མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་ཡུལ་ཕྱོགས་ལ་རྒྱང་ལྟ་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་དང་བསྟུན་ཕ་ཡུལ་ཕྱོགས་ལ་རྒྱང་ལྟ་ཞེས་པའི་བརྗོད་གཞིའི་འོག་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་དོན་ངོ་སྤྲོད་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་ཁག་ཅིག་མགོ་འཛུགས་གནང་སོང་།

12345དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པ་ཐོག ཕྱི་དྲིལ་འགྲེམས་སྟོན་ཚན་པའི་གོ་སྒྲིག་འོག བོད་ཀྱི་འགྲེམས་སྟོན་ཁང་གི་ཡང་སྟེང་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་གཙི་ཡི་དབུ་འབྱེད་མཛད་སྒོ་སྟབས་བདེ་ཞིག་ཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་ཕྱི་དྲིལ་གྱི་དྲུང་ཆེ་རྣམ་གཉིས་དང་དྷ་ས་རིག་ལམ་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་དང་། བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན། དཔེ་སྟོན་སློབ་གྲྭ་དང་སྨན་རྩིས་ཁང་། ཤེས་རབ་དགའ་ཚལ་སློབ་གླིང་སོགས་ཉེ་ཁུལ་སློབ་གྲྭ་ཁག་ལྔ་ཡི་དབུ་འཛིན་སོགས་དང་སློབ་ཕྲུག གཞན་ཡང་། ཕྱི་དྲིལ་འགྲེམས་སྟོན་པའི་འགན་འཛིན་ལས་བྱེད་བཅས་མི་གྲངས་ ༥༠ ཡས་མས་འཛོམས་འདུག་ལ། མཛད་སྒོའི་ཐོག་བོད་ཀྱི་འགྲེམས་སྟོན་ཁང་གིས་པར་སྐྲུན་གནང་བའི་༼ཕ་ཡུལ་ཕྱོགས་ལ་རྒྱང་ལྟ༽ཞེས་པའི་ལོ་རྒྱུས་ཀྱི་པར་རིས་དབྱིན་དེབ་ཅིག་དང་། བོད་ཀྱི་འགྲེམས་སྟོན་ཁང་ངོ་སྤྲོད་ཀྱི་གློག་བརྙན་ཞིག་བཅས་དབུ་འབྱེད་གནང་སོང་།

ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ནས་འགྲེམས་སྟོན་ཁང་གི་བྱེད་སྒོ་རྣམས་ངོ་སྤྲོད་གནང་སྐབས། བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༡༩༩༨ ལོར་བོད་ཀྱི་འགྲེམས་སྟོན་ཁང་ཆེད་འཛུགས་གནང་ཞིང་། ཕྱི་ལོ་ ༢༠༠༠ ཟླ་ ༤་ཚེས་ ༣༠ ཉིན་༧གོང་ས་མཆོག་ནས་ཐོག་མར་དབུ་འབྱེད་མཛད་ཡོད་པ་དང་། འདས་པའི་ལོ་ངོ་ ༡༦ རིང་འགྲེམས་སྟོན་ཁང་ནས་པར་རིགས་དང་གློག་བརྙན་སོགས་བརྒྱུད་དེ་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། ད་ལྟའི་བོད་ནང་གི་གནས་སྟངས་སོགས་ཀྱི་སྐོར་ནས་ལོ་ལྟར་གོ་རྟོགས་སྤེལ་ཡོད་ལ། ལོ་རེར་དོན་གཉེར་བ་བོད་མི་དང་རྒྱ་གར་བ། ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བཅས་མི་གྲངས་ཁྲི་ ༧ ལྷག་རེས་འགྲེམས་སྟོན་ཁང་དུ་ལྟ་སྐོར་བྱས་ཏེ། བོད་ཀྱི་གནད་དོན་ངོ་སྤྲོད་དང་ཁྱབ་བསྒྲགས་བྱེད་ཐུབ་ཡོད་སྐོར་དང་། དེ་སྔོན་གྷོའུ་གྷིལ་ཐོག་ནས་བོད་ཀྱི་འགྲེམས་སྟོན་ཁང་ཞེས་པ་འཚོལ་བཤེར་བྱེད་སྐབས་རྒྱ་ནག་གཞུང་གིས་བཙུགས་པའི་བོད་ཀྱི་འགྲེམས་སྟོན་ཁང་མ་གཏོགས་རྙེད་ཐུབ་ཀྱི་མེད་ཀྱང་། ད་ལྟ་གྷོའུ་གྷིལ་ནང་འཚོལ་བཤེར་བྱེད་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་འགྲེམས་སྟོན་ཁང་ཐོག་དང་པོར་འཆར་གྱི་ཡོད་པ་དང་། དྲ་རྒྱའི་ཐོག་འགྲེམས་སྟོན་གྱི་ལས་གཞི་ཚང་མར་ལྟ་ཐུབ་པའི་མཐུན་རྐྱེན་བསྐྲུན་ཡོད་སྐོར་སོགས་བརྗོད་སོང་།

མཇུག་ཏུ་ཁོང་གིས་དྷ་རམ་ས་ལ་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་དང་སྐུ་མགྲོན་མང་པོ་ཕེབས་ཀྱི་ཡོད་པ་དང་། གཞུང་འབྲེལ་གྱི་སྐུ་མགྲོན་ཡིན་ན་དྷ་ས་ཁུལ་གྱི་ལྟ་སྐོར་ལས་རིམ་ནང་བོད་ཀྱི་འགྲེམས་སྟོན་ཁང་དུ་གཟིགས་སྐོར་གྱི་ལས་རིམ་རྟག་ཏུ་བཀོད་སྒྲིག་བྱེད་བཞིན་ཡོད་པ་ལྟར། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ཀྱང་སོ་སོའི་སྐུ་མགྲོན་ཚོར་བོད་ཀྱི་འགྲེམས་སྟོན་ཁང་ལ་ལྟ་སྐོར་གྱི་ལས་རིམ་བཀོད་སྒྲིག་བྱེད་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་པ་དང་། དེ་བཞིན་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ལྟ་བུ་ཡིན་ན། སློབ་གྲྭ་དག་གི་སློབ་ཕྲུག་ཚོ་འགྲེམས་སྟོན་ཁང་དུ་ལྟ་སྐོར་ལ་འཁྲིད་པའི་ལས་རིམ་མང་པོ་ཞིག་གོ་སྒྲིག་བྱེད་བཞིན་ཡོད་སྟབས། བོད་མིའི་སློབ་གྲྭ་ཁག་ནས་ཀྱང་སློབ་ཕྲུག་ཚོ་བོད་ཀྱི་འགྲེམས་སྟོན་ཁང་ནང་ལྟ་སྐོར་དུ་འཁྲིད་ཐུབ་པ་ཡིན་ན། རྒྱུན་དུ་སློབ་གྲྭའི་ནང་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ངོ་སྤྲོད་གནང་བཞིན་ཡོད་ཀྱང་། འགྲེམས་སྟོན་ཁང་དུ་དངོས་སུ་བསླེབས་པ་ཡིན་ན་ཚོར་བ་མ་འདྲ་བ་ཞིག་དང་སློབ་སྦྱོང་མ་འདྲ་བ་ཞིག་རག་པར་ཕན་ཐོགས་ཆེན་པོ་ཡོད་སྟབས། ཆེས་མ་མཐའ་ཡང་སློབ་ཕྲུག་ཚོ་ལོ་རེར་འགྲེམས་སྟོན་ཁང་ནང་ལྟ་སྐོར་དུ་ཐེངས་གཅིག་འཁྲིད་ཐུབ་པ་གནང་དགོས་པའི་འབོད་སྐུལ་གནང་སོང་།

12དེའི་རྗེས་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ནས་བོད་ཀྱི་འགྲེམས་སྟོན་ཁང་བཙུགས་པའི་དགོས་དམིགས་ ༣ གྱི་སྐོར་ནས་གསུང་བཤད་གནང་སྐབས། བོད་ཀྱི་འགྲེམས་སྟོན་ཁང་བཙུགས་པའི་གལ་ཆེའི་དམིགས་ཡུལ་གཙོ་བོ་དེ། ང་ཚོ་བོད་ཀྱི་གནད་དོན་ད་ལྟ་ཉག་ཕྲ་བ་འདི་ལས་ཐར་ཐབས་ཀྱི་ཆེད་དུ་བོད་མི་ཚོས་སྐྱིད་སྡུག་ག་འདྲ་མྱངས་བ་ཡིན་ནའང་དེ་རྒྱལ་སྤྱིའི་ཐོག་ལ་ངོ་སྤྲོད་དང་། དེའི་ཐོག་ནས་བོད་ཀྱི་རྒྱལ་རབས་ཡིན་ན་རེད། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་ཡིན་ནའང་རེད། དེ་བཞིན་མ་འོངས་པར་འདུན་པ་ག་རེ་ཡོད་པ་དེ་ཚོ་ཚང་མ་གསལ་པོ་ཞིག་ལྟེ་གནས་གཅིག་གི་ནང་ནས་སྟོན་ཐུབ་པ་ཞིག་བཟོས་པ་ཡིན་ན། ཁ་འཐོར་མེད་པའི་ཐོག་ནས་གནད་ཐུག་པོས་རྒྱལ་སྤྱིའི་ཐོག་ལ་བོད་དོན་ངོ་སྤྲོད་བྱེད་ཐུབ་པ་ཞིག་ཆགས་ཀྱི་རེད་དགོངས་པ་དེ་གཅིག་རེད། དམིགས་ཡུལ་གསུམ་པ་དེ་ང་ཚོ་བོད་མིའི་མི་རབས་ཡིན་ནའང་སྔ་རྗེས་སུ་འགྱུར་བ་འགྲོ་ཡི་ཡོད་པ་དང་བརྗེ་བོ་ཐེབས་ཀྱི་ཡོད་སྟབས། རྒྱལ་རབས་ལོ་རྒྱུས་དེ་ཚོ་གཅིག་གིས་གཅིག་ལ་ངག་རྒྱུན་གྱི་ལམ་ནས་ངོ་སྤྲོད་དང་དེབ་གཟུགས་བརྒྱུད་ནས་ངོ་སྤྲོད། འགྲེམས་སྟོན་པར་རིས་ཀྱི་ཐོག་ནས་ངོ་སྤྲོད་བཅས་མེད་པ་ཡིན་ན། མི་རབས་ནས་མི་རབས་སུ་བརྒྱུད་རིམ་དེ་རྩིས་སྤྲོད་ཐུབ་ཀྱི་ཡོད་པ་མ་རེད། དེར་བརྟེན་བརྒྱུད་རིམ་དེ་རྩིས་སྤྲོད་ཐུབ་པར་བོད་ཀྱི་འགྲེམས་སྟོན་ཁང་གིས་བོད་ཀྱི་མྱོང་ཚོར་ཆ་ཚང་བསྡུ་རུབ་བྱེད་སའི་བང་མཛོད་ལྟ་བུའི་ཐོག་ནས་པར་རིགས་དང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་དཔེ་དེབ། དེ་བཞིན་བཙོན་པ་ཚོས་སྡུག་སྦྱོང་མྱངས་བའི་གོས་ཆས། བོད་སྔ་མོའི་དངུལ་སོགས་འགྲེམས་སྟོན་གྱི་ལས་རིམ་མང་པོ་སྤེལ་བཞིན་ཡོད་པ་དེ། མ་འོངས་པའི་བོད་རིགས་ཚོར་སྔ་མོའི་བོད་ཀྱི་གནས་སྟངས་དེ་ཚོ་མིག་མཐོང་ལག་ཟིན་ཡོང་ཆེད་དུ་རེད། ཅེས་དང་། རྨང་གཞིའི་དམིགས་ཡུལ་དེ་ཚོ་འགྲུབ་པའི་རྗེས་སུ་བོད་པ་རང་གི་སྤྱི་ཚོགས་ནང་བོད་དོན་ངོ་སྤྲོད་བྱས་ནས་རིམ་བཞིན་རྒྱལ་སྤྱིའི་ཐོག་ངོ་སྤྲོད་བྱེད་པ་དང་། དེ་ནས་རིམ་གྱིས་འགྲེམས་སྟོན་ཁང་འདི་རྒྱལ་སྤྱིའི་གདེང་འཇོག་ལྡན་པའི་སྡིངས་ཆའི་ནང་མཉམ་ཞུགས་བྱེད་ཐུབ་པའི་དམིགས་ཡུལ་བཟུང་ཡོད་སྐོར་བརྗོད་སོང་།

མཇུག་ཏུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་འགྲེམས་སྟོན་ཁང་གལ་ཆེན་པོ་ཞེ་དྲགས་གཟིགས་ཀྱི་ཡོད་སྐོར་གསུངས་དོན། ངས་འགྲེམས་སྟོན་ཁང་དེ་གལ་ཆེན་པོ་ཞེ་དྲགས་མཐོང་བར་རྒྱུ་མཚན་གཉིས་ཡོད། ཕྱོགས་གཅིག་ནས་འགྲེམས་སྟོན་ཁང་བརྒྱུད་དེ་ང་ཚོའི་དམིགས་ཡུལ་གཞིར་བཟུང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ག་རེ་རེད། བོད་ཀྱི་རིག་གཞུང་ག་འདྲ་ཡོད་པ་རེད། བོད་མིའི་གོམ་གཤིས་ག་འདྲ་ཡོད་པ་རེད། བོད་ཆོལ་ཁ་གསུམ་གྱི་ཆས་གོས་ག་འདྲ་ཡོད་པ་རེད། ད་ལྟ་འདིར་དཔེ་སྟོན་སློབ་གྲྭའི་འཛིན་གྲྭ་བཅུ་པའི་ཕྲུ་གུ་དྲུག་གིས་བོད་ཆས་གྱོན་ནས་བསླེབས་འདུག་ལ། ཁོང་ཚོས་ཆོལ་ཁ་གསུམ་གྱི་ཆས་གོས་གྱོན་ཡོད་ཟེར་གྱི་ཡོད་པས་ཆས་གྱོན་བསྡད་ནས་པར་ཞིག་རྒྱག་ལབ་པ་ཡིན། གང་ཡིན་ཟེར་ན། ཁོང་རང་ཚོར་དངོས་གནས་ཆོལ་ཁ་རེ་རེའི་ཚོར་བ་དེ་ཡོད་དང་མེད་ཟེར་བ་ཞིག་ཡོད་པ་རེད། གོང་དུ་ངས་ཞུས་པ་ལྟར་ང་ཚོ་མི་རབས་གསར་པ་མང་ཆེ་བར་མི་རབས་རྒན་པའི་ཚོར་བ་དེ་ཞེ་དྲགས་སླེབ་ཀྱི་ཡོད་པ་མ་རེད། ཆས་གྱོན་བཞག་པ་རེད་མ་གཏོགས་ཕུད་པ་ཡིན་ན་རང་འཇགས་ཆགས་པ་རེད། དེར་བརྟེན་འགྲེམས་སྟོན་ཁང་འདི་ཞེ་དྲགས་གལ་ཆེན་པོ་རེད། འདི་བརྒྱུད་དེ་རྒྱལ་སྤྱིའི་ཐོག་ལ་ང་ཚོའི་བདེན་པ་དེ་བཤད་ཐུབ་དགོས་པ་རེད་ལ། རྒྱ་གར་ནང་ལ་ཡིན་ནའང་བདེན་པ་དེ་བཤད་ཐུབ་དགོས་པ་རེད། གཙོ་ཆེ་ཤོས་ང་རང་ཚོ་ནང་ཁུལ་ལ་བོད་མི་དང་བོད་མིའི་རྩ་དོན་ག་རེ་ཡིན་པ་མི་བརྗེད་པ་དང་། མ་བརྗེད་པ་གཅིག་པུ་མིན་པར་དྲན་གསོ་སློང་བ། དྲན་གསོ་བསླངས་བ་གཅིག་པུ་མ་རེད་ཚོར་བ་སླེབ་ཐུབ་པ། སེམས་ནང་དཀའ་སྡུག་ཅིག་ཡོད་པ་དེ་སླེབ་ཐུབ་པའི་ཆེད་དུ་འགྲེམས་སྟོན་ཁང་འདི་གལ་ཆེན་པོ་ཞེ་དྲགས་རེད། ཡིན་ནའང་། ང་ཚོར་ཉེན་ཁ་གཅིག་ཡོད་པ་རེད། ག་བར་ཕྱིན་ནའང་ངས་དེ་བཤད་བསྡད་ཀྱི་ཡོད། བོད་དང་བོད་མི་ཟེར་བ་འདི་འགྲེམས་སྟོན་ཁང་ནང་འགྲེམས་སྤེལ་བྱེད་པ་ཞིག་མ་ཆགས་པ་ཤོག་ཅེས་སྨོན་ལམ་རྒྱག་བཞིན་ཡོད་ཅེས་ལབ་ཀྱི་ཡོད། ད་ལྟ་ང་ཚོར་བོད་ཀྱི་འགྲེམས་སྟོན་ཁང་ཞིག་ཡོད་པ་རེད། ལོ་ ༡༠༠ ཡི་རྗེས་སུ་བོད་པ་ག་འདྲ་ཡོད་པ་རེད། བོད་དང་བོད་པའི་རིག་གཞུང་ག་འདྲ་ཡོད་པ་རེད་ཟེར་དུས། འགྲེམས་སྟོན་ཁང་ལ་ལྟ་རུ་རྒྱུག་ཅེས་ལབ་པའི་ཉིན་མོ་ཞིག་ཤར་བ་ཡིན་ན། ང་ཚོའི་རྩ་དོན་དེ་བརླགས་པ་རེད། དེར་བརྟེན་འགྲེམས་སྟོན་ཁང་བརྒྱུད་དེ་གོ་རྟོགས་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད། ཅེས་སོགས་གསུངས་སོང་།

ད་ལན་བོད་ཀྱི་འགྲེམས་སྟོན་ཁང་ནས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་གཙི་གནང་བ་ཐེངས་གཉིས་པ་དེ་ཆགས་ཡོད་ལ། ཕ་ཡུལ་ཕྱོགས་ལ་རྒྱང་ལྟ་ཞེས་པའི་བརྗོད་གཞིའི་འོག་ཉིན་གྲངས་གསུམ་རིང་དྷ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་དགོན་སྡེ་གྲྭ་ཚང་ཁག་ནས་དགེ་འདུན་པ་བཅས་ཆེད་དུ་སྐད་བཏང་སྟེ། འགྲེམས་སྟོན་ཁང་ངོ་སྤྲོད་གནང་བ་དང་འབྲེལ། བོད་ཆོལ་ཁ་གསུམ་གྱི་ཆས་གོས་དང་སྐུ་ཐང་འགྲེམས་སྟོན། དེ་བཞིན་བོད་དོན་སྐོར་གྱི་གློག་བརྙན་གཟིགས་འབུལ་དང་། མཁས་དབང་ཆེད་དུ་གདན་འདྲེན་ཞུས་ཏེ་བོད་དོན་ཐོག་གཏམ་བཤད་གནང་རྒྱུ་དང་། ཉིན་མཐའ་མར་བོད་ཀྱི་གཞས་སྣ་འཁྲབ་སྟོན་བཅས་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

ཆུ་ཚོད་ ༡༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༡༨ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese