སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་དང་དབུས་འོས་བསྡུ་ལས་ཁང་གཉིས་འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་སྐོར་ཁྲིམས་གཏུག་བྱས་པ་དེ་ཁ་སང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྩིས་མེད་བཏང་བ་ཡིན་སྐོར་ཁྱབ་བསྒྲགས་བྱས་འདུག་ཀྱང་དེ་རིང་ཞུ་སྦྱོར་བ་ཚོས་ཁྲིམས་ཞིབ་ཁང་གི་ཐག་གཅོད་དེར་ངོས་ལེན་མེད་ཟེར།
དེ་རིང་ཉིན་གུང་ཆུ་ཚོད་ ༡༢ སྟེང་། དྷ་ས་སྨན་རྩིས་ཁང་གི་ཉེ་འཁྲིས་སུ་ཡོད་པའི་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཉེ་ལམ་དྷ་སར་གནས་སྡོད་བཀྲ་ཤིས་དབྱངས་འཛོམས་ལགས་དང་གྲྭ་དཀོན་མཆོག་དཔལ་བཟང་ལགས་གཉིས་ཀྱིས་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་དང་དབུས་འོས་བསྡུ་ལས་ཁང་གཉིས་ཁྲིམས་གཏུག་བྱས་པའི་སྙན་ཞུའི་ཡིག་ཆ་དེ་ཙམ་ཚད་ལྡན་བྱུང་མེད་པའི་གནས་སྟངས་འོག བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་དེ་རྩིས་མེད་བཏང་བ་ཡིན་སྐོར་ཁྱབ་བསྒྲགས་བྱས་སོང་།
ཁ་མཆུ་དེ་ནི་ཉེ་ལམ་བཙན་བྱོལ་བོད་མིའི་བཀའ་སྤྱིའི་དངོས་གཞིའི་འོས་བསྡུའི་ཉིན། སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་གི་དཔྱ་ཁྲལ་ལག་དེབ་སྟེང་། ‘སློབ་བཟང་སངས་རྒྱས།’ ཞེས་འཁོད་ཡོད་པའི་པར་ཕྱི་གྱར་བྱུང་སྟབས། དྷ་སར་གནས་སྡོད་བཀྲ་ཤིས་དབྱངས་འཛོམ་ལགས་དང་གྲྭ་དཀོན་མཆོག་དཔལ་བཟང་ལགས་གཉིས་ཀྱིས། བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་འོས་མིའི་ཁོངས་སུ་སློབ་བཟང་སངས་རྒྱས་ཞུ་བའི་འོས་མི་ཞིག་མེད་སྟབས། སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་དང་དབུས་འོས་བསྡུ་ལས་ཁང་གཉིས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་སྐོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུག་བྱས་ཡོད་པ་རེད།
དེ་རིང་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་དང་རྣམ་རྒྱལ་ཚེ་སྐྱིད་ལགས། ཀུན་བཟང་ཐུབ་བསྟན་ལགས་བཅས་ཐུན་མོང་ཐོག ཁ་སང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀའ་ཁྱབ་ཡིག་ཆ་དེ་སྒྲོགས་སྦྱང་བྱས་པའི་ནང་འཁོད་དོན། “འདི་ནས་ ༢༠༡༦། ༥། ༣ ཉིན་ཁྱེད་རང་གཉིས་ཀྱིས་ ༢༠༡༦། ༤། ༡༦ ཉིན་ཞུ་རྩ་དང་ཡིག་དངོས་ཐོ་གཞུང་ཕུལ་འབྱོར་དུ། དབུས་འོས་བསྡུ་ལས་ཁང་དུ་ཕུལ་བའི་སྙན་ཞུ་ ༢༠༡༦། ༣། ༢༨ འཁོད་པའི་འདྲ་བཤུས་ཟུར་སྦྱར་དུ་ཡོད་ལུགས་བཀོད་འདུག་ཀྱང་། དངོས་སུ་མི་འདུག་སྟབས། སྤྱི་ཁྱབ་ཁྲིམས་དྲུང་དང་། འབྲེལ་ཡོད་ལས་བྱེད་གཞན་གཉིས་བཅས་ཀྱིས་ངག་ཐོག་ནས་སྔ་རྗེས་སུ་འདོན་འབུལ་དགོས་པའི་བརྡ་འདེད་རིམ་པར་སོང་ནས་ཀྱང་། ད་བར་ཕུལ་མེད་པ་དེ་ཕྱི་ལོ་ ༢༠༡༦། ༥། ༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ གོང་ངེས་འབལ་ཐུབ་པ་དགོས་རྒྱུ་ཞེས་བརྡ་ཐོ་སོང་ནའང་། དུས་བཀག་ནང་ཚུན་ཡིག་ཆ་འདོན་འབུལ་བྱས་མི་འདུག་པས། ༢༠༡༦། ༥། ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ གོང་གོང་གསལ་ཡིག་ཆ་འདོན་འབུལ་མ་བྱས་ན། ཁ་མཆུ་ངོས་བཞེས་རྩིས་མེད་གཏོང་དགོས་པ་ཆགས་རྒྱུའི་བརྡ་ཐོ་གཉིས་པ་སོང་བར། དེ་ནས་སླར་ཡང་ ༢༠༡༦། ༥ ། ༡༢ ཉིན་གྱོད་ཡའི་འཐུས་མི་ནད་མནར་གྱི་རྐྱེན་པས་དུས་འགྱངས་ཞུས་པའི་རྒྱུ་མཚན་ལ་དགོངས་བཞེས་ཀྱིས། ད་ནངས་ཆུ་ཚོད་ ༩། ༥༠ ཐོག་མགོ་མཇུག་མི་ཚང་བ་དང་། ལྟ་ཀློག་མི་ཐུབ་པའི་ཤོག་ངོས་གཉིས་ཅན་ཞིག་ཕུལ་འདུག་པ་དེ་ཁྲིམས་ཐོག་ནས་ཚད་འཛན་འཕེར་བ་ཞིག་མིན་པས། སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༣༧ [ཅ] གཞིར་བཟུང་ཁ་མཆུ་ངོས་བཞེས་རྩིས་མེད་བཏང་བ་ཡིན། ཁ་མཆུ་འདི་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༨༡ གཞིར་བཟུང་བསྐྱར་གཏུག་མི་ཆོག་པ་བས་ཀྱི་བཀའ་ཁྱབ་ཏུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ ༢༠༡༦། ༥ ། ༡༦ ལ།” ཞེས་སོགས་འཁོད་འདུག
སྐབས་དེར་གསར་འགོད་པ་ཚོས། ཁ་སང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀའ་ཁྱབ་བཏང་བ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་རང་གིས་གསར་འགོད་གསལ་བསྒྲགས་མ་གནང་བར། དེ་རིང་ཁྲིམས་ལུགས་རིག་པ་བའི་ཚོགས་པས་གསར་འགོད་གསལ་བསྒྲགས་སྤེལ་དགོས་དོན་གང་ཡིན་དྲིས་པར། བློ་བཟང་གྲགས་པ་ལགས་ཀྱིས། དང་པོ་དེ་རིང་སྲིད་སྐྱོང་མཆོག་སྦེར་གཞིས་ཆགས་ནང་མཛད་འཕྲིན་ཡོད་པ་རེད། གཉིས་པ། ཁ་མཆུ་འདིའི་མགོ་ནས་མཇུག་བར་ང་ཚོའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ང་རང་དང་རྣམ་རྒྱལ་ཚེ་སྐྱིད་གཉིས་ཀྱིས་འགན་འཁུར་བསྡད་ཡོད་པ་རེད། ཡིག་ཆ་ཚང་མ་ངེད་གཉིས་བརྒྱུད་ནས་ཡོང་དགོས་སྟབས། དེ་རིང་གི་ཐག་གཅོད་དེ་ང་ཚོ་ཁྲིམས་རྩོད་པའི་ངོ་བོའི་སྟེང་ནས་བྱས་པ་རེད། ཅེས་བརྗོད་སོང་།
ཡང་གསར་འགོད་པས་ད་ལྟའི་འཆར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དཔྱ་ཁྲལ་ལག་དེབ་སྟེང་། བློ་བཟང་སེང་གེ་ཞེས་བསྒྱུར་བཅོས་བཏང་ཡོད་དམ། ཡང་ན། སློབ་བཟང་སངས་རྒྱས་ཞེས་རང་འཇགས་བཞག་ཡོད་ཅེས་དྲིས་པའི་ལན་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐོག་མ་དཔལ་འབྱོར་ལས་ཁུངས་ལ་ཐོ་འགོད་སྐབས། བློ་བཟང་སེང་གེ་ཞེས་ཏག་ཏག་ཕུལ་ཡོད་ཀྱང་། དཔྱ་ཁྲལ་ལག་དེབ་སྟེང་བཤུ་སྐབས་སློབ་བཟང་སངས་རྒྱས་ཞེས་འགོད་ནོར་ཐེབས་པ་རེད། ད་ལྟའི་ཆར་དཔྱ་དངུལ་ལག་དེབ་སྟེང་བློ་བཟང་སེང་གེ་ཞེས་ཁོ་རང་གི་མིང་གང་ཡིན་པ་དེ་ཏག་ཏག་འཁོད་ཡོད་པ་རེད། བརྗེ་བོ་རྒྱབ་ཡོད་པ་རེད། ཅེས་བརྗོད་སོང་།
འདི་གའི་གསར་ཁང་གིས་ཁ་མཆུ་ཞུ་སྦྱོར་བ་གྲྭ་དཀོན་མཆོག་དང་བཀྲ་ཤིས་དབྱངས་འཛོམས་གཉིས་ལ་ཁ་པར་བརྒྱུད་བཅར་འདྲི་ཞུས་པར། ཁ་མཆུ་འདིའི་མགོ་ནས་མཇུག་བར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ངེད་གཉིས་ལ་མཐུན་འགྱུར་ཡག་པོ་གནང་མ་སོང་། དེ་ལ་བློ་ཕམ་ཞེ་དྲགས་ཡོད། ཁ་སང་བཀའ་ཁྱབ་དེ་འབྱོར་མ་ཐག་ངེད་གཉིས་ཁྲིམས་ཞིབ་ཁང་ལ་ཕྱིན་ཏེ་རྩོད་པ་བརྒྱབ་ཡིན། ཐག་གཅོད་དེ་ལ་མོས་མཐུན་རྩ་བ་ནས་མེད། བཀའ་ཁྱབ་དེའི་ནང་བསྐྱར་གཏུག་བྱེད་མི་ཆོག་ཅེས་བཀོད་འདུག་པ་དེ་ག་རེ་རེད། ངེད་གཉིས་ལ་ཁ་མཆུ་རང་གི་ཐོག་ནས་ནག་ཉེས་ནོར་འཁྲུལ་རིགས་གང་ཡིན་ཤོད་རྒྱུ་མེད་ཀྱང་། སྙན་ཞུ་འབྲི་སྟངས་ཙམ་གྱི་ཐོག་ནས་ཁ་མཆུ་རྩིས་མེད་གཏོང་བ་དང་། ད་དུང་བསྐྱར་དུ་ཞུ་གཏུག་བྱེད་མི་ཆོག་ལབ་ན་ག་རེ་རེད་ཅེས་དྲིས་དུས། རྒྱུ་མཚན་ཤོད་རྒྱུ་ཡོད་ན་བསྐྱར་དུ་ཞུ་གཏུག་བྱས་ན་འགྲིག་གི་རེད། ཁྲིམས་ཞིབ་ཁང་གི་སྒོ་ཕྱེ་བཞག་ཡོད་པ་རེད་ལབ་སོང་། ཞེས་བརྗོད་སོང་།
ཡང་ཁོང་ལ་དེ་རིང་གི་གསར་འགོད་གསལ་བསྒྲགས་དེ་ཧ་གོ་ཡོད་མེད་དང་། ཁོ་རང་གཉིས་ལ་ཁྲིམས་རྩོད་པ་ཡོད་མེད་དྲིས་པར། “ངེད་གཉིས་དེ་རིང་བོད་པའི་ཁྲིམས་ལུགས་རིག་པའི་ཚོགས་པས་གསར་འགོད་གསལ་བསྒྲགས་སྤེལ་གྱི་ཡོད་པ་རྩ་བ་ནས་ཧ་གོ་མ་སོང་། ཁྲིམས་ཞིབ་ཁང་གི་ཡིག་ཆ་དེ་ཁ་སང་ཁོ་རང་ཚོ་ལ་རག་ཡོད་པ་རེད། ངེད་གཉིས་ལ་རག་སོང་།” ཅེས་དང་། ཁོང་མོས་མུ་མཐུད་དུ། ངེད་གཉིས་ལ་བདེན་པ་ཡོད་ཀྱང་། བདེན་པར་རྒྱབ་སྐྱོར་བྱེད་མཁན་མི་འདུག དང་པོ་ཁ་མཆུ་འདི་ཞུ་གཏུག་བྱེད་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ངེད་གཉིས་ལ་རོགས་པ་བྱེད་མཁན་ཁྲིམས་རྩོད་པ་ཞིག་དགོས་པ་རེད་ཟེར་ནས། བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པའི་ཚོགས་པ་ཟེར་བ་དེ་ངོ་སྤྲོད་གནང་སོང་། ཡིན་ནའང་ངེད་གཉིས་ཕར་ཕྱིན་སྐབས་རོགས་པ་བྱེད་མཁན་རག་མ་སོང་། གང་ཡིན་ཟེར་ན། ཚོགས་པ་དེར་མི་གསུམ་བཞི་ཞིག་ལས་མི་འདུག ཚོགས་པ་དེའི་ཚོགས་གཙོ་བློ་བཟང་གྲགས་པ་ཟེར་བ་དེ་དང་རྣམ་རྒྱལ་ཚེ་སྐྱིད་ཟེར་བའི་བུ་མོ་ཞིག་འདུག་པ་དེ་གཉིས་ཀ་སྲིད་སྐྱོང་བློ་བཟང་སེང་གེ་དང་འོས་བསྡུ་ལས་ཁང་ལ་རོགས་པ་བྱེད་མཁན་རེད་འདུག སྤྱི་ཚོགས་ཞབས་ཞུ་སྒྲུབ་ཀྱི་ཡོད་ཟེར་བ་དེ་རྫུན་མ་རེད། ངེད་གཉིས་ལ་རོགས་པ་གཅིག་ཀྱང་བྱས་མ་སོང་། དེ་ནས་ངེད་གཉིས་ཡར་མར་ཁྲིམས་རྩོད་པ་བཙལ་ཡང་ཁྱོན་ནས་རག་མ་སོང་། ཁ་ཤས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་ཁྲིམས་གཏུག་བྱེད་ཀྱི་ཡོད་པ་ཤེས་རྗེས་གཡོལ་ཏེ་ངོས་ལེན་བྱེད་ཀྱི་མི་འདུག
ང་ཚོས་ད་དུང་མུ་མཐུད་དུ་ཞུ་གཏུག་བྱེད་རྒྱུ་ཡིན། ཁྲིམས་ཞིབ་ཁང་གི་ཁ་མཆུའི་སྐོར་ནས་དེ་རིང་ངེད་གཉིས་གང་ཡང་ཞུ་རྒྱུ་མིན། ང་ཚོའི་སྐད་འཕྲིན་ཚོགས་པར་མི་ལྔ་བརྒྱ་ལྷག་ཅིག་ཡོད། ཚོགས་པའི་མགྲིན་ཚབ་པ་སུད་སིར་ཡོད་པའི་ཨ་ཅག་མོ་རང་གང་མགྱོགས་མགྱོགས་དྷ་རམ་ས་ལར་ཡོང་རྒྱུ་རེད། ང་ཚོས་སྲིད་སྐྱོང་བློ་བཟང་སེང་གེ་ཁྲིམས་གཏུག་བྱེད་ཀྱི་ཡོད་པ་དེ་སྤྱི་དོན་ཡིན་བསམ་བསྡད་ཡོད། བཙན་བྱོལ་སྤྱི་ཚོགས་ནང་གི་མི་མང་པོ་ཞིག་ལ་དཔྱ་དངུལ་ལག་དེབ་སྟེང་ནོར་བཅོས་བྱེད་མ་ཐུབ་པར་དཀའ་ངལ་འཕྲད་བསྡད་ཡོད་པ་རེད། ཁོ་རང་ཚོ་སྙིང་རྗེ་རེད། དེ་གནས་ཚུལ་ཆུང་ཆུང་ཞིག་རྩ་བ་ནས་མ་རེད། ཅེས་སོགས་བརྗོད་སོང་།
སྤྱི་འཐུས་ཐོབ་པ་ཙམ་གྱིས་དགྲ་དགའ་གཉེན་སྡུག་གི་ལས་ཀ་མི་བྱེད་པའི་ངེས་བ་མེད་། ད་ལྟའི་ཆོས་བརྒྱུད་རེ་ཟུང་གི་འཐུས་མི་འདི་ཚོར་བལྟས་དང་།
ཁྲིམས་ལུགས་རིག་པའི་ཚོགས་པ་ཟེར་བ་དེ་ཅི་རེད། མི་དམངས་ལ་དཀའ་ངལ་དང་སྤྱི་ཚོགས་ལ་རྙོག་དྲ་བཟོ་ཆེད་དུ་བཙུགས་པ་ནི་ཡིན་གྱི་མ་རེད། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་མི་སུས་ཁྲིམས་ལུགས་ཤེས་ཀྱི་ཡོད་པ་རེད། ཚོགས་པ་འདི་ཡང་སྙིང་ག་རེའི་ཆེད་དུ་རེད། ད་ལྟ་བར་དུ་ལས་ཀ་ག་རེ་བྱས་ཡོད་པ་རེད། ཚོགས་པ་འདིའི་ཚོགས་མི་གོ་ཐོས་ལ་དོལ་ཚོགས་གྱི་མི་རེད་ཟེར། འཛབ་ཆེན་རེད།
དོན་བསྡུས་པ་འདི་རེད། ཆིག་སྒྲིལ་གཉིད་ལ་རོལ་ཤག། ད་ཁ་དགྲ་སྣ་དགྲ་བསགས་།
“ངེད་གཉིས་དེ་རིང་བོད་པའི་ཁྲིམས་ལུགས་རིག་པའི་ཚོགས་པས་གསར་འགོད་གསལ་བསྒྲགས་སྤེལ་གྱི་ཡོད་པ་རྩ་བ་ནས་ཧ་གོ་མ་སོང་། ཁྲིམས་ཞིབ་ཁང་གི་ཡིག་ཆ་དེ་ཁ་སང་ཁོ་རང་ཚོ་ལ་རག་ཡོད་པ་རེད། ངེད་གཉིས་ལ་རག་སོང་།” ཅེས་དང་། ཁོང་མོས་མུ་མཐུད་དུ། ངེད་གཉིས་ལ་བདེན་པ་ཡོད་ཀྱང་། བདེན་པར་རྒྱབ་སྐྱོར་བྱེད་མཁན་མི་འདུག དང་པོ་ཁ་མཆུ་འདི་ཞུ་གཏུག་བྱེད་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ངེད་གཉིས་ལ་རོགས་པ་བྱེད་མཁན་ཁྲིམས་རྩོད་པ་ཞིག་དགོས་པ་རེད་ཟེར་ནས། བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པའི་ཚོགས་པ་ཟེར་བ་དེ་ངོ་སྤྲོད་གནང་སོང་། ཡིན་ནའང་ངེད་གཉིས་ཕར་ཕྱིན་སྐབས་རོགས་པ་བྱེད་མཁན་རག་མ་སོང་།
ཆིག་སྒྲིལ་གྱིས་ནུས་པས་ཁམས་པའི་ཀླད་གྲལ་གངས་ཅན་སྐྱིད་གཤོངས་་སུ་སླར་ཡང་ཁ་ཁུམ་སིམ་སིམ་གྱི་བསྒྲིགས།
ཀླད་མེད་ཀྱིས་ལྐུག་པ་དབུས་གཙང་ཆོལ་ཁས་ཤེས་ཚད་ཡིག་རྒྱུགས་ཁམས་པའི་མཉམ་བརྒྱ་ཆ་% ༥༠ ཙམ་ཡང་ཟིན་མེད་པ་བརྟེན་རྒྱ་བལ་འབྲུག་གསུམ་གྱི་ཇ་ཁང་ཐམས་ཀླད་པ་རུལ་བའི་དྲི་ངད་ཀྱིས་སྣ་རས་ཐུག་གི་བཀབ་ནས་གད་མོ་འཛུམ་འཛུམ་གྱིས་འགྲོ་དགོས་པ་བཟོས།
ད་མིག་གཉིས་གཅེར་གཅེར་དུ་བལྟ་ཨང་ད་དུང་གར་སྟེགས་ལ་མི་རིམ་པས་དོན་ལེ་རེད་ཁོ་་་་ཧ་ཧ་ཧ་་་་་
ད་གངས་ཅན་སྐྱིད་ཤོངས་ནས་གནས་ཚུལ་འཛབ་ཆེན་དེ་འདྲ་མང་པོ་འཐོན་ཡོང་གི་འདུག་པས་བློ་བལྟ་ས་བསྡད་མི་འདུག་གོ་་་་་ཕྱིན་ཚར་བ་གནས་ཚུལ་ཕྱིན་འཚར་བ་རེད།་་་་་ད་ཡིན་ན་ང་ཚོ་ཁ་བཙུམ་ནས་བསྡད་རྒྱུ་མང་སོང་།་་་་་ད་ནས་བཟུང་སྐྱབས་མགོན་རིན་པོ་ཆེའི་ཐུགས་དགོངས་དཀྲུག་མཁན་སུ་ཡིན་རུང་ལས་སླ་པོར་རྩ་བ་ནས་འཇོག་གི་མིན།་་་་་་བླ་མ་དཀོན་མཆོག་དཔང་བཙུགས།་་་་་་་་འགོ་ལ་བཞུགས་མཁན་གྱི་འགོ་འཁྲིད་སུ་ཡིན་རུང་གཞུང་ལས་ཡག་པོ་ཞིག་མ་བྱས་ཚེ་མི་མང་འདུ་འཛོམས་ཀྱི་ཚོགས་ཆེན་འདུས་ནས་རྩ་མེད་བཟོ་ཐག་ཆོད་ཡིན་དཱ།
ཁྱད་མཚར་རེད། སློབ་བཟང་སངས་རྒྱས་དང་འབའ་པ་སྐལ་བཟང་རྒྱལ་མཚན་གྱིས་ལམ་སྟོན་འོག་ལི་ཐང་བློ་བཟང་གྲགས་པ་ཟེར་བ་དེ་ད་ལོའི་སྤྱི་འཐུས་ནང་སླེབས་པ་རེད། སྤྱི་འཐུས་དམ་འབུལ་མ་བྱས་གོང་ལས་ཀ་ཁྱད་མཚར་འདི་འདྲ་བྱེད་རྒྱུའི་འགོ་བཙུགས་ཚར་སོང་།
ཁོང་ཅག་གི་འགྲེལ་བཤད་ནང་དང་པོ་དེ་རིང་སྲིད་སྐྱོང་མཆོག་སྦིར་གཞིས་ཆགས་ནང་མཛད་འཕྲིན་ཡོད་པ་རེད། གཉིས་པ། ཁ་མཆུ་འདིའི་མགོ་ནས་མཇུག་བར་ང་ཚོའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ང་རང་དང་རྣམ་རྒྱལ་ཚེ་སྐྱིད་གཉིས་ཀྱིས་འགན་འཁུར་བསྡད་ཡོད་པ་རེད། ཡིག་ཆ་ཚང་མ་ངེད་གཉིས་བརྒྱུད་ནས་ཡོང་དགོས་སྟབས། དེ་རིང་གི་ཐག་གཅོད་དེ་ང་ཚོ་ཁྲིམས་རྩོད་པའི་ངོ་བོའི་སྟེང་ནས་བྱས་པ་རེད། ཅེས་རྒྱུ་མཚན་བཀོད་པར།
༡། སྲིད་སྐྱོང་ནི་གྱོད་ཡ་ཡིན་སྟབས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ཉན་རྒྱུ་ལས་བཅད་ཁྲ་གསལ་བསྒྲགས་བྱེད་པའི་དབང་ཆ་མེད་སྟབས། ཁོང་སྦིར་ཕེབས་པ་དང་ཁྱེད་ཚོས་གསལ་བསྒྲགས་བྱས་པར་འབྲེལ་བ་ག་རེ་འདུག
༢། ཁྱེད་ཚོ་ནི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་རེད་ལ། ལྷག་པར་ཁྲིམས་རྩོད་པ་ལས་ཁྲིམས་ཞིབ་པ་མིན་པས། གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་གསལ་བསྒྲགས་བྱེད་རྒྱུའི་དབང་ཆ་སུས་སྤྲད་པ་རེད། ལྷག་པར་དུ་བཅད་ཁྲ་ཁྱབ་བསྒྲགས་བྱེད་མཁན་ནི་ཁྲིམས་ཞིབ་པ་ཡིན་པ་ལས་ཁྲིམས་རྩོད་པ་མིན་པས། ཁྱོད་ཚོས་ཁྲིམས་ལུགས་ཀྱི་དམའ་མཐའི་འགྲོ་སྟངས་ཙམ་ཡང་མི་ཤེས་པར་གང་བྱུང་གིས་གསར་འགོད་པའི་མདུན་ལ་ཐོན་ཡོང་བའི་སྤོབས་པ་དེ་སུས་སྤྲད་སོང་།
ཡང་ཁྲིམས་ཞིབ་ཁང་གིས་ད་ཐེངས་ཀྱི་གནས་ཚུལ་དེར་ལྐོག་ལྐོག་སུད་སུད་ཞེ་དྲགས་བྱེད་ཀྱི་འདུག་པས། འཇུ་ཆེན་དཀོན་མཆོག་དང་བསྟན་པ་ཡར་འཕེལ་གྱིས་ཁྲིམས་ཞིབ་ཁང་སྒོ་རྒྱག་གི་ཡིན་ལབ་པ་ལྟར། ད་ཁྲིམས་དང་མ་མཐུན་པར་ས་འོག་དར་ཐག་རྐྱང་འཐེན་བསྡད་ན་ང་ཡང་ཁོང་གཉིས་ཀྱི་རོགས་པར་འགྲོ་དགོས་བྱེད་ས་རེད་ད།
བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་ཁྲིམས་ཞིབ་ལྷན་ཁང་གི་ཁྲིམས་ཞིབ་པ་ཚོ་ཟ་བརྒྱབས་པ་རེད་དམ། ཡང་ན། སྡུག་ཤི་བརྒྱབས་པ་རེད། གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གིས་ཁྲིམས་ཞིབ་ཁང་གིས་ཚབ་བྱས་ནས་མི་མང་ལ་གཉའ་གནོན་དང་ཐུབ་ཚོད་གཏོང་སྟངས་དེ་ནི་ཆེས་ཀླ་ཀློའི་བྱེད་སྟངས་ཤིག་རེད། ༸གོང་ས་མཆོག་གིས་གནང་བའི་མང་གཙོའི་གཞུང་ཞེས་པ་དེ་སྒེར་གཅོད་དུ་གྱུར་བའི་མངོན་རྟགས་ཚང་མ་འཛོམས་འདུག མི་ངན་དེ་ཚོ་ཐར་པར་ནམ་ཡང་གཏང་རྒྱུ་ཡོད་མ་རེད། མུ་མཐུད་ཁྲིམས་ཁང་གཞན་དང་གཞན་ལ་གཏུགས་དགོས་རེད། ༸གོང་ས་མཆོག་ལ་ཐད་ཀར་བདེ་སྡུག་ཞུ་དགོས་རེད།
ཐོག་མར་སྤྱི་ཚོགས་འདི་ལ་རེ་བ་ཞིག་བཅོལ་ཏེ་སྐྱབས་བཅོལ་ལ་ཡོང་ཡིན། རེད་དེ། ནམ་རིང་ན་རྨི་ལམ་མང་བའི་དཔེ་བཞིན་ལབ་རྒྱུ་གླེང་རྒྱུ་མང་པོ་ཞིག་འདུག་སྟབས་རི་བོ་ཧི་མ་ལ་ཡའི་རྒྱབ་ཀྱི་གནས་དེ་ཇི་ལྟར་བཙན་བསྣོན་ཆེ་ཡང་དྲན་ལྷང་སེ་བ་བྱུང་།
ཁྲིམས་ལས་འགལ་ན་སུ་ཡང་རུང་།
མཚུངས་པར་ཆད་པ་གཅོད་པ་ལས།
འགའ་ལའང་ཡང་བར་མི་བྱ་སྟེ།
དེ་ལྟར་བྱས་ན་ཁྲིམས་སྙོམས་སོ།
བོད་ཀྱི་ཁྲིམས་ལུགས་རིག་པའི་ཚོགས་པ་ཟེར་བ་འདིའི་ཕྱག་ལས་མགོ་འཛུགས་སྟངས་དང་། ཚོགས་པ་འདིའི་མིང་སྤྱི་ཚོགས་ཐོག་འཐོན་སྟངས་ཡག་པོ་ཆགས་མ་སོང་བསམ་ཡོད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གང་དུ་ཕྱིན་པ་ཡིན་ནམ།
ད་ཕལ་ཆེར་རྡ་སར་དབུས་བོད་མའི་སྒྲིག་འཛུགས་འདི་ཡོད་ས་མ་རེད།
དེང་སང་རྡ་སར་ཡོད་པ་ནི་དབུས་བོད་མའི་སྒྲིག་འཛུགས་ཀྱི་སྐུ་ཚབས་ཁོ་ན་ལས་གཞན་མི་འདུག
༡ བཀའ་ཤག་གི་གསལ་འགོད་གསལ་བསྒྲགས་འབའ་སྐལ་བཟང་རྒྱལ་མཚན་གྱི་གནང་སོང་།
༢ ཆེའི་མཐོའི་ཁྲིམས་ཞིབ་ཁང་གི་གསལ་བསྒྲགས་དེ་ཡང་ཚོགས་པ་ག་གེ་མོ་ཞིག་གིས་གནང་སོང་།
བློ་སེང་སྲིད་སྐྱོང་དུ་འཁོད་པ་ནས་ཁྲིམས་ལུགས་དང་བདེན་པ་བརྡར་ས་སྣ་གཅིག་མེད་པར། གང་སར་ཕ་ཡུལ་གཅིག་པ་དང་ལག་རོགས་དཔུང་ཁག་བཙུགས་ཏེ། མི་མང་གི་ཁེ་དབང་དང་གཞུང་གི་དར་འཇམ་ཡུག་ཅིག་ཏུ་ཡོད་པའི་སྲིད་བྱུས་དག་རྩབ་ཧྲལ་དུ་གཏོང་གི་འདུག སྔོན་མར་འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་བཀའ་ཤག་གི་ལས་དོན་མང་བོ་ཞིག་ནག་ཁུང་ནང་བྱས་པ་རེད་ལ། གྲོས་ཚོགས་ནང་ཡང་སྤྱི་འཐུས་ཡིན་པ་ལ་བཀའ་ཤག་གི་སྐུ་ཚབ་བྱེད་མཁན་སྐུ་ཞོག་སྡོམ་པ་མེད་མཁན་ཁ་ཤས་ཡོད་པ་ཚང་མས་མཐོང་ཡོད་ཅིང་། ད་ཆ་ཡང་ལི་ཐང་པ་ཞིག་བཀའ་ཤག་གི་ཉེ་འཁྲིས་སུ་ཉར་ནས་ཕོགས་ནག་པོ་སྤྲོད་བཞིན་པ་གསལ་ཐང་རེད་ཤག ད་ནས་བཟུང་བློ་སེང་གངས་སྐྱིད་ནས་མ་ཐོན་བར་དཔྱ་དངུལ་མི་སྤྲོད་ཁོ་ཐག་ཡིན།
སྲང་ལམ་གང་སར་ཁ་བདེ་པོ་ཀྱང་ཀྱང་ས་ཡ་གཅིག་བྱས་པ་ལས་ཀླད་པའི་ལས་ནུས་སྣ་གཅིག་བྱེད་མཁན་དེ་ལེགས་པ་ཆགས་འདུག་ག།
བྱས་་ཙང་སྟོད་པ་ཀྱག་དྲི་དུགས་དུགས་ཚོ་འཇོན་ཚོད་ལས་ཀ་བྱས་ན་ལེགས། མ་འཇོན་པ་སྤྱི་ཚོགས་ཕུགས་དཀྲུགས་མདའ་དཀྲུགས་་གང་ས་བཟོ་རྩིས་
བྱེད་པ་ད་དོར་ཤོག། དེ་ལས་ནང་ཁུལ་ཀླད་མེད་ཆགས་ཞེན་དོར་ནས་མི་བཟང་རེ་གཉིས་ཙམ་ཡོད་པ་མིག་ཡར་ཡར་བལྟས་ནས་སློབ་སྦྱོང་མང་ཙམ་
བྱོས། ཨ་ནི་གཞིགས་ནས་འགྲོ་སྟངས་ཤེས་ཀྱི་རེད་ཧ་ཧ་ཧ་མི་འདི་ཚོ་ཞབས་འདྲེན་བཞག་པ་རེད་དོ་་་་་
ཁྲིམས་རྩོད་པ་ཁྲིམས་རྩོད་པ་ལས་ཁྲིམས་དཔོན་མིན་པས་ཐག་གཅོད་ཀྱི་དབང་ཆའམ་གསར་འགོད་གསལ་བསྒྲགས་བྱེད་པའི་ལུགས་སྲོལ་འདི་གང་ནས་དར་བ་རེད་དམ།
ཡག་པོ་བྱུང་འདུག་་་་་་དཀོན་མཆོག་དང་དབྱངས་མཛོམས་་་མི་འདི་གཉིས་་སུ་ཡིན་མིན་ཤེས་གི་མི་འདུག་ལགས་་་་བོད་པ་ཡིན་མིན་དོགས་པ་ཡོད་་་་སྐྱོན་བརྗོད་ས་ནོར་ཡིན་པ་འདྲ་་་སྐྱོན་བརྗོད་ས་ཕ་ཕྱོགས་ལ་ཡོད་རེད།
ཡ་མཚན་ཆེ་ཤོས་གཉིས།
1. ཁྲིམས་ལུགས་རིག་པའི་ཚོགས་པ་ཟེར་བ་དེས་སྲིད་སྐྱོང་གི་ཚབ་བྱས་ཏེ་གསར་འགོད་གསལ་བསྒྲགས་སྤེལ་དོན་གང་ཡིན་ནམ།
2. ཟླ་གཅིག་དང་ཕྱེད་ཀའི་ནང་བློ་བཟང་སེང་གེའི་རང་བཙན་ལག་དེབ་ནང་གི་མིང་བསྒྱུར་བཅོས་བཏང་བའི་དབང་ཤུགས།
ད་ཡིན་ན་ཡ་མཚན་གྱི་གནས་ཚུལ་ཇེ་མང་རེད། ལི་ཐང་བློ་བཟང་གྲགས་པ་ཟེར་བ་འདི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྐུ་ཚབ་ཇི་ལྟར་ཆགས་པ་རེད་དམ། མངོན་མངོན་རྗེན་རྗེན་ལ་དབང་ཤུགས་དང་གཉའ་གནོན་བེད་སྤྱོད་ཀྱིས་མི་མང་གི་ཐོབ་ཐང་འཕྲོག་ལེན་བྱེད་ཀྱིན་ཡིན་ནམ།
ད་སྔ་བར་དུ་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བློ་གཏད་དང་ལྷག་བསམ་རྣམ་དག་བྱེད་མཁན་ཞིག་ཡིན་མོད་ཁྱོད་ཚོས་བྱེད་སྟངས་འདི་ཚོ་དངོས་འབྲེལ་ཡིན་ཚེ་ཉི་མ་དེ་རིང་ནས་སྐྱུག་བྲོ་བ་དང་ཡིད་ཆད་པའི་ཚོར་བ་ཞིག་མི་སླེབས་རང་སླེབས་ཆགས་སོང་།
སྲིད་སྐྱོང་ལགས། མིག་ཡོད་བཞིན་དུ་ནམ་ནམ་ཞར་ཞར་བྱེད་རྒྱུ་ཡིན་ནམ།
ཡ་མཚན་ཆེ་ཤོས་གཉིས།
1. ཁྲིམས་ལུགས་རིག་པའི་ཚོགས་པ་ཟེར་བ་དེས་སྲིད་སྐྱོང་གི་ཚབ་བྱས་ཏེ་གསར་འགོད་གསལ་བསྒྲགས་སྤེལ་དོན་གང་ཡིན་ནམ།
2. ཟླ་གཅིག་དང་ཕྱེད་ཀའི་ནང་བློ་བཟང་སེང་གེའི་རང་བཙན་ལག་དེབ་ནང་གི་མིང་བསྒྱུར་བཅོས་བཏང་བའི་དབང་ཤུགས།
གལ་གནད། ༡) བློ་བཟང་སེང་གེ་ཞེས་བོད་ཡིག་ཏག་ཏག་འཁོད་པའི་དཔྱ་དེབ་སྟོན་རྒྱུ་མེད་པ་གང་ཡིན་ནམ།
༢) དབུས་དང་ས་གནས་འོས་བསྡུ་གང་གིས་ཀྱང་སློབ་བཟང་སངས་རྒྱས་ཞེས་བྲིས་ཡོད་པ་ད་བར་མ་མཐོང་བ་གང་ཡིན་ནམ།
༣) དང་བླངས་དཔྱ་དེབ་དང་འོས་ཤོག་སྟེང་གི་མིང་ཁ་ཁ་ཡིན་ན་ཆོག་པའི་གནས་ལུགས་གང་ཡོད་དམ།
༤) ས་གནས་རང་བདེན་ཚོགས་ཆུང་དག་གིས་དཔྱ་དངུལ་བྱུང་འཛིན་སྟེང་ལ་མཚན་གང་འདྲ་ཞིག་བྲིས་ཡོད་དམ།
༥) བློ་སེང་རང་ཉིད་ཀྱིས་ད་བར་ནོར་བཅོས་མི་བྱེད་དོན་དོན་ཅི་ཡིན་ནམ།