སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དཔྱ་ཁྲལ་ལག་དེབ་ནང་ཁོང་གི་མཚན་ལ་ ‘སློབ་བཟང་སངས་རྒྱས’འཁོད་ཡོད་པ་དང་འོས་བསྡུའི་འགེང་ཤོག་ནང་ ‘བློ་བཟང་སེང་གེ’ ཞེས་འཁོད་ཡོད་པའི་གནད་དོན་དེ་བོད་མི་མང་པོ་འདས་པའི་དྲ་ཚོམས་ཤིག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུག་བྱས་ཡོད་འདུག
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤།༣༠ སྟེང་དྷ་ས་ནོར་བུ་མགྲོན་ཁང་དུ་ “ཁྲིམས་ཀྱི་བྱ་ར་སྐད་འཕྲིན་ཚོགས་པ”ཞེས་པའི་འཛམ་གླིང་ཤར་ནུབ་གང་སར་སྡོད་པའི་བོད་རིགས་མི་མང་ ༥༠༠ ཙམ་ཡོད་པའི་དང་བླངས་ཚོགས་པ་ཞིག་གི་གོ་སྒྲིག་འོག འདི་ལོའི་སྲིད་སྐྱོང་འོས་བསྡུའི་ལས་རིམ་ཁྲོད་ཁྲིམས་དང་སྒྲིག་གཞི་འགལ་བའི་གནས་ཚུལ་ཁག་ཅིག་བྱུང་ཡོད་པའི་གནད་དོན་ཐད། དབུས་འོས་བསྡུ་ལས་ཁང་དང་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་གཉིས་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ “འོས་བསྡུའི་སྒྲིག་གཞི་དང་འགལ་བའི་རྩོད་གླེང” གི་ཁ་མཆུ་ཁྲིམས་གཏུག་བྱས་ཡོད་འདུག
སྐབས་དེར་ཨ་ཅག་བཀྲ་ཤིས་གཡང་འཛོམས་དང་གྲྭ་དཀོན་མཆོག་དཔལ་བཟང་གཉིས་ཀྱིས་གསལ་བསྒྲགས་ཡིག་ཆ་ཞིག་སྒྲོག་སྦྱངས་བྱས་པའི་ནང་། འདི་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་ཁྲོད་ཟང་ཟིང་གི་རྣམ་པ་གང་ཙམ་བྱུང་བ་ཙམ་མ་ཟད། དེས་རྐྱེན་པས་ལྷ་དགོངས་འཁྲུགས་གཞི་དང་། བསམ་ཡོད་རྒན་རབས་པ་མི་ཉུང་བ་ཞིག་ཀྱང་བློ་ཕམ་སྐྱེ་གཞི་ཡང་གང་ཙམ་བྱུང་ཡོད་ལ། དེ་ལྟའི་འབྱུང་རྩ་ཡང་ང་ཚོའི་སྤྱི་ཚོགས་ཁྲོད་རུལ་སུངས་ཀྱི་དྲི་ངན་ཁྱབ་ཡོང་གི་ཡོད་པ་གསལ་བོ་རེད། དེས་ན་ང་ཚོ་མི་མང་གི་ངོས་ནས་ཀྱང་མགོ་རུལ་བ་རྣ་བས་མ་འཚོར་བའི་རྣམ་འགྱུར་བཟུང་ན་དག་ཐབས་ཤིག་མེད་པས། ང་ཚོས་ད་ཐེངས་ཀྱི་ལས་འགུལ་འདི་སྤེལ་བ་ཡིན།
ང་ཚོའི་ཐེངས་འདིའི་ལས་འགུལ་ནི་འདི་ལོའི་སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་ཁྲོད་གཏན་ལ་ཕབ་པའི་ཁྲིམས་དང་སྒྲིག་གཞི་འགལ་འཛོལ་ཅི་སྙིད་ཅིག་ཐོན་ཡོད་དེ། དཔེར་ན། ང་ཚོའི་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཐོག་པས་འོས་བསྡུའི་སྒྲིག་སྲོལ་ལས་འགལ་འཛོལ་བྱུང་བ་ལ་ཐོག་མར་དབུས་འོས་ལས་ཁང་ནས་དེ་དོན་བཀའ་ཡིག་ཕེབས་ཏེ་མི་མང་ནང་དོ་སྣང་གང་ཙམ་ཆེན་པོ་བྱུང་ཡོད་སྟབས། ཉིན་ཤས་རྗེས་གནད་དོན་དེ་མངོན་ཆུང་བཟོ་ཐབས་ཀྱི་བཀའ་ཡིག་རྗེས་སྣོན་བྱས་པ་ལྟ་བུ་རེད།
གནད་དོན་འདིས་ཅི་ཞིག་གསལ་བཤད་བྱེད་ཀྱི་ཡོད་ཅེ་ན། དབུ་ལ་བཞུགས་མཁན་གྱི་གང་ཟག་རེ་ཟུང་གིས་དབང་ཆ་གང་བྱུང་བེད་ལོག་ཏུ་སྤྱད་ནས་ང་ཚོའི་སྒྲིག་འཛུགས་འདི་རྨང་ནས་རུལ་སུངས་ལམ་ལོག་ཏུ་འཁྲིད་ཀྱིན་ཡོད་པ་དེ་རེད། དེ་བཞིན་དུ་སྲིད་སྐྱོང་འོས་མིའི་འོས་ཤོག་ཏུ་གསལ་བའི་མཚན་དང་། མཚན་དེའི་དོ་བདག་བཙན་བྱོལ་བོད་མི་ཡིན་པའི་ངོ་སྤྲོད་ཡིག་ཆར་གསལ་བའི་མཚན་གཉིས་རྦད་དེ་ཁ་ཁ་ཡིན་བཞིན་དུ་ཐད་ཀར་འགན་འཁྲི་ཡོད་པའི་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དང་། དོ་བདག་སུ་ཐད་ནས་ཀྱང་དེ་དག་སྣང་མེད་དུ་འཇོག་པ་དང་། མདོར་ན་མི་མང་རྩ་བ་ནས་མིག་ནང་འཇོག་གི་མེད་པ་དེ་རེད། རྒྱུ་མཚན་དེའི་སྟབས་ཀྱི་མི་མང་དང་བླངས་ལས་འགུལ་བའི་མིང་ཐོག་ནས་ང་ཚོས་ཐོག་མར་གནད་དོན་དེའི་ཐད་མི་མང་ལ་བློ་ཡིད་འཚིམ་པའི་གསལ་བཤད་ཅིག་ཡོང་རེ་ལ་དབུས་འོས་བསྡུ་ལས་ཁུངས་ལ་སྙན་ཞུ་དོན་ཚན་གཉིས་ཅན་ཞིག་ཕུལ་ཡོད། ཉིན་འགའི་རྗེས་བཀའ་ལན་ཞིག་གནང་བའི་ནང་། གོང་གི་གནད་དོན་ཁ་ཇེ་གསལ་དུ་འགྲོ་རྒྱུ་བཞག་ནས་ཁྲིམས་སྒྲིག་དང་ལམ་སྟོན་བཀའ་ཡིག་གི་འབྲུ་དོན་རྩིས་མེད་ཀྱིས་མགོ་ཇེ་ཉོག་ཏུ་བཏང་ཡོད། དེ་ལ་འདི་ནས་བསྐྱར་དུ་ཞུ་སྙན་ཐེངས་གཉིས་པ་ཕུལ་ཡོད་མོད། འོན་ཀྱང་དེ་ལ་བཀའ་ལན་གནང་མཁན་མ་བྱུང་སྟབས་བཀའ་ལན་དགོས་པའི་འབོད་སྐུལ་ཐེངས་གཉིས་པ་ཞུས་ཀྱང་ཡ་ལན་མ་གནང་སྟབས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་རིན་པོ་ཆེའི་ལེའུ་བརྒྱད་པའི་དོན་ཚན་བརྒྱད་པའི་ནང་གསེས་དྲུག་པ་དང་བདུན་པ། དབུས་འོས་བསྡུ་ལས་ཁུངས་ཀྱི་སྒྲིག་གཞིའི་ལེའུ་གཉིས་པའི་དོན་ཚན་བརྒྱད་པའི་ནང་གསེས་གཉིས་པའི་ཆ་རྐྱེན་འོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ “འོས་བསྡུའི་སྒྲིག་གཞི་དང་འགལ་བའི་རྩོད་གླེང” གི་ཁ་མཆུ་ཞུ་སྦྱོར་བྱས་ཡོད་པ་དང་། དེར་བདག་སྤྲོད་དང་འབྲེལ་གྱོད་ཡ་དབུས་འོས་བསྡུ་ལས་ཁང་། སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་གཉིས་ལའང་ཁ་མཆུ་རྩོད་ལན་དགོས་པའི་བརྡ་ཐོ་བཏང་ཟིན་པ་རེད་ལ། གོང་གསལ་ཁ་མཆུ་དེའི་མཐའ་མའི་བཅད་ཁྲ་མ་འཐོན་བར་ཐེངས་འདིའི་སྲིད་སྐྱོང་གི་འོས་གྲངས་ཁྱབ་བསྒྲགས་བྱས་མི་ཆོག་པའི་ (Stay Order) ཞུ་སྙན་ཡང་ཕུལ་ཟིན་ཡོད། ཅེས་འཁོད་འདུག
ང་ཚོའི་ངོས་ནས་ཐེངས་འདིའི་ཁ་མཆུ་དེ་བཞིན་ཁྲིམས་སྒྲིག་དང་། དཔལ་ལྡན་བཀའ་ཤག་ནས་དང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་ནོར་བཅོས་ཀྱི་ལམ་སྟོན་བཀའ་སློབ་ཀྱི་འབྲུ་དོན་ལ་གཞི་བཅོལ་ནས་བཙུགས་ཡོད་སྟབས། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དྲང་བདེན་གྱི་ཐག་གཅོད་ཅིག་དང་། ཁྲིམས་སྒྲིག་གི་འབྲུ་དོན་འགལ་འཛོལ་ལ་ཁྲིམས་སྒྲིག་གིས་ཐག་གཅོད་ཅི་དགོས་གསལ་བ་ལྟར་ལག་ལེན་བསྟར་ངེས་ཡིན་པའི་ཡིད་ཆེས་དང་ངོས་འཛིན་ཞུ་ཡི་ཡོད། ཅེས་སོགས་འཁོད་འདུག
དྲི་བ་དྲིས་ལན་སྐབས། གསར་འགོད་པས་འདི་ལོའི་སྲིད་སྤྱི་གཉིས་ཀྱི་འོས་འདེམས་ཁྲོད་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་གི་མིང་ཡིག་མ་གཏོགས་སྲིད་སྤྱིའི་འོས་མི་གཞན་རྣམས་ཀྱི་མིང་ཡིག་ལ་ནོར་སྐྱོན་བྱུང་ཡོད་མེད་དྲིས་པར་ཁོང་མོས། ཕྱི་ལོ་ ༢༠༠༣ ཟླ་ ༣ ཚེས་ ༢༦ ཉིན་དོ་བདག་གིས་བཙན་བྱོལ་བོད་མིའི་ངོ་སྤྲོད་ལག་འཁྱེར་རམ་དཔྱ་ཁྲལ་ལག་དེབ་གསར་བརྗེ་བྱེད་པའི་སྐབས་ཀྱི་འགེངས་ཤོག་ནང་གི་འདྲ་དཔར་དང་ད་ལྟའི་དཔྱ་ཁྲལ་ལག་དེབ་སྟེང་གི་འདྲ་དཔར་གཉིས་གཅིག་པ་གཅིག་རྐྱང་ཡིན་པ་གང་ཞིག་ལ། མིང་ལ་བློ་བཟང་སེང་ཞེས་འགེངས་ཤོག་ནང་བཀང་འབུལ་ཞུས་འདུག་ཀྱང་ཡིག་འབྲི་བས་ཁོང་གི་དཔྱ་ཁྲལ་ལག་དེབ་ཨང་ US8186224 ཅན་མིང་སློབ་བཟང་སངས་རྒྱས་ཞེས་བྲིས་འདུག་པའི་ཡིག་ཆ་ཞིག་བསྟན་ནས་འདི་མ་གཏོགས་གཞན་ཤེས་རྟོགས་མ་བྱུང་ཟེར།
ཡང་གསར་འགོད་པས་དེ་རིང་གི་གསར་འགོད་གསལ་བསྒྲགས་འདི་དབུས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཕུལ་ཡོད་མེད་དྲིས་པར་ཁོང་མོས། ཕུལ་ཡོད་ནའང་ཁྲིམས་ཞིབ་ཁང་ནས་སྲིད་སྐྱོང་གི་འོས་གྲངས་ཁྱབ་བསྒྲགས་བྱས་མི་ཆོག་པའི་ (Stay Order) ཡིག་ཆ་དེར་བརྡ་ལེན་ཕུལ་མ་སོང་ཟེར་བས། གསར་འགོད་ལྷན་ཚོགས་དབུས་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་སྐད་ཆ་འདྲི་བར་བསྐྱོད་པར། ཁྲིམས་ཞིབ་ཁང་ནས་བརྡ་ལན་དབུས་འོས་བསྡུ་ལས་ཁང་དང་ཞུ་གཏུག་མཁན་ཚོར་ཕུལ་ཟིན། དེ་མིན་གྱོད་དོན་ཐད་ད་ལྟ་འགྲོ་བཞིན་ཡོད་སྟབས་གསལ་བཤད་གནང་ཐབས་མེད་སྐོར་བརྗོད་སོང་།
གསར་འགོད་པ། པདྨ་རྒྱལ།
གོང་བཞུགས་ཀུན་མཁྱེན་རྣམས་ལ་ཆེད་གསོལ།
མིང་གི་དག་ཆ་ཙམ་ནོག་འདུག་ཟེར་ནས་དེ་ཙམ་གྱིས་འུ་སྒྲོགས་བྱེད་དགོས་སམ།
ང་རང་ཚོའི་མིང་དང་སྐྱེས་ལོ་སྐྱེས་ཚེས་ཀྱི་སྒྲུང་གཏམ་སྐོར་ལ་བཤད་ན་རྒྱ་བལ་གཉིས་ཀྱི་གཞུང་ཚབ་ཁང་རྣམས་སུ་སྐྲ་བཏབ་ཏེ་གཟན་ཤམས་གྱོན་ནས་སོང་པ་དང་། ཆོགས་མཆན་ཐོབ་པའི་མི་གཞན་གྱི་ལག་ཁྱེར་གོང་ལ་སོ་སོའི་ཕྱེད་པར་སྦྱར་བ་དང་། སྤྱི་པའི་མིང་ཐོག་ནས་ཕར་སོང་ཏེ་ཕྱིར་མ་ལོག་པ་དང་། སྤྱི་སྒེར་ཚོགས་སྡེ་ཁག་གི་ལས་ཐོགས་ནས་ཐད་ཀར་ཕྱི་གླིང་དུ་བྲོལ་ཕྱིན་པ་དང་། དེ་ལ་སོགས་པ་་ལ་སོགས་པ་གསར་འགྱུར་དང་སྤྱི་ཚོགས་རྒྱུད་ལམ་ཁག་ནས་ཤིན་ཏུ་མང་པོ་ཐོན་ཡོད།
་༸གོང་ས༸སྐྱབས་མགོན་ཆེ་པོ་མཆོག་གིས་ལན་མང་བཀའ་བཀྱོན་གནང་དགོས་བྱུང་བ་མ་ཟད་
གཞུང་ཚབ་ག་གེ་མོ་ལ་དགོང་སེལ་ཞུ་དགོས་པའང་བྱུང་ཡོད། ང་ཚོའི་མིང་དང་སྐྱེས་ཚེས་དག་ཡིག་ཆ་སྔ་ཕྱི་ཁག་ཏུ་མི་མཐུན་པ་ཡོད་ཚད་ཁྲིམས་འགལ་ལ་སྩིས་ན་དེ་ནི་ཧ་ཅང་གི་མགོ་སྙོག་ཆེ། གཞན་ཡང་
༢༠༠༨ ལོར་རྡི་ལི་དོལ་རྒྱལ་ཚོགས་པས་ ༸ གོང་ས་སྐྱབས་མགོན་ཆེ་པོ་མཆོག་དང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ཁྲིམས་གཏུག་ཞུས་ཀྱང་སྟབས་ལེགས་པ་ལ་རྒྱ་གར་གཞུང་གིས་ངོས་ལན་གནང་མེད། ༢༠༡༦ བཙན་བྱོལ་བོད་མི་དབུ་ཁྲིད་སྲིད་སྐྱོང་མཆོག་ཁྲིམས་གཏུག་བྱེད་ན་ང་ཚོ་མི་དམངས་ཉམས་ཆུང་རྣམས་ཧ་ཅང་བློ་ཕམས་ཀི་འདུག། ༸ རྒྱལ་བ་ཐམས་ཅད་མཁྱེན་པའི་ཐུགས་དགོང་
མ་ཀྲུགས་རོགས། ཀུན་མཁྱེན་རྣམ་པ་དེང་དུས་ཀྱི་ཤེས་ཡོན་ཅན་དང་གནས་ཚུལ་ག་གེ་མོ་རེ་འགོ་ལུས་ཚུབ། འོད་ཀྱང་ཅུང་ཟད་ཤེས་པ་དེ་དགྲ་དགའ་གཉེར་སྡུག་གི་ལས་མ་བསྐོར་རོགས། ཐུགས་རྗེ་གཟིགས།།
གལ་སྲིད་ཡིན་གཅིག་མིན་གཅིག་ཁྲིམས་གཏུག་གནང་གིན་ཡིན་ན། ལོ་ལྔ་ཡི་རྗེས་ལ། བོད་མི་སྐྱོང་གི་ལས་ཡུན་ཚར་ནས་གཏུག་རོགས། ཐུགས་རྗེ་གཟིགས།
ཨ་མ་དང་གྲྭ་པ་གཉིས་ཁྲིམས་ལ་སྦྱར་ནས་དོལ་ཚོགས་དང་། རྒྱ་དམར། ཡང་ན་ཟླ་ཚེ་དང་བདེ་ཆོས་སོགས་གཡོལ་ཐལ་ཚོགས་པ་དང་འབྲེལ་བ་ཡོད་མེད་ཞིབ་བཤེར་བྱེད་དགོས།
དམར་པོའི་ཆོལ་འཕྲུལ་མ་རེད། ནག་པོའི་ཆོལ་འཕྲུལ་རེད།
སྤྱི་རྒྱུ་སྒེར་བདག་བྱེད་མཁན་དང་། ལྐོག་ཟ་རུལ་སུང་བྱེད་མཁན། དོལ་ཚོགས། རྒྱ་དམར། ༧གོང་ས་མཆོག་གི་སྐུ་པར་རྒྱབ་ལ་དོལ་རྒྱལ་པར་བཞག་མཁན་༼ལས་ཀ་འདི་བྱེད་མཁན་ཉེ་ཆར་ལ་དྭགས་ནས་གསལ་པོ་ཆགས་བཞིན་ཡོད་༽ བཅས་ཁྲིམས་ལ་མི་གཏུགས་པར་མང་པོས་བཀུར་བའི་སྲིད་སྐྱོང་ཁྲིམས་ལ་སྦྱར་རྒྱུ་ཡིན་ཟེར། སྐྱིད་ཐག་ཆོད་པ་རེད། རྐུན་མ་ཁྲིམས་ལ་མི་སྦྱར་བ་བདག་པོ་ཁྲིམས་ལ་སྦྱར་བ་ཟེར་བ་དེ་རེད།
ཡང་ཁ་ནག་དེའི་ཚོའི་ཨ་ཞང་ཚང་ལ་ལེགགས་སྐྱེས་ཕུལ་འདུག།
དམར་པོ་ཚང་གི་ཆོ་འཕྲུལ་མིན་པ་ཤོགས་།
འབྲི་མཁན་སྐལ་བཟང་རྒྱ་མཚོ།
༄།ཨ་མ་བཀྲིས་དང་གྲྭ་བ་དཀོན་མཆོག་གཉིས་
ཀྱིས་ཁྲིམས་ལ་སྦྱར་རྒྱུ་ནོར་འདུག
གལ་སྲིད་ཁྲིམས་ལ་སྦྱར་བའི་སྤོབས་པ་དང་ནུས་པ་ལྷག་བསམ་དང་འཇོན་ཐང་ཡོད་ན་ཕ་ས་བཙན་གྱིས་འཕྲོག་ནས་ཕ་མེས་བཙོན་ལ་སྦྱར་མཁན་དང་ཡང་མེས་ཚོར་སྡུག་སྦྱོང་དང་མནར་གཅོད་གཏོང་མཁན་དམར་པོས་སྲིད་གཞུང་གི་དཔོན་པོ་རིམ་པ་ད་དུང་འཚོ་མུས་ཡིན་པས་མི་ཚད་གཞིས་ཀྱི་སྤུན་ཟླ་མང་པོས་སྐུ་སྲོག་མེ་ལ་སྒྲོན་ནས་སྒེར་གཅོད་དང་དབང་བསྒྱུར་ལ་ངོ་རྒོལ་བྱེད་དགོས་ཐུག་པའི་དཀའ་ངལ་འཕྲད་བཞིན་ཡོད། བློ་བཟང་སེང་གེའི་མིང་གི་དག་ཆ་འགྲིག་མིན་ཙམ་གྱིས་ཁྲིམས་ཐོག་ལ་བསྐྱལ་བ་ལས་དཔོན་ངན་དེ་ཚོ་ཁྲིམས་ལ་སྦྱོར་དང་ལམ་དང་ལུཊ་སྲོལ་ཚང་མ་ཡོད་པས་མི་ཚད་ཡོ་རོབ་གནས་སྡོད་བོད་མི་རེ་འགས་དེ་ལྟར་གནང་མྱོང་ཡོད་པ་རེད་
ཨ་མ་དང་གྲྭ་བ་ལཊ།
ང་ཚོའི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་གཅེས་པའི་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་ཡོད་ཅིང་སྐུ་ཚེ་གང་བོར་བོད་མི་རིཊ་དང་རྒྱལ་ཁབ་རིག་གནས་བཅས་ཀྱི་དོན་དུ་སྐུ་ངལ་བསྐྱོན་ནས་ཕྱག་ལས་གནང་ཡོད། འོན་ཀྱང་གཙང་པ་དགེ་བཤེས་མིང་ཅན་སྐལ་བཟང་རྒྱ་མཚོས་སྣེ་ཁྲིད་པའི་བོད་མི་རེ་འགའ་དང་ཕྱི་མི་རེ་འགའ་བཅས་ཀྱིས་ཁོང་ལ་
“ཏ་ལས་བླ་མ་སྐྱག་རྫུན་མ་བཤད་ཟེར་ནས་”
ཁྲོམ་གཞུང་ནས་སྐད་འབོད་བྱེད་ཀྱིན་འདུག བློ་བཟང་སེང་གེའི་མིང་གི་དག་ཆ་ཙམ་གྱིས་ཁྲིམས་ལ་སྦྱར་ཨེ་ཐུབ་བལྟ་བ་ལས་ཁོང་ཚོ་ཁྲིམས་ལ་སྦྱོར་དང་འོས་ཤིང་འཚམས་པ་རེད།
ལོ་གཅིག་གི་ཡར་སྔོན་ལ་ཕྱག་རོག་གཉིས་ཐེ་བའི་དཔལ་འབྱོར་བཀའ་བློན་ཕྱི་རྒྱལ་ཡུལ་གྲུ་གང་སར་སྐོར་བསྐྱོད་ལ་ཕེབས་དགོས་དོན་ཡང་གཙོ་བོ་བོད་པ་ཧ་ཅང་མང་པོས་དཔྱ་ཕྲལ་ལག་དེབ་ཀྱི་མིང་དང་སྐྱེ་ཚེས་སོཊ་ནོར་བ་ཡོད་ན་ཡང་དོ་བདག་དང་ལག་དེབ་གཉིས་དོན་ལ་འཁྲུལ་མེད་ཅིག་ཡིན་པས་ཁུངས་སྐྱེལ་གཙང་མ་ཡོད་ན་ངོས་བཞེས་གནང་སྟེ་དཕྱ་ཁྲལ་ཆད་འབུལ་གནང་དུ་བཅུག་ཆེད་ལ་ཕེབས་པ་རེད།
ང་རང་གི་བསམ་འཆར་ཙམ་ཞིག་འདིར་བརྗོད་པ་ཡིན་པས་དྲ་རོཊ་མང་པོ་ཞིག་ཐུཊ་ལ་མི་འཕྲོད་པ་དེ་འདྲ་བྱུང་ན་དགོང་འགལ་མེད་པར་ཞུ་
དགོས་ས་ལ་ཆད། མི་དགོས་སར་ལྷག། བལྟས་ངན་རང་རེད། ཁྱེད་རང་གཉིས་ལ་ཁ་རྡུང་ག་ཚོད་གཏོང་ཡོད་མེད་དྲ་ཐག་འདི་ནས་སྡིག་མིག་ཆེ་ཙམ་བགྲད་ནས་ལྟོས་ཨ། https://www.facebook.com/kgyatso2?fref=nf
དང་པོ། བཀའ་ཤག་སྔོན་མའི་སྐབས་སུ། གཞུང་འབྲེལ་ཡིག་ཆ་ཡོངས་རྫོགས་ཀྱི་རྩ་འཛིན་སྐད་ཡིག་དེ་བོད་ཡིག་ཡིན་དགོས་པའི་ཐག་གཅོད་དང་བཀོད་ཁྱབ་རིམ་པར་བཏང་ཡོད། དེར་གཞིགས་ན་བོད་མིའི་ངོ་བོ་མཚོན་པའི་དང་བླངས་དཔྱ་ཁྲལ་ལག་དེབ་ནི་གཞུང་འབྲེལ་ཡིག་ཆ་གལ་ཆེན་ཞིག་ཡིན་པས། དེའི་འབྲུ་དོན་ལ་ཆ་འཇོག་བྱ་དགོས་པ་ཁྲིམས་ཀྱི་གཏན་འབེབས་ཡིན། འོན་ཀྱང་ད་ཆ་ངོས་འཛིན་བྱེད་ཕྱོགས་ག་རེ་འཛིན་མིན་རིམ་པར་མཐོང་ཡོང་གི་རེད།
གཉིས་པ། སྲིད་སྐྱོང་ལས་ཐོག་སུ་འདྲ་ཞིག་ཕེབས་ཀྱང་དེ་ནི་བོད་མིའི་ཁྲིད་སྐྱོང་ཡིན་དགོས་པ་ལས། ཆོལ་ཁ་ཆོས་ལུགས་བྱེ་བྲག་པ་ཞིག་གི་སྲིད་སྐྱོང་མིན་པ་ནི་སྲིད་སྐྱོང་རང་ཉིད་དང་། སྲིད་སྐྱོང་ལ་རྒྱབ་སྐྱོར་བྱེད་མཁན། སྲིད་སྐྱོང་ལ་དགག་པ་རྒྱག་མཁན་ཚང་མས་ངེས་པར་དུ་མཁྱེན་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན།
གསུམ་པ། ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་རྣམས་ཀྱི་བྱེད་ཕྱོགས་ལྟ་བུའི་ཐབས་སྡུག་གི་ལམ་ལོག་ཏུ་ཞུགས་རྩ་བ་ནས་མི་རུང་། ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་རྣམས་ཀྱིས་གནང་ཕྱོགས་ནི་ཁོངས་ཆོས་བརྒྱུད་ཡིན་ཡང་། དགོངས་པ་བཞེས་ཕྱོགས་དང་ཕྱག་ལས་གནང་ཕྱོགས་ཆོལ་ཞེན་ཁོ་ནའི་དབང་དུ་འགྱུར་བ་འདི་ནང་བཀྲ་མི་ཤེས་པ་དང་ཕྱིའི་དོན་མི་འགྲུབ་པའི་རྐྱེན་རྩ་ཆེན་པོ་ཞིག་ཏུ་འགྱུར་ཉེན་ཆེ་བ་ཡོངས་གྲགས་ཡིན་པ་ལྟར་རེད།
བཞི་པ། ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པས་སྩལ་བའི་ཆུ་གླང་རྩ་ཚིག་ཆེན་མོ་དང་། ༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདི་ཉིད་ཀྱིས་འདི་ལོའི་སྨན་རྩིས་ཁང་གི་དུས་དྲན་སྐབས་སྩལ་བའི་བཀའ་སློབ་གཉིས་ལ་བསམ་བློ་གཏོང་ས་གཏིང་ཟབ་མོ་ཡོད་པ་གངས་ལྗོངས་ལྷ་མི་ཡོངས་ཀྱིས་ངེས་དགོས།
ལྔ་པ། སྲིད་སྐྱོང་གི་མཚན་བརྗེ་བར་འགྱུར་བ་ཆེན་པོ་ཞིག་གཏོང་རྒྱུའི་སྐོར་འདི་ཆབ་སྲིད་ཀྱི་གནད་འགག་དང་འཕྲད་ཕུགས་ཀྱི་གནད་འགག་འགའ་ལ་བལྟས་ན་ཤུགས་ཆེན་པོ་མ་གླེང་ན་ལེགས་པ་དང་། ཐེངས་འདིར་སྲིད་སྐྱོང་ལ་འཕྲད་པའི་དཀའ་ངལ་འདིའི་ཐོག་ནས་མང་ཚོགས་ཚོའི་དཔྱ་ཁྲལ་ལག་དེབ་སྟེང་གི་མིང་དང་སྐྱེས་ལོ་སྐྱེ་ཚེས་ནོར་འཛོལ་བྱུང་ཡོད་རིགས་ལ་འགྱུར་བ་གཏོང་ཆོག་ཆོག་གི་སྒོ་འཕར་ཡངས་པོ་ཤིག་ཕྱེས་ན་དགེ་མཚན་ཆེ་བར་མཐོང་། དུས་རྒྱུན་དཔྱ་ཁྲལ་ལག་དེབ་སྟེང་གི་མིང་དང་སྐྱེས་ལོ་སྐྱེ་ཚེས་ལ་འགྱུར་བ་གཏོང་དགོས་བྱུང་ཚེ། འབྲེལ་ཡོད་ལས་བྱེད་རྣམ་པའི་གནང་ཕྱོགས་མ་རུང་བས་མང་ཚོགས་ཁྲོད་བག་ཆགས་ངན་པ་བཞག་པའི་ཚོར་བ་དང་གནད་དོན་འདི་ཤུགས་ཆེན་པོ་གླེང་བལའང་འབྲེལ་བ་ཆེན་པོ་ཆགས་ཡོད། མང་ཚོགས་དཀྱུས་མ་ཞིག་གིས་འགྱུར་བ་གཏོང་དགོས་ན་དཀའ་ལས་ཆེན་པོ་ཡོད་པ་དང་། སྲིད་སྐྱོང་གིས་རང་འདོད་དུ་འགྱུར་བ་གཏོང་ཆོག་ཆོག་གི་ལམ་ཞིག་བཏོད་ཚེ། ཁྲིམས་ཀྱི་དབང་བསྒྱུར་དང་མཐུན་ཐབས་ཡོང་གི་མེད་པ་དེ་རེད།
གལ་ཏེ་རང་ཉིད་བཙན་འབྱོར་བོད་རིགས་ཞིག་ཡིན་ན་ད་ཡོད་ཀྱི་བཚན་འབྱོར་བོད་མིའི་སྒྲིག་འཛུགས་དེ་རང་ཉིོད་ཀྱི་གཞུང་ཞིག་ལ་ངོས་འཛིན་གི་ཡོད་ནམ་གལ་ཏེ་གཞུང་ཞིག་ལ་ངོས་འཛིན་བྱེད་གི་ཡོད་ན་ད་ལྟ་རང་བསྡད་སའི་ས་ཁུལ་འམ་རྒྱལ་ཁབ་དེའི་ནང་གི་སྤྱི་མང་ཐོབ་ཐང་ལག་འཁྱེར་སྟིང་གི་མིང་དང་སྐྱེས་ཚེས་སྐྱེས་ཡུལ་དེ་དག་ཧ་ཅང་གལ་ཆེན་རྩི་གི་ཡོད་དེ་དང་གཅིག་མཚུངས་བཙན་འབྱོར་བོད་མའི་ལག་དེབ་ལྗང་ཁུ་དེ་ཡང་རང་གཞུང་ནས་གནང་བའི་ལག་དེབ་རང་ཉིད་བོད་རིགས་ཡིན་པ་མཚོན་པའི་མཚོན་རྟག་གཅིག་པུ་དེ་རེད། དེའི་ནང་གི་མིང་དང་སྐྱེས་ཚེས་སྐྱེས་ཡུལ་དེ་དག་དེ་བས་གལ་ཆེན་པོ་རེད་ གལ་ཏེ་བཙན་འབྱོར་བོད་རིགས་སུ་ཞིག་གི་དེར་ཆེ་ཐོང་དང་རིན་ཐང་མ་བྱས་ན་དེ་ནི་ངོ་ཚ་འཁྲིལ་གཞུང་མེད་བའི་མི་ངན་ཞིག་རེད་བསམ་གི་ཡོད། གོང་སྲིད་སྐྱོང་ནས་འོག་གད་པའི་བར་ཚང་མས་ལག་དེབ་ལྗང་ཁུ་རྩ་ཆེན་བྱེད་དགོས་པ་གཅིག་མཚུངས་ཡིན།
བཀྲིས་དབྱངས་འཛོམས་ལགས་དང་པོ་སྤྱི་འཐུས་ཟླ་ཚེ་ལ་སློབ་གསོ་སྐྱོན་རོགས། ཁྱེད་སུའི་ཨ་ཕྲུག་ཡིན་པ་ཚང་མས་ཤེས་གསལ་རེད།
ནོར་འ་འཁྲུལ་འདི་ལྟ་བུ་ནི་ཁྲིམས་ལུགས་ཆེད་མཁས་པ་དང་ཁྲིམས་་ལྡན་རྒྱལ་ཁབ་ཅིག་གི་ངོས་ཐད་ནས་བལྟས་ན་ཧ་ཅང་ཚབ་ཆེན་ཡིན་པ་སུས་ཀྱང་མ་བལྟས་ན་ཡང་མ་ཤེས་ས་མི་འགྲོ། འོན་ཀྱང་དེ་ལས་ལྡོག་པ་དག་གི་མིག་ལམ་དང་ཁྲིམས་ཁང་ནས་ད་དུང་ཚབ་ཆེ་བའི་ནག་ཉེས་འདི་དག་དྲང་་བདེན་དང་། རང་དབང་། འདྲ་མཉམ། གསར་གཏོད་སོགས་ལ་འགྲེལ་བཤད་བརྒྱག་མི་སྲིད་པ་གཏན་ནས་མ་རེད།།
ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཀྱང་དྲང་བདེན་མ་བྱས་ན་དེ་ནས་ང་ཚོས་རྒྱ་གར་ཁྲིམས་ཁང་ལ་གཏུགས་ན་ཆོག་ངེས་རེད། ཆེས་མཐོའི་ཁྲིམས་ཁང་ཁྲིམས་ལ་སྦྱར་ན་མི་ཆོག་པ་ཅི་ཡང་མེད། གང་ལྟར་མི་དྲང་པའི་རིགས་ཡོད་པ་ལས། མེད་ན་ཡག་ཤོས་རེད། དྲང་པོ་བྱས་ན་ང་ཚོ་སུས་ཀྱང་བརྩི་ངེས་རེད། གལ་སྲིད་དྲང་བདེན་མེད་སོང་ན་ང་ཚོ་ཧང་སངས་དགོས་ཡག་གང་ཡང་ཡོད་མ་རེད།
འགན་འཁུར་མེད་པའི་འོས་བསྡུའི་ལས་བྱེད་དང་གཅིག འདི་ལོ་བེད་སྤྱོད་བཏང་དང་གཏོང་བཞིན་པའི་ཐ་སྙད་དུ་སྒྲ་དགའ་གཉེན་སྡུག་ཟེར་བའི་ཚིག་དུམ་འདི་འཁྱེར་ནས་ད་དུ་ང་སྤྱི་ཚོགས་ནང་བྱུང་རྒྱལ་དུ་སྨྲ་བ་ནི་བཙན་བྱོལ་བོད་མའི་ནུས་པ་ཉམས་པའི་སྔ་ལྟས་ཡིན།
བཙན་འབྱོལ་བོད་མིའི་སྒྲིག་འཛུགས་འདི་ཁྲིམས་ཀྱི་དབང་བསྒྱུར་ཡིན་པ་ལས་གང་ཟག་གི་དབང་བསྒྱུར་མིན་སྟབས། གོང་སྲིད་སྐྱོང་ནས་འོག་གད་པའི་བར་གཅིག་མཚུངས་ཡིན། སྲིད་སྐྱོང་གནམ་ནས་བབས་པ་མིན། ཁྲིམས་འགལ་བྱུང་ཚེ་ཁྲིམས་ལུགས་ལྟར་ཞིབ་བཤེར་མ་བྱུང་ཚེ་བཙན་འབྱོལ་བོད་མའི་བཅའ་ཁྲིམས་རིན་པོ་ཆེ་ཉིད་གཟི་བརྗིད་ཁོག་སྟོང་ཙམ་རེད་མ་ཏོག་ཕན་མེད་རེད། གང་ལྟར་ང་ཚོས་བཟོས་པའི་ཁྲིམས་ཡིག་རྣམས་ཤོག་སྟེང་ལྷག་པ་མ་ཐོག་བརྩི་བཀུར་དང་ལེན་ནི་དབུས་འོས་བསྡུ་ལྷན་ཁང་ནས་དང་ཐོག་ཞུས་མ་སོང་ལ་དེ་འབྲེལ་གྱི་འོས་མི་རྣམས་ཀྱིས་ཀྱང་དེ་བས་ཕྱུགས་སོང་།
ཐོས་པ་དགའ་ཟེར་བ་དེའི་གནས་ལུགས་ཅན་ཞིག་བྲིས་འདུག་ཡིན་ན་ཡང་རང་གཞན་སུ་ཞིག་ཡིན་རུང་གོང་བརྗོད་ལྟར་འདྲ་མཉམ་ཡོང་ཐུབ་གནང་ན་ཡི་རིང་ཡོད། ད་ཡང་ལྷ་དགོངས་འཁྲུག་ས་རེད་ངོ་མ་ད་ཅི་བྱེད་འུ་རེད་དཀོན་མཆོག་མཁྱེན།
སྦྱིར་སྲིད་སྐྱོང་ཁྲིམས་ལ་སྦྱར་འདུག་ཟེར་ན་ཡག་པོ་ཞིག་མཐོང་གི་མེད་ཡིན་ན་ཡང་ཁྲིམས་ཟེར་གང་ཟག་སུ་ཞིག་གི་མགོ་ལ་ཐོན་ན་དེ་དྲང་བདེན་དགོས་པ་ཡིན་དུས་སྲིད་སྐྱོང་གི་མཚན་གྱི་དག་ཆ་ནོར་བ་འདི་ནོར་བ་རང་ལ་དངོས་འཛིན་དགོས་པ་རེད། ཡིན་ན་ཡང་རྗེས་མ་ནས་གནས་ཚུལ་འདི་འདྲ་མི་ཡོང་བས་སྨོན་འདུག་ཞུ།
ཀུན་སློང་རྙོག་དྲ་རང་རེད། ལྟས་ངན་ལས་མེད་རང་རེད།
སྔོན་མ་ནས་ཁྲིམས་གཏུགས་མ་བྱས་པར་ད་ལྟའི་ནག་ཁུང་ནང་ནས་ག་རེ་བྱེད་བསྡད་ཡིན་ནམ།
ཆེས་མཐོ་ཁྲིམས་ཞིབ་ཁང་གིས་ལན་མ་བརྒྱབ་པར་ཏག་ཏག་རེད།
ད་དངོས་གནས་བོད་མིའི་བསམ་བློའི་གོ་རྟོགས་ཡར་རྒྱས་ཡག་པོ་འགྲོ་བཞིན་འདུག དེ་ནི་ཧ་ཅང་དགའ་དགོས་པ་ཞིག་རེད། གོང་འོག་བར་གསུམ་གང་ནས་མ་དྲངས་པ་བྱུང་ཡང་། དེའི་རིགས་ང་ཚོས་ཁྲིམས་གཏུགས་དགོས་ངེས་རེད། བོད་པ་ཚོར་ཁྲིམས་ལུགས་ཤེས་ཚདདམན་པའི་དབང་གིས་ད་བར་འདི་ལྟར་ཁྲིམས་གཏུགས་བྱེད་མཁན་བྱུང་མེད་པ་རེད། ད་རིང་གནད་དོན་འདི་ཧ་ཅང་གི་གཏམ་བཟང་རེད། ནམ་རྒྱུན་ཅུང་ཟད་ཙམ་མ་འགྲིགས་སྐབས་ང་ཚོས་བརྒྱབས་རེས་རྒྱག་ཡ་དང་། ཐ་ན་དྲ་ཐོག་སོགས་ནས་འཇིགས་སྐུལ་བྱེད་པ་སོགས་འདི་རིགས་ང་ཚོའི་རྗེས་ལུས་ཀྱི་བྱ་བ་རེད། དངོས་གནས་བྱས་ན་ང་ཚོས་དཀའ་རྙོག་ཆེ་ཆུང་གང་ཞིག་ཡོད་ཀྱང་དེའི་རིགས་ཁྲིམས་ཐོག་རང་ལ་སྐྱེལ་དགོས་ངེས་རེད། ཁྲིམས་གཏུག་གི་ལས་འགུལ་འདི་རིགས་ཧ་་ཅང་ཡག་པོ་རེད། ཁོང་ཚོ་ལ་མངོན་པར་བསྟོད།
མར་ཟག་དུས་གོག་རེག་སྦར་རེག་ཟེར་བ་དེ་རེད། ད་མཐའ་མར་དཔྱ་ཁྲལ་ལག་དེབ་ནང་སྲིད་སྐྱོང་གི་མཚན་གྱི་དག་ཆ་ནོར་འདུག་ཟེར་བ་དེ་མ་གཏོགས་སྐྱོན་བརྗོད་བྱ་རྒྱུ་མ་ལྷག་པ་རེད།
དཔྱ་ཁྲལ་ལག་དེབ་ནང་མིང་ནོར་བ། ཕ་ཡུལ་གྱི་མིང་དང་དག་ཆ་ནོར་བ། སྐྱེས་ཡུལ་ནོར་བ་དེ་འདྲ་ག་ཚོད་དགོས་དགོས་ཡོད་པ་རེད། ཁྲིམས་གཏུགས་བྱེད་མཁན་ཁོ་རང་ཚོའི་དཔྱ་ཁྲལ་ལག་དེབ་ནང་། མིང་དང་ཕ་ཡུལ། དག་ཆ་གཅིག་རྐྱང་མ་ནོར་བ་ཡིན་མི་སྲིད།
རང་གི་དགྲ་སུ་ཡིན་དང་རང་གི་དཔོན་སུ་ཡིན་མ་ཤེས་པར་ནོར་ལུགས་ལ་བལྟས་ན། སྐྱེས་དམན་འདི་དང་གྲྭ་པ་འདི་གཉིས་སྨྱོ་ནད་སྨན་ཁང་དུ་རིག་འཚོ་ཟིན་ཡོད་མེད་བརྟག་དཔྱད་ཞིག་བྱེད་ན་ལེགས།
དགྲ་གཉེན་གོ་ལྡོག་པའི་མི་འདི་ཚོ། སྙིང་མ་རྗེ།
བོད་མི་བལྟས་ངན་བསོད་ཟད་འདི་ཚོ་བྱེད་བྱེད་འབེལ་དྲག་ནས། རྙོག་དྲ་ལུང་པ་གང་བཟོ་ཡོང་གི་འདུག
ལས་མེད་རང་རེད། རྒྱ་ནག་གཞུང་ཁྲིམས་གཏུགས་མི་བྱེད་པར་ང་ཚོའི་སྲིད་སྐྱོང་ཁྲིམས་གཏུགས་འདྲ་བྱེད། ཁྱེད་རང་གཉིས་སྐྱག་པ་དེ་ཟོ་ཨ། ཁྱི་སྐྱག
ད་ལྟ་བར་ག་པ་གཉིད་ཁུག་པ་ཡིན་ནམ། སྲིད་སྐྱོང་བཟུང་ནས་ལོ་ལྔ་ཕྱིན་སོང་།
ཟླ་ཤས་ནང་ལྷ་དགོངས་དག་ལུགས་ཐབས་ཤེས་བྱེད་ཞེས་བརྗོད་པ་ངས་གོ་ཐོས་བྱུང་བ་དགའ་པོ་བྱུང་། ཡང ད་རེ་གནས་ཚུལ་འདི་འདྲ་ཞིག་འགྲོ་བཞིན་པའི་ཐད་བོད་མི་ཡོད་དོ་ཅོག་ནས་བསམ་ཞིབ་ནན་པོ་མ་གནང་ཚེ་དགྲ་དགའ་གཉེན་སྡུག་ཡོང་ཉེན་ལ་སླར་ཡང་ཁ་ཕྱོགས་ཀྱི་འདུག་པས་ཚང་མས་བྱིས་བློའི་སྣང་བ་དག་སྣང་མི་འཆར་བ་མཛད་ན་ལེགས། ལར་ཡང་དབུས་གཙང་པ་རྣམས་གོང་བུ་ཧ྄ིལ་གྱི་སྒྲིལ་རྒྱུ་ཉིན་མོའི་སྐར་མ་ཙམ་རེད། དེ་ལས་སྐྱིད་སྡུག་དེ་ཚོ་ཡག་པ་བྱས་བདག་ཉར་གནང་ན་ལན་ཤོས་རེད། མ་གཏོགས་སྡུག་ཉེས་ནས་དེ་ཚོ་ཡང་ག་ལེ་ག་ལེ་རྒྱ་མིའི་ཉུལ་མ་ཀྱང་ཆགས་ན་རྐྱག་པ་སྤྲད་མཁན་ཇེ་མང་དུ་འགྲོ་ཡི་རེད། ང་བྱེད་ཀོ་ངས་གཏོང་གོ་ལབ་ཨ་ནི་རྒྱུ་འབྲས་ཐོན་དུས་རྐྱག་དྲི་བྲོ་ན་སུ་གང་གི་ལན་པ་མ་རེད། དབུས་གཙང་ཆོལ་ཁ་པས་ལན་པ་རེད། མི་གཞན་ལ་ངན་བསྐུལ་མ་བྱེད། ད་ཆིག་སྒྲིལ་བྱས་ནས་ཆབ་སྲིད་ནི་དབུས་གཙང་པ་མི་འཇོན། ཤེས་ཡོན། དངུལ་བཟོ་རྒྱུ། བསླུ་ཁྲིད་འོག་ས་གནས་མི་འདེམས་རྒྱུ། བསླུ་ཁྲིད་འོག་སྐད་འཕྲིན་ཚོགས་པ་འཛུགས་རྒྱུ། མཐོ་སར་ནས་ཁེ་ཕན་མ་རག་ཚེ་དམའ་སར་བེབས་རྒྱུ། འབྱོར་ལྡན་ནས་ཁེ་ཕན་མ་རག་ཚེ་དམའ་སར་འཐེན་རྒྱུ། ཤེས་ཡོན་དང་ལྷག་བསམ་ངོ་མ་ཡོད་པའི་མི་ལ་སྣང་མེད་དུ་དོར་ནས་ཡོད་ཙམ་གྱི་རྗེས་སུ་འབྲང་ནས་ཁོས་དངུལ་དམར་གྱི་བསླུས་མི་བྱེད་རྒྱུ། རང་ལ་ཆོས་རྒྱུད་དང་སྲིད་སྤྱི་གང་གི་ཐད་འོས་མི་ཡོད་བཞིན་དུ་གཞན་གྱི་བསླུ་ཁྲིད་འོག་རྐྱག་དྲི་བྲོ་བའི་ལས་ཀ་བྱེད་པ། བཅས་འཇོན་པ་རེད།་་ ཨ་ནི་མི་ལ་མ་འགྲེལ་གོང་ལ་རང་སྐྱོན་བལྟ་།
བོད་སྤྱི་བའི་ཆེད་དུ་ལམ་འགྲོ་ཡོང་བར་སྨོན།
ལྟས་ངན་དེ་ཚོ་ཡིན་ན། ལས་མེད་རང་རེད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་། ཁྲིམས་ཀྱི་མདུན་སར་མི་ཚང་མ་འདྲ་མཉམ་ཡིན་གསུངས་ཡོད་པ་ལྟར། བརྩོད་གཞི་འདི་ཡང་འདྲ་མཉམ་རང་བཞིན་གྱིས་ཐག་གཅོད་བྱེད་དགོས་པ་ཧ་ཅང་གལ་ཆེ། བློ་བཟང་སེངྒེ་ཟེར་པ་ཞིག་གི་མིང་ཐོག་ན་བཙན་བྱོལ་བོད་མིའི་དྭང་བླང་དཔྱ་ཁྲལ་ལག་དེབ་ཞིག་མེད་པ་དབུས་འོས་བསྡུ་ལས་ཁུངས་ཀྱིས་ཤེས་བཞིན་དུ་གསལ་པོ་མ་བཟོས་པ་འདི་ཤེས་དགོས་འདུག ད་རེས་གནས་ཚུལ་འདི་ལ་ཁྲིམས་ལུགས་རང་བཞིན་གྱི་ཐོག་ནས་ལན་འདེབས་ཁ་གསལ་ཞིག་མ་བྱས་ན་གཞུང་མང་གཉིས་ཀའི་བར་ལ་ཡིད་ཆེས་འབྱུང་དཀའ་བ་རེད། དེས་ན་དྲང་བདེན་གྱི་ལམ་ནས་སུས་ནོར་ཡོད་ན་དེ་ལ་ཁྲིམས་ཀྱི་ཉེས་ཆད་བཅད་ནས་ངན་པ་རྒྱ་ཡན་དུ་འཆོར་ས་མེད་པ་ཞིག་ངེས་པར་དུ་བཟོས་དགོས།
སྲིད་སྐྱོངམཆོག་གི་དཔྱ་ཁྲལ་ལག་དེབ་ནང་མིང་འབྲི་སྟངས་ནོར་འཁྲུལ་ཡོད་ན། སྲིད་སྐྱོང་སྐབས་དང་པོའི་སྐབས་ནས་ནོར་ཡོད་ཀྱི་རེད་། དེ་དུས་ཁྲིམས་གཏུགས་མ་བྱས་པ་ཅི་ཡིན། འདི་ཁྲིམ་ཐོག་ནས་ཐག་གཅོད་བྱས་ན། སྐབས་སྔོན་མ་དེ་རྩེད་མོ་་རྩེད་པ་རེད་ལབ་རྩིས་ཡོད་དམ། ད་མི་འདི་ཚོས་གད་མོ་སློང་གིན་ཧཧཧ་ སྤྱིར་བཏང་དཔྱ་ཕྲལ་ལག་དེབ་ནང་དུ་་མིང་དག་ཆ་ནོར་མཁན་་་བརྒྱ་ཆ་ལྔ་བཅུ་ཟིན་ཡོད་རྒྱུ་རེད་་་་དེ་དག་ཁྲིམས་ལ་སྦྱར་རྩིས་ཡིན་ནམ། མི་འདི་ཚོ་ལས་མེད་རང་རེད།
དངོས་གནས་རང་ཉིད་བོད་མི་རིགས་ལ་ལྷག་བསམ་ཡོད་མཁན་ཞིག་ན། བསམ་བློ་སྔོན་ལ་བཏང་ན་མཁས་པ་དང་། འགྱོད་པ་རྗེས་ལ་སྐྱེས་ན་ལྐུག་པ་ཟེར་བ་དེ་ཤེས་དགོས་པ་གལ་ཆེ། ཆབས་གཅིག། མི་གཞན་ལ་སྐྱོན་བརྗོད་མ་བྱེད་སྔོན་ལ་སོ་སོར་རང་ཉིད་གང་འདྲ་ཞིག་ཡིན་མེད་དང་སྤྱི་ཚོགས་ནང་ལ་ལབ་གླིང་ག་ཚོད་ཡོད་མེད་ཤེས་དགོས་རེད་དག། ངས་བསམཔ་ཁྱེད་རང་གཞན་གྱི་ཡོན་ཏན་ཕྱོགས་ཏུ་འགྱུར་བ་དེ་ལ་འཕྲག་དོག་དང་མི་དགའ་བ་གསལ་པོ་རེད། གལ་ཏེ་ལས་ཀ་གཞན་མེད་ན། གླིང་བསྐོར་ལམ་འགག་ལ་གཙང་མ་བཟོ་ཡ་ཡོད་རེད་ལ། རྒན་ཁོག་ཁག་ལ་བལྟ་སྐྱོང་བྱེད་ཡ་ཡོད་རེད། མ་གཏོགས་ལས་མེད་རང་རེད་དག། ནང་ལ་བཀྲ་མ་ཤེས་ན་ཕྱི་ལ་དོན་མི་གྲུབ་ཟེར་བ་དེ་དོན་དངོས་རེད།