མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་རྒྱལ་སྐུ་ཚབ་བཀག་འགོག་བྱས།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

པེ་ཅིན་གཞུང་གིས་མི་དཀྱུས་མའི་གྱོན་ཆས་སྤྲས་པའི་ཉེན་རྟོག་དམག་མི་མངགས་ཏེ་ཕྱིའི་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོ་རྒྱ་ནང་དུ་བཀག་བསྐྱིལ་བྱས་པའི་བཙོན་མ་ཚོར་ཐུག་འཕྲད་བྱེད་དུ་བཅུག་མི་འདུག

11111111-2ཁ་སང་ཧོང་ཀོང་རང་དབང་གསར་ཁང་ (hkfp) གིས་གནས་ཚུལ་སྤེལ་བ་ལྟར་ན། ཧྥ་རན་སི་དང་འཇར་མན། ཁེ་ན་ཌ་དང་སུད་སི། ཡུ་རོབ་མཐུན་ཚོགས་བཅས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་པེ་ཅིན་དུ་བསྐྱོད་དེ་ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༤ བ་ནས་པེ་ཅིན་གྲོང་ཁྱེར་གྱི་གླས་ཤག་ཏུ་བཀག་བསྐྱིལ་བྱས་ཡོད་པའི་རྒྱ་ནག་གི་སྤྱི་མང་ཐོབ་ཐང་རྩོད་ལེན་པ་རྒྱ་རིགས་སྐྱེས་མ་ནེ་ཡུ་ལན་ (Ni Yulan) ཟེར་བ་ཞིག་ལ་ལྟ་སྐོར་གནང་སྐབས། མི་སེར་དཀྱུས་མའི་ལྭ་བ་གྱོན་པའི་རྒྱ་ནག་གི་ཉེན་རྟོག་དམག་མིས་ཁོ་ཚོ་ལྕམ་ནེ་ཡ་ལན་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་སྟབས། སྐུ་ཚབ་ཚོགས་ཆུང་དེས་ལྕམ་ནེ་ཡུ་ལན་ལ་ཁྱེར་བའི་ཟ་མ་སོགས་ཁོ་མོའི་བཟའ་ཟླའི་ལག་ཏུ་སྤྲད་ཡོད་འདུག

ལྕམ་ནེ་ཡུ་ལན་ལགས་ཀྱིས་ཨེ་ཕེ་གསར་ཁང་གི་གསར་འགོད་པར་བརྗོད་པའི་གནས་ཚུལ་ནང་། ཁོང་མོ་ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༤ བའི་ནང་པེ་ཅིན་ཞི་ཁྲང་ (Xicheng) ཉེན་རྟོག་ཚན་པས་འཛིན་བཟུང་བཀག་བསྐྱིལ་བྱས་པ་དང་། དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣ སྟེང་ཕྱིའི་རྒྱལ་ཁབ་ལྔ་ཡི་སྐུ་ཚབ་ཞི་ཁྲང་ས་ཁུལ་དུ་ང་ལ་ཐུག་འཕྲད་བྱེད་དུ་ཡོང་སྐབས། གྱོན་ཆས་དཀྱུས་མ་སྤྲས་པའི་ཉེན་རྟོག་དམག་མིས་ཁོ་ཚོ་བཀག་འགོག་བྱས་ཡོད་པ་རེད། དེ་བས་ངའི་བཟའ་ཟླ་ཕྱི་ལོགས་སུ་སྐུ་ཚབ་ཚོར་ཕེབས་བསུ་བྱེད་དུ་སོང་མོད། གྱོན་ཆས་དཀྱུས་མ་སྤྲས་པའི་ཉེན་རྟོག་པ་ཚོས་ཁོ་ཚོ་ངའི་ནང་དུ་ཡོང་བཅུག་མེད་པ་མ་ཟད། ད་དུང་ང་ཚོ་འདི་གར་ཁྲིམས་འགལ་གྱི་སྒོ་ནས་འཚོ་སྡོད་བྱས་ཡོད་ལུགས་བཤད་འདུག ང་ཚོས་འདི་གར་གླ་རིན་མཐོན་པོ་སྤྲད་ནས་སྡོད་ཁང་གླས་ཡོད། དེ་ཁྲིམས་འགལ་ཇི་ལྟར་ཡིན་ནམ། ཞེས་སོགས་བརྗོད་འདུག

རྒྱལ་སྤྱིའི་ཉེ་ཡང་ཚོགས་པའི་ཞིབ་འཇུག་པ་ཕོན་ (Poon) ཟེར་བ་ཞིག་གིས། ཨ་རིའི་གཞུང་གིས་ལྕམ་ནེ་ལགས་ལ་གཟེངས་རྟགས་ཕུལ་རྗེས། རྒྱ་ནག་གཞུང་གིས་ལྕམ་ནེ་དང་ཁོང་མོའི་བཟའ་ཟླ་གཉིས་ལ་ཐེངས་མང་པོར་བརྙས་གཙེར་དང་བརྡབ་གསིག་གཏོང་བཞིན་ཡོད་འདུག རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་རྩོད་པ་མང་པོའི་གྲས་ནས་ལྕམ་ནེ་ལགས་ནི་རྒྱ་ནག་གཞུང་གི་བརྙས་གཙེར་དང་བརྡབ་གསིག་ལ་མ་བལྟས་པར་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཞིག་རེད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་སྲིད་གཞུང་ཁག་ལ་ཞུ་རྒྱུར། རྒྱ་ནག་གཞུང་གིས་ལྕམ་ནེ་ལགས་དང་ཁོང་མིའི་ནང་མིར་བརྙས་གཙེར་དང་བརྡབ་གསིག་གཏོང་རྒྱུ་མཚམས་འཇོག་ཐབས་སུ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་འདུག

གནས་ཚུལ་ལྟར་ན། རྒྱ་རིགས་སྐྱེས་མ་ནེ་ཡུ་ལན་ལགས་ནི་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཞིག་ཡིན་པ་དང་། ཉེ་ཆར་ཨ་རིའི་གཞུང་གིས་ལྕམ་ནེ་ཡུ་ལན་ལགས་ལ་རྒྱལ་སྤྱིའི་སྙིང་སྟོབས་ཅན་གྱི་བུད་མེད་ (International Women of Courage awards) ཅེས་པའི་གཟེངས་རྟགས་ཤིག་ཕུལ་ཡོད་ནའང་། རྒྱ་ནག་གཞུང་གིས་ལྕམ་ནེ་ཡུ་ལན་ལགས་པེ་ཅིན་གྲོང་ཁྱེར་གྱི་ཁོང་མོའི་གླས་ཤག་ཏུ་བཀག་བསྐྱིལ་བྱས་ཏེ་ཨ་རི་ལ་འགྲོ་རུ་བཅུག་མེད་པ་དང་། གཟེངས་རྟགས་དེ་ནི་ཁོང་མོས་རྒྱ་ནག་གཞུང་གི་དྲག་གནོན་དང་དམ་དྲག་འོག་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་བཞིན་པར་ཕུལ་བ་ཞིག་ཡིན་ཞིང་། ཁོང་མོ་རྒྱལ་སྤྱིའི་སྙིང་སྟོབས་ཅན་གྱི་བུད་མེད་ཅེས་པའི་གཟེངས་རྟགས་དེ་བཞེས་མཁན་ཨང་ ༡༤ བ་ཡིན་པ་དང་། རྒྱལ་སྤྱིའི་སྙིང་སྟོབས་ཅན་གྱི་བུད་མེད་ཅེས་པའི་གཟེངས་རྟགས་དེ་ནི་འཛམ་གླིང་སྟེང་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་། དམངས་གཙོ་དང་ཕོ་མི་འདྲ་མཉམ་བཅས་ཀྱི་ཁེ་དབང་དང་ཐོབ་ཐང་རྩོད་ལེན་གནང་མཁན་སྐྱེས་མ་མཛད་རྗེས་ཅན་དག་ལ་སྩོལ་བཞིན་ཡོད་པ་ཞིག་ཡིན་པ་དང་། ལོ་ཤས་གོང་ལ་རྒྱལ་སྤྱིའི་སྙིང་སྟོབས་ཅན་གྱི་བུད་མེད་ཅེས་པའི་གཟེངས་རྟགས་དེ་བཞིན་བོད་དོན་འཐབ་རྩོད་པ་དང་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་སུའང་ཕུལ་མྱོང་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

སྐར་མ ༣ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese