མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ལ་གྲོཊ་པོ་ཞིག་གི་འདུ་ཤེས་ཡོད་ན་ཆོལ་ཁ་དང་ཆོལ་ལུཊ་ཀྱི་འཐེན་འཁྱེར་མ་བྱེད་ཨ།

བོད་ཀྱི་དུས་བབ།
༢༠༡༦/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོ་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་སྐབས་ ༡༥ པའི་སྲིད་སྐྱོང་གི་ལས་འཁུར་དམ་བཅའ་ཕུལ་སོང་།

IMG_1806 དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་༸གོང་ས་མཆོག་དབུ་བཞུགས་ཐོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བཀའ་ཤག་སྐབས་ ༡༥ པའི་སྲིད་སྐྱོང་གི་ལས་འཁུར་དམ་བཅའ་ཕུལ་སོང་བ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་ལས་བྱེད། དེ་བཞིན་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་བ་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། གཞན་ཡང་། དྷ་ས་ཁུལ་གྱི་ཆོས་སྡེ་ཁག་གི་གྲྭ་བཙུན་དང་སེར་སྐྱ་མི་མང་བཅས་མི་གྲངས་ ༥༠༠༠ ཡས་མས་འཛོམས་འདུག

མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་ནས་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་མདུན་དུ། བཙན་བྱོལ་བོད་མིའི་ཁྲིམས་ལུགས་ནང་གཏན་འབེབས་གནང་བའི་ཚིག་གཞི་ལྟར་སྲིད་སྐྱོང་གི་ལས་འཁུར་དང་གསང་རྒྱའི་དམ་བཅའ་ཕུལ་རྗེས། ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་སྲིད་སྐྱོང་མཆོག་ལ་མཇལ་དར་བསྒྲོན་པ་དང་དམ་འབུལ་མ་དེབ་ཐོག་མཚན་རྟགས་བཀོད། དེ་ནས་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་སྲིད་སྐྱོང་མཆོག་རྣམ་གཉིས་ཀྱིས་དབུས་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་༧གོང་ས་མཆོག་ལ་གུས་ཕྱག་དང་བཅས་མཇལ་དར་ཕུལ་རྗེས། ཁྲིམས་ཞིབ་པ་གཞན་གཉིས་དང་བོད་མི་མང་སྤྱི་འཐུས་སྦྲེལ་པོས་སྲིད་སྐྱོང་མཆོག་ལ་འཚམས་འདྲིའི་མཇལ་དར་བསྒྲོན་ཏེ། བོད་ཀྱི་ཟློས་གར་ཚོགས་པས་དགའ་བསུའི་གླུ་གཞས་ཕུལ་སོང་།

IMG_1840སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་དབྱིན་གཉིས་ཀྱི་ཐོག་ནས་སྲིད་སྐྱོང་གི་ལས་ཡུན་གསར་པ་དབུ་འཛུགས་ཀྱི་གསུང་བཤད་ཟབ་རྒྱས་གནང་གྲུབ་རྗེས། ༧གོང་ས་མཆོག་ནས་བོད་ཆོལ་ཁ་གསུམ་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་གིས་རྡོག་རྩ་གཅིག་ཏུ་བསྒྲིལ་དགོས་པའི་བླངས་འདོར་གྱི་བཀའ་སློབ་གནང་དོན། བཟང་པོ་ཡོད་ན་ངན་པའང་ཡོད་དགོས་པ་རེད། བཟང་པོ་རྐྱང་རྐྱང་ཡིན་ན་བཟང་པོའི་ངོ་སོ་འཐོན་རྒྱུ་ཅི་མི་འདུག་གཱ། ངན་པའི་ཆ་ནས་བཤད་པ་ཡིན་ན། བར་སྐབས་འོས་བསྡུ་ཆེན་མོའི་སྐབས་སུ་ཡ་རབས་བཟང་སྤྱོད་ཀྱི་མཚམས་ནས་ཏོག་ཙམ་མར་བབས་བསྡད་པ་འདྲ་པོ་ཞིག་ཡོང་སོང་། ལྷག་པར་དུ་རེ་ཟུང་གི་བྱེད་ལས་ཀྱི་རྐྱེན་པས་ཆོལ་ཁའི་འཐེན་འཁྱེར་གྱི་རྣམ་པ་འདྲ་པོ་དེ་ཕྲན་བུ་ཕྲན་བུ་ཐོན་ཡོང་གི་འདུག དཔེ་མི་སྲིད་པའི་བློ་ཕམ་བྱུང་། ང་ཚོས་སྤོབས་པ་བྱེད་པ་དང་དངོས་གནས་འཛམ་བུ་གླིང་སྤྱི་ལ་མིག་དཔེ་སྟོན་ཐུབ་པ་ཞིག་ཡོད་པ་དེ་ཉམས་དམས་སུ་སོ་སོས་གཏོང་གི་ཡོད་པ་རེད་བཱ། དངོས་གནས་དྲང་གནས་ཡ་རབས་སྤྱོད་བཟང་དང་དྲང་བདེན། རྒྱབ་མདུན་མངོན་ལྐོག་མེད་པ། ཕྱི་གསལ་ནང་གསལ་གྱིས་ང་ཚོས་སྤོབས་པ་བྱས་ནས་འཛམ་བུ་གླིང་འདིའི་སྒང་ལ་གདོང་སྟོན་ཐུབ་པའི་ཆ་རྐྱེན་གཙོ་བོ་དེ། ང་ཚོའི་ཡ་རབས་དྲང་བདེན་དང་སྤྱོད་བཟང་དེ་ཚོ་ཆགས་ཀྱི་ཡོད་པ་རེད། དེ་ཚོ་ཏོག་ཙམ་བསྟན་པ་མགོ་ནས་བཤིག་པ་འདྲ་པོ་ཞིག་ཆགས་ཡོང་དུས་དགའ་རབ་བློ་ཕམ་ཡོང་གི་འདུག

མང་ཆེ་བར་ཁག་ཅི་ཡོད་པ་མ་རེད། ཡིན་ནའང་། རེ་ཟུང་གིས་མགོ་བདེ་པོ་འདྲ་པོ་དང་མིག་རྒྱང་ཐུང་ཐུང་། འཕྲལ་སེལ་ངོ་གདོང་རང་མ་གཏོགས་ཆེ་ས་ལ་བསམ་བློ་མ་འཁོར་མཁན་དེ་འདྲས་ཆོལ་ཁའི་འཐེན་འཁྱེར་དང་ཆོས་ལུགས་འཐེན་འཁྱེར་འདྲ་པོ་ཡོང་གྲབས་ཡོང་གྲབས་བྱེད་ཀྱི་འདུག་གཱ། དེ་ཚོའི་གྲས་དེ་སྐྱོན་ཡིན་པར་ངོས་འཛིན་བྱས་ཏེ་དེ་འདྲ་མ་ཡོང་བ་ཞིག་བྱེད་དགོས་པ་རེད། ཆོལ་ཁ་གསུམ་གཅིག་སྒྲིལ་ཟེར་བ་དེ་སྔར་དུས་རབས་བདུན་པ་བརྒྱད་པ། དགུ་པའི་སྐབས་སུ་ཆོས་རྒྱལ་བཀའ་དྲིན་ཅན་དེ་ཚོའི་འོག་ལ་གང་ལྟར་ཆོལ་ཁ་གསུམ་ཧ་ལམ་གཅིག་སྒྲིལ་ཞིག་ཆགས་བསྡད་ཡོད་པ་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་དེ་སྔ་ཞང་ཞུང་སྨར་ཡིག་ཟེར་བ་ཞིག་ཡོད་ན་འདྲ་མེད་ནའང་འདྲ། གང་ལྟར་བོད་ཡིག་དེ་ཐོན་མི་སམ་བྷོ་ཊས་གཏན་འབེབས་གནང་སྟེ་བཟོས་བཞག་པ་དང་། ང་ཚོའི་བཀའ་འགྱུར་བསྟན་འགྱུར་དེ་ཚོའང་ཡི་གེ་འདིའི་ནང་དུ་ཡོད་པ་རེད། སྐད་ཀྱི་གདངས་འདྲ་མི་འདྲ་ཡོད་ཀྱང་། བོད་ཆོལ་ཁ་གསུམ་ཡོངས་རྫོགས་དང་མདོར་ན་ཧི་མ་ཡ་ལའི་རི་རྒྱུད་དང་བཅས་པའི་བཀའ་འགྱུར་བསྟན་འགྱུར་གང་དུ་ཡོད་ས་དེར་བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་དེ་ཚང་མས་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད་ལ། བོད་པ་གཅིག་སྒྲིལ་དེས་བཟོ་ཡོང་གི་འདུག་གཱ།

ང་ཚོར་དངོས་གནས་དུས་ཚོད་དཀའ་ངལ་ཅན་དང་ཆབ་སྲིད་ཀྱི་འཕོ་འགྱུར་ག་འདྲ་ཞིག་བྱུང་ཡོད་པ་ཡིན་ནའང་། དེ་ལ་ལྟོས་པ་མེད་པར་ང་རང་ཚོའི་ཆོས་དང་རིག་གཞུང་དེ་བོད་ཆོལ་ཁ་གསུམ་གཅིག་སྒྲིལ་གྱི་འོག་ནས་འདས་པའི་ལོ་སྟོང་ཕྲག་ལྷག་རིང་ལ་ང་ཚོས་ཉར་ཚགས་བྱས་པ་རེད། མ་འོངས་པ་ལའང་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་ཐུན་མོང་གི་ནུས་པའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་ཡོང་ཐུབ་པ་ཞིག་རེད། དེ་འདྲ་ཡིན་དུས་འཕྲལ་སེལ་གྱི་དགོས་པ་ཆུང་ཆུང་ཞིག་ལ་དམིགས་ཏེ་ཆོས་ལུགས་འཐེན་འཁྱེར་དང་ལུང་ཚན་གྱི་འཐེན་འཁྱེར་འདྲ་པོ་བྱས་པ་ཡིན་ན། དངོས་གནས་དྲང་གནས་བློ་ཆུང་ཐན་བལྟས་ཟེར་བ་དེ་ཆགས་ཀྱི་ཡོད་པ་རེད། ཁྱོན་ནས་ཡག་པོ་ཡོད་པ་མ་རེད་ཤེས་སོང་ང་། ང་ཚོ་ཆོལ་ཁ་གསུམ་དེ་སྐྱིད་པོ་བྱུང་ན་སྐྱིད་གཅིག་དང་སྡུག་པོ་བྱུང་ན་སྡུག་གཅིག་བྱས་ཏེ་ང་ཚོ་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་ཞིག་ཡིན་མ་གཏོགས་ང་ཚོ་འདིར་ཆོལ་ཁའི་དབྱེ་བ་བྱས་ནས་འགྲོ་བ་དེ་འདྲ་ནམ་ཡང་མི་ཡོང་བ་ཞིག་ཁྱེད་རང་ཚོ་ཚང་མས་སེམས་ལ་འཇོག་དགོས་པ་རེད་ཤེས་སོང་ང་། མགོ་འཁྲིད་མཁན་ཚོས་དེ་སེམས་ལ་ཞོག ལས་ཀ་བྱེད་མཁན་ཚོས་ཀྱང་དེ་སེམས་ལ་ཞོག མི་མང་གིས་ཡིན་ནའང་དེ་སེམས་ལ་ཞོག དེ་རིང་འདིར་བླ་མ་དགེ་བཤེས་དེ་འདྲ་ཁ་ཤས་ཡོད་པ་དང་། འདིར་སྐད་ཆ་བཤད་པ་དེ་ཚོ་གསན་འགྲོ་ཡི་རེད། ཆོས་ཕྱོགས་ཀྱི་དབུ་འཁྲིད་བླ་མ་དགེ་བཤེས་ཚོས་ཡིན་ནའང་དེ་སེམས་ལ་ཞོག ང་ཚོ་སྟོན་པ་བཅོམ་ལྡན་འདས་གཅིག་གི་རྗེས་འབྲང་བ་རེད། ལྷག་པར་དུ་དཔལ་ནལེནྜའི་མགོན་པོ་ཀླུ་སྒྲུབ་དང་ཐོགས་མེད་ཀྱི་རྗེས་སུ་འབྲང་མཁན་གཅིག་གྱུར་རེད། དེ་འདྲ་ཞིག་ཡིན་ནའང་སོ་སོའི་ཞྭ་མོའི་ཚོན་མདོག་འདྲ་དང་མི་འདྲ་ཞིག་དང་ཏོག་ཙམ་ནས་ང་དང་ཁྱེད་ཅེས་བཤད་བསྡད་ན་བྱབ་ཆུང་བ་རེད་བཱ། དེ་རིང་ཁ་སང་ཨ་རིའི་ལུང་པའི་ནང་ལྟོས་དང་། ཡེ་ཤུའི་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་བར་རྒྱག་རེས་རྒྱག་གི་འདུག་གཱ། བྱང་ཨེ་རི་ལན་ཌི་(Northern Ireland) ལ་ཆ་བཞག་ན། Catholic དང་ protestant རྒྱག་རེས་རྒྱག་གི་འདུག་གཱ། དེ་བཞིན་ཁ་ཆེའི་ཡུལ་གྲུ་གཅིག་དང་ཁ་ཆེའི་ཆོས་ལུགས་གཅིག་གྱུར་གྱི་ནང་དུའང་ Sunnis དང་ Shias བར་རྒྱག་རེས་རྒྱག་གི་འདུག་གཱ། ང་ཚོ་བོད་པའི་འདས་པའི་ལོ་རྒྱུས་ནང་བསམ་བློ་ཐོངས་དང་། ཞྭ་དམར་སེར་བར་རྒྱག་རེས་བརྒྱབ་པ་དང་། ས་སྐྱ་དང་དགེ་ལུཊ་བར་རྒྱག་རེས་བརྒྱབ་པ་དེ་འདྲ་བྱུང་མྱོང་ཡོད་པ་རེད། དེ་ཚོ་ངོ་ཚ་དགོས་པ་རེད། ད་ལྟ་མི་རབས་གསར་པ་བསླེབས་བསྡད་ཡོད་པ་རེད། དུས་རབས་གཉན་འཕྲེང་ཅན་གྱི་སྒང་བསླེབས་བསྡད་ཡོད་པ་རེད། འཛམ་བུ་གླིང་སྤྱི་ལ་ཕར་ང་ཚོས་ཧ་ལམ་འབོར་ཤོབ་དང་སྦྲགས་ནས་བཤད་ཀྱི་ཡོད་པ་རེད། དེ་འདྲའི་གནས་ཚུལ་སྒང་ལ་ཞབས་འདྲེན་ང་རང་ཚོ་ནང་ནས་ཞུས་བསྡད་པ་ཡིན་ན་ཐབས་སྐྱོ་བོ་རེད། ངོ་ཚ་དགོས་པ་རེད། ང་ཚོ་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་བ་རེད། བཅོམ་ལྡན་འདས་ཀྱིས་ག་རེ་དགོངས་ཀྱི་རེད། ཀླུ་སྒྲུབ་ཡབ་སྲས་ཀྱིས་ག་རེ་དགོངས་ཀྱི་རེད། ང་རང་ཚོ་བོད་གངས་ཅན་ལྗོངས་ཀྱི་སྔ་མའི་ས་དགེ་བཀའ་རྙིང་བོན་ཇོ་ནང་དང་བཅས་པ་རིས་སུ་མ་ཆད་པའི་དངོས་གནས་དྲང་གནས་ཀྱི་མཁས་གྲུབ་དམ་པ་ཚོས་ག་རེ་དགོངས་ཀྱི་རེད། དད་པ་མེད་ན་གནས་ཚུལ་ཁ་ཁ་རེད། ཆོས་བྱེད་ཀྱི་ཡོད་ན་བྱེད་སྟངས་དེ་འདྲ་མ་རེད། ཚང་མས་དངོས་གནས་དྲང་གནས་ཀྱིས་བྱམས་སྙིང་རྗེ་དང་བྱང་ཆུབ་སེམས་དཔའི་སྟོང་ཉིད་ཀྱི་ལྟ་བ་དེ་ཚོའི་གྲས་ཉམས་ལེན་ཡག་པོ་བྱེད་དགོས་པ་རེད། ཁ་ནས་བཤད་པ་གཅིག་པུས་འགྲིག་གི་ཡོད་པ་མ་རེད། སོ་སོའི་ལག་ལེན་དུ་འཁེལ་ཏེ་ངོ་འཕྲོད་པ་ཞིག་བྱུང་ན་སྤྲོ་བ་འཕེལ་ངེས་རེད། གཞན་ཁ་ནས་བརྒྱ་བཤད་སྟོང་བཤད་པ་ཡིན་ནའང་དོ་སྣང་མ་བྱས་པ་དང་ལག་ལེན་མ་བྱས་ན་སྤྲོ་བ་འཕེལ་གྱི་མ་རེད། མཁས་པའི་ཚིག་བཤད་ཙམ་མ་གཏོགས་དགོས་པ་ཅི་ཡོད་པ་མ་རེད། དེ་འདྲ་ཡིན་དུས་སོ་སོས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ཞིག་བྱས་ཏེ་སློབ་སྦྱོང་ཡག་པོ་བྱོས། ཉམས་ལེན་ཡག་པོ་བྱོས། ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར་ནམ་ཡང་མ་བྱེད་ཨ། ཤེས་སོང་ང་། ང་ལ་ཏོག་ཙམ་གྲོགས་པོའི་འདུ་ཤེས་ཤིག་ཡོད་ན་ཁ་ལ་ཉན་དགོས་པ་རེད། ༧རྒྱལ་བ་རིན་པོ་ཆེ་ཞེས་མདུན་དུ་ཐུག་པའི་སྐབས་ལ་དགའ་རབ་ཡིན་མདོག་མདོག་བྱས། རྒྱབ་ལོགས་ལ་ཆོས་ལུགས་འཐེན་འཁྱེར་དང་ཆོལ་ཁའི་འཐེན་འཁྱེར་བྱས། སྐྱག་རྫུན་དང་ཧམ་པ་ཏོག་ཙམ་ཏོག་ཙམ་བཤད་བསྡད་པ་ཡིན་ན་ཡག་པོ་ཡོད་པ་མ་རེད། ཤེས་སོང་ང་། ཞེས་གསུངས་སོང་།

མཛད་སྒོ་གྲོལ་རྗེས་གསར་འགོད་པས་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ལ་མ་འོངས་ལོ་ ༥ ཡི་སྲིད་སྐྱོང་མཆོག་ནས་ངེས་པར་དུ་ག་རེ་གནང་དགོས་པར་ཐུགས་རེ་གནང་གི་ཡོད་སྐོར་བཀའ་འདྲི་ཞུས་ཁོང་གིས། དེ་ཞུ་ཐུབ་རྒྱུ་ཁག་པོ་རེད། གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བར་ལམ་ཞིག་ལ་གནས་ཚུལ་ཁ་ཤས་ཀྱི་ཐོག་ཕྲན་བུ་ཞན་ཆ་ཡོད་པ་དང་ནར་འགྱངས་ཕྱིན་པའི་བཀའ་གནང་ཡོད་པ་རེད། དེ་ཚོ་ཞིབ་ཚགས་པོ་བྱས་ཏེ་གང་མགྱོགས་མགྱོགས་ཀྱིས་ཉམས་ཆག་བསྐོང་ཐུབ་པ་དང་ཞན་ཆ་སངས་ཐུབ་པ་གནང་གི་རེད་བསམ་པའི་ཡིད་ཆེས་བྱེད་ཀྱི་ཡོད། རྩ་བའི་བོད་ཀྱི་རྩ་དོན་རེད། བོད་ཀྱི་རྩ་དོན་ནི་རྒྱ་ནག་མཉམ་དུ་བཀའ་མོལ་གནང་རྒྱུ་དེ་རེད། དེ་ནི་གཞན་དབང་སྟབས་བསྟུན་རེད། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ལ་ཕྱི་བཤོལ་མེད་པའི་ཐོག་ནས་ཕེབས་རྒྱུ་རེད་ལ། དེར་ཕེབས་ཀྱི་ཡིན་ཞེས་བཀའ་གནང་སོང་བས་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། ཅེས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༦ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 6

  1. ཚེ་རིང་ལོ་བརྒྱ། says:
    ལོ་ 9 སྔོན།

    བདེན་པར་མཐོང།

    Reply
  2. ཤར་མདའ། says:
    ལོ་ 9 སྔོན།

    ད་ནས་བཟུང་སྲིད་སྐྱོང་གཅིག་བུ་ཟེར་བ་མེད་པར་བོད་མི་ཞིག་ཡིན་བྱིན་ཚང་མའི་༸གོང་ས་མཆོག་གིས་བཀའ་གསུང་གནང་པ་དེ་སེམས་ལ་བཟུང་ནས་མ་འོངས་པར་གཟབ་གཟབ་གནང་དགོས་པ་གལ་ཆེན་རེད། ལྷག་པར་སྤྱི་འཐུས་རྣམ་པའི་སྦྱི་ཚོགས་ཐོག་མིག་ལྟོས་ཡག་པོ་འཇོག་དགོས་པ་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། འདས་པའི་དུས་ཚོད་ནང་སྦྱི་འཐུས་འགའ་ཤས་ཀྱིས་ཞབས་འདྲེན་བཞག་ཡོད་པ་གསལ་བོ་རེད། དེ་འདྲ་སོང་ཙང་མ་འོངས་པར་བོད་མི་མི་རེ་ངོས་རེ་ནས་༸གོང་ས་མཆོག་གི་བཀའ་གསུང་གནང་པ་དེ་ལ་ཐུགས་བསམ་གཏོང་དགོས་པ་དུས་ལ་བབས་པ་ཞིག་རེད་དྲན་ནས་ཡོད།

    Reply
  3. Tsering says:
    ལོ་ 9 སྔོན།

    སྲིད་སྐྱོང་ལ་྄༧གོང་ས་མཆོག་གིས་ཐོག་མར་ཐུགས་རེ་ག་ཚོད་གནང་བ་བོད་མི་ཚོས་མཁྱེན་གསལ་རེད་། ད་རེད་མཛད་སྒོའི་སྐབས་ཐུགས་རེ་ཕར་བཞག་ཐུགས་ཕམ་བྱུང་གནང་འདུག སྲིད་སྐྱོང་དང་བཀའ་ཤག་ནས་ད་རེད་ཁ་ཡོད་ལག་ཡོད་གནང་གལ་ཆེ་བ་མཐོང་།

    Reply
  4. རབ་བཟང་། says:
    ལོ་ 9 སྔོན།

    སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་སློབ་ཞེས་པའི་ཚབ་ཏུ་གྲོགས་པོ་ཞེས་གསུང་དགོས་ཆགས་པ་དེ་ང་ཚོ་བོད་པ་ཚོ་བསོད་ནམས་ཟད་པའི་རྟགས་རེད།

    Reply
  5. ཙོང་ཁ་སྐལ་བཟང་། says:
    ལོ་ 9 སྔོན།

    དེ་རིང་༸གོང་ས་མཆོག་ནས་བོད་མི་ཚོར་བཀའ་སློབ་ཧ་ཅང་ཧ་ཅང་ནན་མོ་ཞིག་གནང་སོང་། ད་ནི་བོད་མི་ཞིག་ཡིན་ཡིན་ན། རྒྱབ་མདུན་མངོན་ལྐོག་མེད་མཁན་ཞིག་ཡིན་ན། ཕྱི་གསལ་ནང་གསལ་ཅན་ཞིག་ཡིན་ན། སྨྲ་ཤེས་དོན་གོ་ཞིག་ཡིན་ན། འོ་ཡ་་་ཉི་མ་དེ་རིང་ནས་བཟུང་༸སྐུ་མདུན་གྱི་བཀའ་སློབ་རིན་ཆེན་གསེར་ལས་དཀོན་པ་དེ་བོད་མི་ཡོད་དོ་ཅོག་ནས་ངེས་པར་དུ་ལག་བསྟར་གནང་ཐུབ་པ་བྱ་དགོས། དེ་ལྟར་མ་བྱས་ཚེ་མི་ལུས་སྐྱེ་པ་བླངས་པ་དོན་མེད་རང་རེད། ང་ཚོ་ནི་མི་ཡིན་པ་ལས་དུད་འགྲོ་བ་ཕྱུགས་ལྟ་བུ་མ་ཡིན་པའི་ཕྱིར། མི་ཡིན་ན་མི་ནང་བཞིན་ལས་ཀ་བྱེད་དགོས་པ་ལས་བ་ཕྱུགས་ལྟར་བྱེད་མི་རུང་ངོ་།

    Reply
    • ཀུན་དགའ says:
      ལོ་ 9 སྔོན།

      གོང་ས་མཆོག་གིས་ལམ་སྟོན་བཀའ་སློབ་ག་ཚོད་གནང་ཡང། ང་ཚོ་བོད་པ་ཚོས་མདུན་དུ་ལག་པ་ཐལ་མོ་སྦྱར་ནས་ཡིན་མདོག་མདོག་བྱེད་པ་ཙམ་ལས། ལག་ལེན་དུ་སྐྱེལ་མཁན་ཧ་ཅང་དཀོན་པོ་རེད་འདུག་ག།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese