མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ལ་ཞུགས་མི་ཆོག་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་ཐའེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལོ་འཁོར་ཚོགས་འདུར་ཞུགས་མི་ཆོག་ཟེར་བ་དེ་ནི་ཐའེ་ཝན་མཚོ་འགག་གི་ནང་སྲིད་ལ་ཐེ་གཏོགས་བྱས་པ་ཞིག་ཡིན་སྐོར་ཐའེ་ཝན་དམངས་གཙོ་ཚོགས་པས་བརྗོད་འདུག

6e844184-1590-11e6-bd42-dc82dcee8964_1280x720

རྒྱ་ནག་ལྷོ་རྒྱུད་ནངས་མོའི་ཚགས་པར་ (scmp) ཞེས་པའི་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོས་དེང་གི་ཐའེ་རྒྱ་གཉིས་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་བབ་ལ་གཞིག་སྟེ། ཐའེ་ཝན་མཚོ་འགག་མཉམ་འབྲེལ་རྒྱལ་ཚོགས་འོག་གི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་ཆེན་སྟེང་མཉམ་ཞུགས་མི་ཆོག་ཚུལ་བཤད་ཅིང་། ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་གཞུང་གསར་བས་དེ་ནི་རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་འགག་གི་ནང་སྲིད་ལ་ཐེ་གཏོགས་བྱས་པའི་སྐྱོན་བརྗོད་བྱས་ཡོད་འདུག

རྒྱ་ནག་སྐམ་ས་ཆེན་མོའི་ཐའེ་ཝན་ལས་དོན་ཁང་གི་མགྲིན་ཚབ་པ་མ་ཞོ་ཀུང་ (Ma Xiaoguang) ཟེར་བ་ཞིག་གིས་རེས་གཟའ་པ་སངས་ཉིན་ཐའེ་ཝན་མཚོ་འགག་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་ཆེན་སྟེང་མཉམ་ཞུགས་བྱེད་པའི་ལས་དོན་དེ་དང་ཐོག“རྒྱ་ནག་གཅིག”གི་རྩ་འཛིན་གཞིར་བཟུང་ཐོག་གོ་སྒྲིག་ཞུས་པ་ཞིག་ཡིན་སྟབས། ཐའེ་ཝན་མཚོ་འགག་གིས་རྩ་འཛིན་དེ་སྣང་མེད་བཏང་ཚེ། དེས་ཐའེ་རྒྱ་གཉིས་བར་གྱི་མ་འོངས་འབྲེལ་ལམ་ཐད་ཀྱི་གཞི་རྩའི་སྲིད་ཇུས་ལ་འགོག་རྐྱེན་བཟོ་སྲིད་ལུགས་བཤད་འདུག

ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་མགྲིན་ཚབ་པ་ཐང་ཁྲིན་ཡཱན་ (Tung Chen-yuan) ཟེར་བ་ཞིག་གིས་རྒྱ་ནག་སྐམ་ས་ཆེན་མོའི་ཐའེ་ཝན་ལས་དོན་ཁང་གི་འགྲེལ་བརྗོད་དེ་ནི་ངོས་ལེན་ཞུ་ཐུབ་མེད་པ་ཞིག་རེད། ང་ཚོ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་ཆེན་སྟེང་ཞུགས་མི་ཆོག་ཟེར་བ་དེ་ནི་ཆབ་སྲིད་ཀྱི་སྐད་ཆ་རེད། ང་ཚོས་གླེང་གཞི་དེ་ལ་ངོ་རྒོལ་མ་གཏོགས་ངོས་ལེན་ཞུ་ཐབས་མི་འདུག ཐའེ་ཝན་མི་མང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ནང་མཉམ་ཞུགས་བྱ་བའི་ཐོབ་ཐང་དེ་ཆབ་སྲིད་སྒྲོམ་གཞི་གང་གིས་ཀྱང་བཙན་འགོག་བྱས་ཆོག་གི་མ་རེད། ཅེས་སོགས་བརྗོད་འདུག

གནས་ཚུལ་ལྟར་ན། ད་ལོའི་ཕྱི་ཟླ་ ༡ པོའི་ནང་ཐའེ་ཝན་མཚོ་འགག་གི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་མཇུག་གྲུབ་རྗེས། ལྕམ་ཚའེ་ཡེན་ཝན་གྱིས་ཐའེ་རྒྱ་གཉིས་ཀྱི་འབྲེལ་ལམ་རྒྱུ་འཁྱོངས་བྱ་རྒྱུ་ཁས་ལེན་བྱས་ཡོད་ནའང་། ཁོང་མོས“རྒྱ་ནག་གཅིག”གི་རྩ་འཛིན་ཞེས་པའི་གྲོས་ཆོད་དེ་ལ་ངོས་ལེན་བྱེད་ཀྱི་མེད་པ་དང་། སྤྱིར་ན་ཐའེ་རྒྱ་གཉིས་སོ་སོའི་རང་སྲིད་རང་སྐྱོང་གི་ཚུལ་དུ་ཚུགས་ཡོད་ནའང་། དེ་སྔོན་ཐའེ་ཝན་གོ་མན་ཏང་སྲིད་གཞུང་དང་ལྷན་དུ“རྒྱ་ནག་གཅིག”ཅེས་པའི་གྲོས་ཆོད་ཅིག་བཞག་ཡོད་པའི་ནང་། ཐའེ་རྒྱ་གཉིས“རྒྱ་ནག་གཅིག”ཏུ་ངོས་ལེན་བྱས་ཡོད་འདུག

ཕྱི་ལོ་ ༢༠༠༩ ལོ་ནས་ཐའེ་ཝན་མཚོ་འགག་ལོ་བཞིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་ཆེན་སྟེང་མཉམ་ཞུགས་བྱེད་མུས་ཡིན་པ་དེ་ནི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ངོས་ནས་ཆོག་མཆན་སྤྲད་པ་ཞིག་ཡིན་པ་མ་ཟད། དེང་སྐབས་ཐའེ་ཝན་མཚོ་འགག་འདི་བཞིན་འཛམ་གླིང་ཤར་ནུབ་ཀྱི་གྲངས་ཉུང་མི་རིགས་ཀྱིས་གྲུབ་པའི་རྒྱལ་ཁབ་དང་སྒྲིག་འཛུགས་ཁག་ ༢༢ ཙམ་ལ་ཕྱི་འབྲེལ་ཡོད་ནའང་། མཉམ་འབྲེལ་རྒྱལ་ཚོགས་འོག་གི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལྟ་བའི་ཚོགས་པ་ཁག་ཅིག་གིས་ཐའེ་ཝན་མཚོ་འགག་ནི་རྒྱ་ནག་རྒྱལ་ཁབ་ཏུ་ངོས་འཛིན་གྱི་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༦ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ངོས་ནས་ཐའེ་ཝན་མཚོ་འགག་ཕྱི་ཟླ་ ༥ བའི་ཚེས་ ༢༣ ནས་ ༢༨ བར་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་ནང་འཚོགས་འཆར་ཡོད་པའི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལོ་འཁོར་ཚོགས་ཆེན་སྟེང་མགྲོན་འབོད་བྱས་ཡོད་ནའང་། ལས་དོན་དེ་ཐའེ་ཝན་མཚོ་འགག་རྒྱ་ནག་ཏུ་ངོས་འཛིན་པའི་མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་སེང་ཞུ་དགོས་བྱུང་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༣ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༡༦ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese