མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མང་གཙོ་ཚོགས་པའི་རྒྱུན་ལས་གསར་འདེམས།

བོད་ཀྱི་དུས་བབ།
༢༠༡༦/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༢༤ ནས་དེ་རིང་ ༢༦ བར། བཞུགས་སྒར་དྷ་རམ་ས་ལའི་ནོར་བུ་མགྲོན་ཁང་དུ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་སྐབས་བདུན་པ་ཚོགས་ཡོད་པ་ལྟར། དེ་རིང་ཕྱི་དྲོའི་ཆུ་ཚོད་ ༦ པའི་སྟེང་ཉིན་མཐའ་མའི་མཇུག་སྡོམ་ཐོག འོས་ཤོག་གི་ལམ་ནས་སྐབས་བདུན་པའི་རྒྱུན་ལས་གསར་འདེམས་གནང་སོང་།

ཐེངས་འདིར་རྒྱུན་ལས་གསར་པ་༧ བདམས་ཡོད་པ་དག་ལས། ཚེ་བརྟན་ནོར་བུ་ལགས་ཚོགས་གཙོ་དང་། གཞན། དྷ་སར་གནས་སྡོད་དགེ་འདུན་ཆོས་འཕེལ་ལགས་དང་རྒྱལ་ཐང་སྤྲུལ་སྐུ་ལགས། ཤེས་རབ་ཚེས་རྡོར་ལགས། བསྟན་འཛིན་རྣམ་སྲས་ལགས། བལ་ཡུལ་གནས་སྡོད་ཉི་མ་རྒྱལ་མཚན་ལགས། བདེ་སྐྱིད་གླིང་དུ་གནས་སྡོད་ཚེ་རིང་གཡང་འཛོམས་ལགས་བཅས་བདམས་ཡོད་ཀྱང་། ཚེ་རིང་གཡང་འཛོམས་ལགས་ཀྱིས་མོ་རང་གི་ནང་མིའི་དཀའ་ངལ་འོག་མང་གཙོ་ཚོགས་པའི་སྐབས་བདུན་པའི་རྒྱུན་ལས་ནས་དགོངས་པ་ཞུས་སོང་།

tibettimes

ཐེངས་འདིའི་ཚོགས་ཆེན་ཐོག་གྲོས་ཆོད་དོན་ཚན་ ༩ བཞག་ཡོད་པ་དག་ནི། དང་པོ། མང་གཙོ་ཚོགས་པའི་དབུས་ས་གཉིས་ཀྱི་ལས་བསྡོམས་དང་རྩིས་ཁྲ་སླ་བཅོས་འཕྲལ་སེལ་མི་བྱེད་པར་ཞིབ་ཕྲ་འགོད་འབུལ་གནང་རྒྱུ། གཉིས་པ། ༧གོང་ས་མཆོག་གི་སྐུ་ཕྱྭའི་སླད་དབུས་ས་གཉིས་ནས་ཞབས་རིམ་དགེ་སྦྱོར་དང་སྲོག་བླུ་གནང་རྒྱུ་དང་། ཆོལ་ཁ་ཆོས་ལུགས་དང་ཕོ་མོ་རྒན་གཞོན་དབྱེར་མེད་ཐོག་མཐུན་སྒྲིལ་ཡོང་རྒྱུར་འབོད་བརྩོན་ཞུ་རྒྱུ། གསུམ་པ། དབུས་ས་གཉིས་ནས་མཁས་དབང་གདན་ཞུས་ཀྱིས་མང་ཚོགས་ལ་དམངས་གཙོའི་སྐོར་ངོ་སྤྲོད་དང་། མཐོ་སློབ་ཁག་གི་བོད་ཕྲུག་ཚོར་དམངས་གཙོ་དང་ཆབ་སྲིད་སྐོར་སློབ་སྟོན་གནང་རྒྱུ། བཞི་བ། གལ་འགངས་ཆེ་བའི་ཡིག་ཆའི་རིགས་ས་གནས་ཁག་ཏུ་གཏོང་སྐབས་ཤོག་ཐོག་ཏུ་གནང་སྟེ་ཟླ་དུས་ཚེས་གྲངས་བཅས་གསལ་བོར་དགོས་རྒྱུ།

ལྔ་བ། དབུས་རྒྱུན་ཕྱོགས་བཞུགས་རྣམས་ནས་སོ་སོའི་བཞུགས་ཡུལ་ས་གནས་དག་ཏུ་ལམ་སྟོན་གྱི་འགན་འཁུར་རྒྱུ། དྲུག་པ། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་མི་སུ་ཞིག་ཕྱི་རྒྱལ་གང་དུ་ཕེབས་ཀྱང་། དམངས་གཙོ་ཚོགས་པའི་ཚོགས་མིར་མུ་མཐུད་བཞུགས་ཏེ་ཚོགས་པར་མཐུན་རྐྱེན་རོགས་རམ་གནང་རྒྱུ། བདུན་པ། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱིས་སྲིད་དོན་ཚོགས་པ་ཞིག་ལ་ངོས་འཛིན་ཡོང་ཆེད་སྙན་ཞུ་འབུལ་རྒྱུ། བརྒྱད་པ། མ་འོངས་པར་སྲིད་སྤྱི་གཉིས་ཀྱི་འོས་མི་འདོན་སྐབས། གལ་ཏེ་ལོ་རྒྱུས་ནང་རྙོག་གླེང་ཅན་གྱི་འོས་མི་བྱུང་ཚེ་ཕྱིར་འཐེན་བྱ་རྒྱུའི་དབང་ཚད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་ཡོད་པ། དགུ་བ། བོད་གཞོན་ནུ་ལྷན་ཚོགས་དང་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ་གཉིས་ཕ་མ་དང་བུ་ཕྲུག་ལྟ་བུའི་འབྲེལ་ལམ་བཟང་བོ་ཡོད་སྟབས། བོད་གཞོན་ནུ་ལྷན་ཚོགས་ནས་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ལས་བྱེད་ཀྱི་གླ་ཕོགས་དང་ཁང་གླར་རོགས་རམ་ཡོང་བའི་རེ་སྐུལ་ཞུ་རྒྱུ། ཞེས་སོགས་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese