མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་སྲིད་འཛིན་ནས་ཨ་རིར་སྐྱོན་བརྗོད་བྱས།

བོད་ཀྱི་དུས་བབ།
༢༠༡༦/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་ལྷོ་རྒྱུད་གླིང་ཕྲན་ཨོ་ཀེ་ན་ཝར་རྟེན་གཞི་བྱས་པའི་ཨ་རིའི་མཚོ་དམག་གིས་ཉི་ཧོང་གི་བུད་མེད་ཚོར་བཙན་གཡེམ་དང་དམར་གསོད་བྱས་པའི་བྱ་སྤྱོད་ལ་ཉི་ཧོང་སྲིད་བློན་གྱིས་མཐའ་གཅིག་ཏུ་ཨ་རིར་ངོ་རྒོལ་བྱས་འདུག

g7-updated-image

རོའུ་ཏར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༢༥ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཉི་ཧོང་རྒྱལ་ཁབ་ཏུ་སྐོར་སྐྱོད་སྐབས་སུ་ཉི་ཧོང་གི་སྲིད་བློན་ཤཱིན་ཛོ་ཨ་བྷིས་ཉེ་ལམ་ཨ་རིའི་མཚོ་དམག་གིས་ཉི་ཧོང་གི་བུ་མོ་ཞིག་ལ་བཙན་གཡེམ་གྱིས་དམར་གསོད་བཏང་བར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་བརྗོད་ཅིང་། སྲིད་འཛིན་ཨོ་བྷ་མས་དོན་རྐྱེན་དེ་ལ་སེམས་གཏིང་ནས་ནོངས་འགྱོད་དང་བཟོད་གསོལ་ཞུས་ཡོད་འདུག

ཉི་ཧོང་གི་སྲིད་བློན་ཤཱིན་ཛོ་ཨ་བྷིས་ཉི་ཧོང་གྲོང་ཁུལ་ཨ་སི་ཤཱེ་མ་ (Ise-Shima) རུ་འཚོགས་བཞིན་པའི་རྒྱལ་ཁབ་བདུན་གྱི་གྲོས་མོལ་ཚོགས་ཆེན་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ང་རང་ཉི་ཧོང་སྲིད་བློན་ཡིན་པའི་ཆ་ནས་ཉེ་ལམ་ཨོ་ཀེ་ན་ཝ་ (Okinawa) གླིང་ཕྲན་སྟེང་ཨ་རིའི་མཚོ་དམག་གིས་ཉི་ཧོང་བུ་མོ་ཞིག་ལ་བཙན་གཡེམ་དང་དམར་གསོས་བྱས་པའི་དོན་རྐྱེན་ཐད་ངས་ཨ་རིའི་སྲིད་འཛིན་ཨོ་བྷ་མར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། བསམ་བཞིན་དུ་བྱས་པའི་འདོད་སྲེད་ཀྱི་ནག་ཉེས་དེ་ང་ལ་ཁྲོ་སེམས་ཆེན་པོ་བསླངས་ཡོད། ཅེས་སོགས་བརྗོད་ཅིང་། སྐབས་དེར་ཨ་རིའི་སྲིད་འཛིན་ཨོ་བྷ་མས་དོན་རྐྱེན་དེའི་ཐད་ངས་སེམས་གཏིང་ནས་ནོངས་འགྱོད་དང་བཟོད་གསོལ་ཞུ་རྒྱུ་ཡིན་ལ། ཉི་ཧོང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཞིར་བཟུང་གིས་ཨ་རིའི་གཞུང་གིས་ཉི་ཧོང་སྲིད་གཞུང་དང་ལྷན་དུ་གནད་དོན་དེའི་ཐད་རྟོགས་ཞིབ་བརྒྱུད་དྲང་བདེན་གྱིས་ཐོག་གཅོད་བྱ་རྒྱུ་ཡིན་སྐོར་བརྫོད་འདུག

ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཉོ་ཧོང་ནང་སྐོར་སྐྱོད་བྱེད་དོན་གཙོ་བོ་ཉི་ཧོང་ནང་འཚོགས་བཞིན་པའི་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་སྟེང་མཉམ་ཞུགས་བྱེད་པ་དང་དེའི་རྗེས་ཕྱི་ལོ་ ༡༩༤༥ ལོའི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཐོག་དང་པོར་ཨ་རིའི་རྡུལ་ཕྲན་མཚོན་ཆས་གཏོར་བའི་ཉི་ཧོང་གྲོང་ཁྱེར་ཧེ་རོ་ཞེ་མ་ (Hiroshima) རུ་ལྟ་སྐོར་དང་འགལ་གཏོར་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཉེས་མེད་མི་མང་ལ་མྱ་ངན་གུས་འདུད་ཞུ་ཆེད་ཡིན་འདུག

གནས་ཚུལ་ལྟར་ན། ཐེངས་འདིའི་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་སྟེང་དབྱིན་ཇི་དང་ཁེ་ན་ཊ། ཧྥ་རན་སི་དང་ཨེ་ཊ་ལེ། ཉོ་ཧོང་དང་ཨ་རི་བཅས་ཀྱི་དབུ་ཁྲིད་རྣམས་མཉམ་ཞུགས་ཐོག རྒྱལ་ཁབ་ཕན་ཚུན་བར་འཕྲད་བཞིན་པའི་ཁེ་ལས་དང་སྐྱབས་བཅོལ་བའི་དཀའ་རྙོག གནས་འཕྲིན་བརྒྱུད་ལམ་དང་མཚོ་ཐོག་སྐྱེལ་འདྲེན་གྱི་བདེ་འཇགས། དེ་བཞིན་རྒྱ་ནག་གི་ལྷོ་ཤར་མཚོ་ཁུལ་དུ་འབྱུང་བཞིན་པའི་རྩོད་རྙོག་སོགས་ཀྱི་ཐད་གྲོས་མོལ་བྱེད་བཞིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

ཆུ་ཚོད་ ༦ སྔོན་ལ།
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

ཆུ་ཚོད་ ༦ སྔོན་ལ།
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

ཆུ་ཚོད་ ༩ སྔོན་ལ།
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦
དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་དཀར་མཛེས་ད་དགོན་པའི་དགེ་རྒན་དཔལ་ལྡན་ཡེ་ཤེས་ལགས། ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

རྒན་དཔལ་ལྡན་ཡེ་ཤེས་ལགས་ཀྱི་སྤུན་མཆེད་ཀྱང་བདུན་ཕྲག་གཅིག་ལྷག་རིང་བཀག་ཉར་གྱིས་གཅར་རྡུང་བྱས་འདུག 

༢༠༢༦/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese