་བའི་མཚོ་ཁུལ་དུ་ཐེངས་གཉིས་ལ་མྱུལ་ཞིབ་བྱས་ཡོད་པ་དང་། ད་ཆར་མྱུལ་ཞིབ་ཐེངས་གསུམ་པ་བྱེད་འཆར་ཡོད་འདུག

ཧྥེ་ལེ་ཕེན་གྱིས་རྒྱལ་སྤྱིའི་རྩོད་གཞི་འདུམ་འགྲིག་ཁང་དུ་རྒྱ་ནག་གིས་ལྷོ་རྒྱུད་མཚོ་ཁུལ་ཧྲིལ་བོའི་བདག་དབང་རྒྱ་ནག་ལ་ཡོད་པའི་གླེང་ཕྱོགས་ཐད་རྩོད་གླེང་བྱེད་བཞིན་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༦ པའི་ཟླ་མཇུག་ལ་རྩོད་གླེང་དེ་ཐག་ཆོད་ཡོང་བའི་རེ་བ་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གིས་ ༡༩༨༢ ལོའི་ཨ་རིའི་མཚོ་ཁུལ་རྩ་འཛིན་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད་ནའང་། ཧྥེ་ལེ་ཕེན་གྱི་རྩོད་གླེང་གི་ཐད་ནས་རྒྱ་ནག་གིས་མཚོ་ཁུལ་དུ་ཉ་འཛིན་དང་ཚོང་ཟོག་སྐྱེལ་འདྲེན། མཚོ་ལམ་རྟོགས་ཞིབ་བཅས་ཀྱི་གྲོས་ཆོད་ལ་ངོས་ལེན་བྱེད་ཀྱི་མེད་སྟབས། ཨ་རིའི་གཞུང་གི་དཔོན་རིགས་ཚོས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་རྩོད་གཞི་འདུམ་འགྲིག་ཁང་དུ་ཐ་ན་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་གྱི་གླིང་ཕྲན་མང་པོ་འཛུགས་སྐྲུན་དང་བདག་བཟུང་བྱས་ཡོད་པ་དེ་ཡང་ངོས་ལེན་མི་སྲིད་པར་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་གི་བར་གནས་སུ་སྡོད་པའི་ཨ་རིའི་གཞུང་གིས་རྒྱ་ནག་གཙོས་པའི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཚང་མས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དུ་དམག་དཔུང་གི་རྟེན་གཞི་འཛུགས་སྐྲུན་དང་རྒྱ་སྐྱེད་གཏོང་བཞིན་པ་མཚམས་འཇོག་དགོས་པའི་སྐུལ་འདེད་གཏོང་གི་ཡོད་པ་མ་ཟད། ཨ་རིའི་གཞུང་གིས་ད་དུང་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་གི་གནད་དོན་ཁྲོད་ཕྱོགས་གང་ལ་རྒྱལ་ཁ་འཐོབ་པའི་ངོས་འཛིན་གནང་རྒྱུ་ཁག་ཐག་བྱས་ཡོད་པ་རེད།

ཨོ་བྷ་མ་དང་ཞི་ཅིན་ཕིན་གཉིས་ཀྱི་ཐུག་འཕྲད་ལ་བཟང་ཕྱོགས་ཀྱི་གྲུབ་འབྲས་ཅི་ཡང་ཐོན་མེད་པའི་སྐབས་འདིར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཨ་རྒྱ་གཉིས་བར་རྩོད་རྙོག་དང་རྒོལ་འཛིང་གི་གནད་དོན་གང་ཡང་མེད་པའི་ངོས་འཛིན་གྱི་ཐོག་ནས། རྒྱ་ནག་གིས་ཨ་རི་དང་ལྷན་དུ་ལས་དོན་སྒྲུབ་པའི་འདོད་འདུན་ཡོད་ལུགས་ནན་བཤད་བྱས་ཡོད་པ་རེད། ཡིན་ནའང་རྒྱ་ནག་གིས་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་དེ་བཞིན་ཞི་བའི་སྒོ་ནས་ཐག་གཅོད་མ་བྱས་པའི་རྐྱེན་གྱིས་ཕྱོགས་གཉིས་བར་རྙོག་འཛིང་ཆེ་རུ་འགྲོ་བཞིན་ཡོད་པ་འདྲ།

མ་རྩོམ་འབྲེལ་ཐག http://www.nytimes.com/2016/04/07/opinion/tensions-rise-in-the-south-china-sea.html?ref=opinion

འབྲེལ་ཡོད་གསར་འགྱུར།

Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

ཆུ་ཚོད་ ༡༨ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥
ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

༢༠༢༦/༡༠/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese