མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་བདུན་མང་མོས་འོས་འདེམས།

བོད་ཀྱི་དུས་བབ།
༢༠༡༦/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཐོག་སྲིད་སྐྱོང་མཆོག་ནས་ཕྱག་རོགས་བཀའ་བློན་རྣམ་པ་མཚན་འདོན་གནང་བ་ལྟར་ཚང་མ་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་དུ་མང་མོས་བདམས་ཐོན་བྱུང་སོང་།

Tibettimes (2)

དེ་རིང་སྔ་དྲོར། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་སྟེང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གྲོས་ཚོགས་ནང་བཀའ་བློན་འོས་མི་ ༧ མཚན་འདོན་གནང་སྐབས་སྤྱི་འཐུས་ཚོས་དགག་བྱ་བྱུང་སྟབས། བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་སྤྱི་འཐུས་ངོ་ཡོད་ཚོས་གསང་བའི་འོས་ཤོག་འཕངས་ཏེ་བརྒྱ་ཆ་ ༥༠ ཡན་ཐོབ་ཚེ་བཀའ་བློན་དུ་བདམས་ཐོན་བྱུང་ཡོད་པ་ལྟར། དེ་རིང་གྲོས་ཚོགས་ནང་སྤྱི་འཐུས་ ༤༣ ཡོད་པ་དག་གིས་འོས་ཤོག་འཕངས་ཏེ་བཀའ་བློན་འོས་མི་ཚང་མར་མང་མོས་ཐོབ་སོང་།

གསང་བའི་འོས་ཤོག་འཕེན་སྐབས་ཤེས་རིག་བཀའ་ཟུར་དངོས་གྲུབ་ཚེ་རིང་མཆོག་ལ་འོས་གྲངས་ ༢༩ ཐོབ་ཡོད་པ་དང་། བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ལ་འོས་གྲངས་ ༣༧ ། ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ལ་འོས་གྲངས་ ༣༨ ། བདེ་སྲུང་འཛིན་སྐྱོང་དྲུང་ཆེ་འཕགས་པ་ཚེ་རིང་མཆོག་ལ་འོས་གྲངས་ ༣༡ ། སྤྱི་ཟུར་ཀརྨ་ཡེ་ཤེས་མཆོག་ལ་འོས་གྲངས་ ༢༧ ། སྤྱི་ཟུར་ཆོས་སྐྱོང་དབང་ཕྱུག་མཆོག་ལ་འོས་གྲངས་ ༢༤ ། སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་ལ་འོས་གྲངས་ ༢༥ བཅས་ཐོབ་སྟེ་བཀའ་བློན་དུ་བདམས་ཐོན་བྱུང་།

བཀའ་ཤག་སྐབས་སྔ་མ་དག་གི་འགྲོ་སྟངས་ལྟར་ན། བཀའ་བློན་ཁྲི་པའམ་སྲིད་སྐྱོང་གིས་བཀའ་བློན་འོས་མི་དག་གི་ལོ་རྒྱུས་སྙིང་བསྡུས་ཡིག་ཐོག་ནས་གྲོས་ཚོགས་ནང་བཀྲམས་རྗེས། སྲིད་སྐྱོང་མཆོག་གིས་བཀའ་བློན་འོས་མི་རེ་རེ་བཞིན་མཚན་དང་ལོ་རྒྱུས་གྲོས་ཚོགས་ལ་སྙན་གསེང་ཞུས་ཏེ། སྤྱི་འཐུས་ཚོས་མང་མོས་སྤྱི་མོས་གང་ཐོབ་ལྟར་ཐག་གཅོད་གནང་སྲོལ་ཡོད་ཀྱང་། ཐེངས་འདིར་སྲིད་སྐྱོང་མཆོག་གིས་བཀའ་བློན་འོས་མི་དག་གི་ལོ་རྒྱུས་གྲོས་ཚོགས་ནང་མ་བཀྲམས་པར། གྲོས་ཚོགས་ཡར་ཚོགས་མ་ཐག་ཐད་ཀར་ཤེས་རིག་བཀའ་ཟུར་དངོས་གྲུབ་ཚེ་རིང་མཆོག་གི་ལོ་རྒྱུས་སྒྲོགས་སྦྱང་གནང་སྐབས། སྤྱི་འཐུས་ཁག་ཅིག་གིས་ལས་རིམ་རྣམ་བཞག་གནང་སྟེ། འོས་འདེམས་མ་གནང་སྔོན་ལ་བཀའ་བློན་འོས་མི་དག་གི་ལོ་རྒྱུས་ངེས་པར་དུ་གྲོས་ཚོགས་ནང་བཀྲམས་དགོས་སྐོར་གསུངས་པ་མ་ཟད། སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས་ཀྱིས་དངོས་གྲུབ་ཚེ་རིང་ལ་དཔྱ་ཁྲལ་ལག་དེབ་ཡོད་མེད་དོགས་འདྲི་ཞུས་པ་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་ཐེངས་འདིར་གྲོས་ཚོགས་ནང་སྲིད་སྐྱོང་མཆོག་གིས་བཀའ་བློན་འོས་མི་མཚན་འདོན་གནང་སྟངས་དེའི་དབང་གིས་བཀའ་བློན་འོས་མི་ཚང་མར་དགག་པ་རྒྱག་རྒྱུ་ཡིན་ཚུལ་གསུངས་པ་བཅས་ལ་བརྟེན་ཏེ། བཀའ་བློན་འོས་མི་དག་གི་ལོ་རྒྱུས་སྙིང་བསྡུས་གྲོས་ཚོགས་ནང་བཀྲམས་རྗེས་འོས་མི་རེ་རེ་བཞིན་འོས་ཤོག་འཕངས་ཏེ་མང་མོས་ཐོབ་ཡོད།

13346802_10153896985474818_2832187061578419803_nཐེངས་འདིར་སྲིད་སྐྱོང་མཆོག་གིས་བཀའ་བློན་འོས་མི་བདུན་གྱི་ལོ་རྒྱུས་སྙིང་བསྡུས་སྒྲོགས་སྦྱང་གནང་བའི་ནང་། བདམས་འཐོན་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནི། མཐོ་སློབ་ཐོན་རྗེས་ ༡༩༧༩ ལོར་སྐབས་ ༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བདམས་ཐོན་དང་། ༡༩༨༣ ལོ་ནས་བཟུང་ཞབས་ཞུས་བསྒྲུབས་ཏེ་རིམ་བཞིན་ཟློས་གར་འགན་འཛིན་དང་ཤེས་རིག་དྲུང་ཆེ། ནང་སྲིད་དྲུང་ཆེ་བཅས་གནང་། ཨ་རིར་ནང་མི་ཟླ་བསྒྲིལ་ཆེད་ལོ་ཤས་བསྐྱོད་རྗེས་ ༢༠༡༢ ལོ་ནས་སླར་ཡང་ཤེས་རིག་དྲུང་ཆེ་གནང་མུས་ཐོག ༢༠༡༤ ལོར་སྐབས་ ༡༤ པའི་བཀའ་ཤག་ཏུ་འོས་ཐོན་གྱིས་ཤེས་རིག་བཀའ་བློན་གྱི་མཛད་འགན་བཞེས་ཡོད་འདུག

Kama-Geleckབདམས་ཐོན་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནི། ནང་པའི་གཞུང་ཆེན་སློབ་གཉེར་དང་དབྱིན་ཇིའི་སྐད་ཡིག་ཐོག་ M.A ཐོན་རྗེས་ཕྱི་ལོ་ ༡༩༨༦ ལོ་ནས་གཞུང་ཞབས་ཞུས་ཏེ། རིམ་བཞིན་ཆོས་རིག་དྲུང་ཆེ་དང་། ཉི་ཧོང་སྐུ་ཚབ་དོན་གཅོད། ཤེས་རིག་དྲུང་ཆེ་བཅས་གནང་མཐར་ ༢༠༡༢ ལོར་བཀའ་དྲུང་དུ་བསྐོ་བཞག་གིས་ད་བར་ལས་འཁུར་གནང་མུས་ཡིན་འདུག

13307237_10153896985554818_1884542438760284752_nབདམས་ཐོན་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནི། སློབ་གཉེར་ཐོན་རྗེས་ཕྱི་ལོ་ ༡༩༧༩ ནས་གཞུང་ཞབས་ཞུས་ཏེ་རིམ་བཞིན་ཐེག་པ་རིམ་འཛེགས་ཀྱིས་ ༢༠༠༡ ལོ་ནས་དྲུང་ཆེར་བསྐོ་གཞག་གིས། སྣེ་ལེན་འབྲེལ་མཐུད་ཁང་གི་འགན་འཛིན་དང་། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ། མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་དྲུང་ཆེ་བཅས་གནང་བ་དང་། ༢༠༡༢ ནས་བཟུང་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེའི་ལས་འཁུར་གནང་མུས་ཡིན་འདུག

13321733_10153896985639818_36885332944761912_nབདམས་ཐོན་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་ནི། བོད་ནང་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་སོན་རྗེས་ཕྱི་ལོ་ ༡༩༩༢ ལོར་བཙན་བྱོལ་དུ་འབྱོར་བ་དང་། ༡༩༩༣ ལོ་ནས་གཞུང་ཞབས་ཞུས་ཏེ་རིམ་བཞིན་ཐེག་པ་རིམ་འཛེགས་ཀྱིས་ཕྱི་ལོ་ ༢༠༡༤ ལོ་ནས་བདེ་སྲུང་འཛིན་སྐྱོང་དྲུང་ཆེའི་ཕྱག་ལས་གནང་མུས་ཡིན་འདུག

13315601_10153896985664818_3024504984336662891_nབདམས་ཐོན་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནི་ B.A དང་། B.Ed. ཐོན་རྗེས་ཕྱི་ལོ་ ༡༩༩༠ ནས་ལོ་བཞིའི་རིང་དགེ་རྒན་དང་། ༡༩༩༥ ལོ་ནས་སྐབས་གཉིས་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། ༢༠༠༣ ལོ་ནས་ ༢༠༡༡ ལོའི་བར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༣ དང་ ༡༤། ༡༥ བཅས་ཀྱི་སྤྱི་འཐུས་བཅས་གནང་ཡོད་འདུག

13330896_10153896985699818_1020711854483349835_nབདམས་ཐོན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ནི། B.A ཐོན་རྗེས་ཕྱི་ལོ་ ༡༩༩༥ ནས་ ༢༠༠༡ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་དང་། ༢༠༠༨ ནས་ ༢༠༡༥ བར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་གནང་བ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྐབས་ ༡༤ དང་ ༡༥ པའི་སྤྱི་འཐུས་ཀྱི་ལས་འཁུར་གནང་ཡོད་འདུག

13319985_10153896985714818_6551437428304674485_nབདམས་ཐོན་བཀའ་བློན་ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་ནི། གསར་འགྱུར་རིག་པའི་ཐོག་ M.A ཐོན་རྗེས་སླར་ཡང་ཨིན་ཡུལ་ནས་ M.A ཐོན་པ་དང་། ད་ལྟ་འབུམ་རམས་པའི་སློབ་གཉེར་བྱེད་མུས་ཡིན་འདུག་ལ། ༢༠༠༩ ནས་ ༢༠༡༢ ལོའི་བར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་དང་། ༢༠༠༩ ལོ་ནས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་རྒྱུན་ལས་ཚོགས་གཙོ་སྦྲེལ་པོའི་ལས་འཁུར་ཞུ་མུས་ཡིན་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༥ དང་ ༡༦ པ་གཉིས་ནང་སྤྱི་འཐུས་གནང་མུས་བཅས་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༩ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༠ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༡ སྔོན་ལ།

མཆན། 24

  1. བསྟན་འཛིན། says:
    ལོ་ 9 སྔོན།

    ཤར་གླིང་ཟླ་སྒྲོན་མ་འོངས་པར་ལམ་ཚང་མ་འགག་ཚར་སོང་།
    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས་བཅའ་ཁྲིམས་ཀྱི་ལས་དོན་ཞུ་སྒོ་མཐའ་དག་འགལ་མེད་ཐོག་ཅེས་དམ་བཅའ་ཕུལ།
    ཡང་བཅའ་ཁྲིམས་རྡོག་རོལ་བཏང་།
    འདི་དཔོན་འདོད་ཁོ་ནའི་ཆེད་དུ་ལས། མི་ཤེས་པ་དང་འཐུས་ཤོར་ཞིག་ག་ལ་ཡིན་ཞེས་སྲང་ལམ་དུ་གླེང་མཁན་མང་།

    Reply
  2. གངས་སྟག་ཕྲུག says:
    ལོ་ 9 སྔོན།

    བློ་སེང་གིས་ཨ་རི་ནས་ཁྲིམས་ལུགས་འབུམ་རམས་པ་ཐོན་མཁན་ཞིག་དང་སྲིད་སྐྱོང་ལོ་ལྔ་གནང་ཟིན་པ་ཞིག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེབ་ཆུང་དེ་ལས་བཀའ་སྤྱིའི་ཆ་རྐྱེན་དེ་དག་ཐུགས་མངའ་མེད་པ་ཞིག་ཡོང་མི་སྲིད་པ་ཞིག་རེད། ཡ་མཚར་རེད་དམ་་་་ཞིབ་ཚག་མེད་པས་རེད་་་་་་དངོས་ནས་ཡིད་ཕམ་པོ་ཞིག་བྱས་སོང་ཐ།

    Reply
  3. བསོད་ནམས་བཀྲ་ཤིས། says:
    ལོ་ 9 སྔོན།

    ཧོར་རྒྱུགས་བྱེད་པོ་བློ་སེང་ལ། །
    རྒྱབ་སྐྱོར་བྱེད་མཁན་སྤྱི་འཐུས་དང་། །
    སྐོ་མཁན་འོས་བསྡུ་ལྷན་ཚོགས་བཅས། །
    ཧོར་རྒྱུགས་བྱེད་མཁན་འདྲ་འདྲ་རེད། །

    བློ་སེང་གཏམ་ལ་ཡིད་ཆེས་ན། །
    འདི་འདྲ་རེ་ལས་ཅི་ཞིག་འབྱུང་། །
    ཤོག་བུ་འདྲ་བའི་ཤར་གླིང་དེ། །
    བློ་སེང་རླུང་གིས་ཁྱེར་ལ་ལྟོས། །

    དེང་སང་དུས་རབས་ཉེར་གཅིག་རེད། །
    བརྟག་ཅིང་དཔྱད་པ་མ་བྱས་པར། །
    གཞན་ཟེར་རྗེས་སུ་རྒྱུགས་དྲགས་ན། །
    ཟླ་སྒྲོན་ཤར་གླིང་ལྟ་བུར་འགྱུར། །

    Reply
  4. བསོད་ནམས་རྡོ་རྗེ། says:
    ལོ་ 9 སྔོན།

    ཟླ་སྒྲོན་ཤར་གླིང་གིས་དང་ཐོག་མོ་རང་སྤྱི་འཐུས་སུ་བདམས་ཐོན་བྱུང་སྐབས་ལོ་ ༢༨ ཡིན་ཞེས་གསལ་པོར་བཤད་འདུག དེ་འདྲ་ཡིན་ན་ད་ལོ་ལོ་ ༣༥ ལ་སླེབས་ཐབས་མི་འདུག བཀའ་བློན་འོས་མི་ཚོའི་ལོ་རྒྱུས་དང་རང་བཙན་ལག་དེབ་གྲོས་ཚོགས་ནང་བཀྲམ་དགོས་གལ་གྱི་དགོངས་ཚུལ་གསུང་མཁན་སྤྱི་འཐུས་འགའ་ཤས་བྱུང་སོང་། དེ་ལ་རྒྱུ་མཚན་ཆེན་པོ་ཡོད་ས་རེད་། འོན་ཀྱང་། སྐུ་ངོ་སྲིད་སྐྱོང་ནས་འོས་མི་ཚང་མར་བཅའ་ཁྲིམས་ནང་གསལ་གྱི་འོས་ཆོས་རྣམས་ཚང་ཡོད་སྐོར་ཁས་ལེན་གནང་སོང་། ད་ལྟད་མོ་ཡོད།

    ཁུངས་དགོས་ན་འདི་ལ་གཟིགས།
    HCUMass: How did your parents initially react to when you told them you wanted to run for Parliament?

    TDS: I think my parents had mixed feelings at first; their biggest concern was that I very was young. About 80% of the 44 member legislative body are about 45 years old, and I was only 28 when I was elected. And so my parents were concerned that the work was too mature in terms of how I would be able to deliver the promises and expectations that the people would have of me; they felt it would put too much pressure on me. I was also going through a phase where I was becoming an independent woman and where other people were finishing their studies could now enjoy life, so that was another concern of theirs. But now, three years later, I think their fears and worries are kind of gone. They are happy now.

    སྦྲེལ་ཐག http://www.hercampus.com/school/u-mass-amherst/campus-celebrity-tenzin-dhardon-sharling

    Reply
  5. ཨོ་རྒྱན་བསྟན་འཛིན། says:
    ལོ་ 9 སྔོན།

    གོ་ཐོས་ལྟར་ན། དེ་རིང་རྡ་རམ་ས་ལའི་གསར་འགོད་པ་ཚོས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལ་བཀའ་བློན་གྱི་འོས་ཆོས་ཚང་མེད་པའི་གནད་དོན་དེའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་དང་ཤར་གླིང་བསྟན་འཛིན་ཟླ་སྒྲོན་གཉིས་རྒྱུ་མ་ཕུ་འདེད་ཇི་ལྟར་བྱས་ཀྱང་ལན་གསལ་བོ་ཞིག་རེག་མེད་སྟབས། སང་ཉིན་གྲོས་ཚོགས་ནང་དུ་སྲིད་སྐྱོང་ལ་དྲི་བ་བཏོན་ཏེ་རྒྱ་ཁྱབ་ཏུ་གསལ་བཤད་དགོས་པའི་གྲོས་ཆོད་འཇོག་རྒྱུ་ཡིན་འདུག

    Reply
  6. གངས་ཅན་ཕོ་ཉ། says:
    ལོ་ 9 སྔོན།

    ཁོང་རྣམ་པའི་ཤེས་འཇོན་ནི་འབྲིང་ཙམ་ཡིན་པ་ཡོད། ལྷག་བསམ་ལ་ཞུ་དགོས་ཡ་མི་འདུག བཙན་བྱོལ་བའི་ཁོར་ཡུག་ཆུང་ཆུང་དེའི་ནང་དུ། མི་སྣ་དེ་ཙམ་ཡོད་པ་ཡང་རབ་རེད། བཀྲིས་བདེ་ལེགས་ཡོད།

    Reply
  7. ཐུབ་བསྟན says:
    ལོ་ 9 སྔོན།

    ཁོང་རྣམ་པ་གློ་བུར་དུ་མཐོང་ཡོང་དུས་སེམས་དེ་ཙམ་བདེ་བོ་བྱུང་མ་སོང་རྒ྄ུ་མཚན་ང་ལ་ཅི་ཡང་ཞུ་རྒྱུ་མེད།

    Reply
  8. གསལ་ལེ་རྒྱལ། says:
    ལོ་ 9 སྔོན།

    ཤར་གླིང་ལགས་ལོ་33ཡིན་ཞེས་བའི་རྩོམ་ཡིག་དེ་2015ལོའི་ཟླ་གསུམ་པའི་ཚེས་13ལ་བྲིས་འདུག། གཅིག་བྱས་ན་དེ་རིང་ལོ་35ཡིན་སྲིད།

    Reply
  9. རབ་བཟང་། says:
    ལོ་ 9 སྔོན།

    སྤྲུལ་སྐུ་ངོས་འཛིན་བྱ་དུས་རྣམ་དཔྱོད་འདྲ་ཞིག་འདུག་སྟེ། གོང་མའི་ཞབས་འདྲེན་ཞུས་དུས་སེམས་པ་གཏིང་ནས་སྐྱོ་བྱུང་།

    Reply
  10. གཡུ་ཐོག says:
    ལོ་ 9 སྔོན།

    གང་ལྟར་བདམས་ཐོན་སོང་བའི་བཀའ་བློན་རྣམས་པའི་ལོ་རྒྱུས་རྒྱབ་ལྗོངས་སོགས་རིམ་པས་རྟོགས་དུས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་བསྐྱོད་བྱེད་ཐུབ་པའི་ངེས་པ་ཡོད་པའི་བཀའ་བློན་གཅིག་ཀྱང་མིན་འདུག དེ་སྟེང་བཀའ་བློན་གྱི་འོས་ཆོས་ཀྱང་མི་ཚང་བའི་བཀའ་བློན་ཡང་ཡོད་པ་གོང་དུ་དྲ་གྲོགས་རྣམས་ཀྱིས་གླེང་བ་བདེན། དེ་ནི་བློ་སེང་གིས་ཤེས་བཞིན་བཅའ་ཁྲིམས་རིན་པོ་ཆེར་རྡོག་རོལ་བརྩི་མེད་བཏང་བ་རེད། ༸རྒྱལ་བས་བསྟན་པ་མགོ་ནས་མ་བཤིགས་ཨ། ཞེས་གསུངས་པ་དེ་བདེན་པར་མཐོང་། བློ་སེང་ལ་བཀའ་བློན་དེ་ལས་ལྷག་པ་སྟོན་རྒྱུ་མེད་པ་རེད་དམ་ཡང་མེད་ན་འོས་མི་གཞན་རྣམས་ཁོ་དང་མཉམ་ལས་བྱེད་འདོད་མེད་པ་ཡིན་འགྲོ གང་ལྟར་བཙན་འབྱོལ་བོད་མིའི་སྒྲིག་འཛུགས་འདི་མགོ་ལུག་པའི་མཚམས་ལ་བསླེབ་ཡོད་པ་འདྲ། བོད་རྒྱལ་ལོ།

    Reply
  11. དྲང་སྲོང says:
    ལོ་ 9 སྔོན།

    སྡུག་སྐད་མ་རྒྱབ་འགྲིག་འདུག་ཆོལ་གསུམ་སྐྱ་སེར་ཕོ་མོ་ཚང་མ་སློབ་འདུག་དོ་བདག་བཀའ་བློན་རང་ཉིད་ནས་དྲང་པོ་དང་ལྷག་བསམ་གནང་རྒྱུར་རེ་བ་སྐུལ་ཞུ།

    Reply
  12. ཨ་འབར་འཇིགས་དབང།Jigwang says:
    ལོ་ 9 སྔོན།

    ༅༅། བཀའ་བློན་གསར་པ་རྣམས་ལ་བཀྲིས་བདེ་ལེགས་ཞུ།
    ལྷག་ཏུ་བེུད་བཀའ་བློན་ཟྱ་སྒྲོན་ལགས་སུ་བདེ་བཀྲིས་ལེགས་ཡོད།

    ཁྱོད་ནི་བེུད་མེད་ཁྱོད་ནི་ལོ་གཞོན་ཁྱོད་ནི་གངས་ཅན་བོུ་ཡིན།།
    ཁྱོད་ནི་རིག་གསར་ཁྱོད་ནི་གཞོན་གསར་ཁྱོད་ནི་དེང་རབས་བློ་རིག་བཀྲ།
    ད་ནས་ནས་བཟུང་སྟེ་དམངས་ཀྱི་ཞབས་ཕྱི་མགོན་པོའི་བཀའ་བཞིན་འགྲུབ་མཛོད།
    ཆོལ་ཁ་ཆོས་ལུགས་དབྱེ་མེད་ཀུན་ལ་རང་གི་བུ་བཞིན་གཅེས་པར་སྐྱོངས།།
    ཁྱོད་ནི་འདོར་ཐབས་མེད་པའི་གངས་རིའི་ལྗོངས་ཀྱི་ཨ་མ་ཡིན།།

    Reply
  13. གཉེར་དྲུང་ says:
    ལོ་ 9 སྔོན།

    བོད་མི་རིགས་ཀྱི་གནས་འབབ་དེ་ལ་སྲིད་སྐྱོང་དང་བཀའ་བློན་འདི་མ་གཏོགས་མ་རག་རེད་དམ། བཙན་བྱོལ་བོད་མའི་བཅའ་ཁྲིམས་ལ་དགོང་དོན་ལྟར་མཐུན་པའི་དངོས་མི་གཅིག་ཀྱང་མཐོང་རྒྱུ་མིན་འདུག། གྲོས་ཚོགས་སྐབས་13 དང་14 གནང་ལྟར་མི་འདུག་པས་འདི་ནི་བློ་ཕམ་པའི་ཞིག་རེད། སྔོན་མ་བཀའ་བློན་ཁྲི་པ་དང་བཀའ་བློན་རྣམས་ཀྱི་འབད་བརྩོན་དང་ཆར་གྲུ་མཉམ་འདེགས་གནང་བའི་འབྲས་བུ་བཟང་པོ་ཡོད་རྣམས་ད་ལྟ་སྲིད་སྐྱོང་དང་བཀའ་བློན་རྣམས་ཀྱིས་དེ་ཆུ་བཟོས་མ་གཏོང་བའི་རེ་བ་ཞུ་རྒྱུ་ཡིན་ སྲིད་སྐྱོང་འདྲི་བ་གཅིག་ཡོད། གྲོས་ཚོགས་ནང་ལ་བཀའ་བློན་ཚང་མར་དགག་བྱ་མེད་པ་གཅིག་ཀྱང་མིན་འདུག་པས་དེའི་རྒྱུ་མཚན་གང་ཐུག་ཡོད་དམ། ད་དུང་ཡང་འདི་ནང་ལ་བཙན་བྱོལ་བོད་མི་བཅའ་ཁྲིམས་དང་འགལ་པ་དང་མི་མཐུན་པ་འདུག་ སྲིད་སྐྱོང་གིས་བོད་མའི་བཅའ་ཁྲིམས་ལ་ཐོང་ཆུང་བྱས་པའམ་ཡང་ན་མ་ཤེས་པའི་དབང་གི་ཡིན་ཀྱི་མ་རེད། ང་ཡི་རེ་བ་ལ་སྲིད་སྐྱོང་གི་བོད་མའི་བཅའ་ཁྲིམས་དེ་གནས་འགག་ཆེན་པོའི་མགོ་ནས་སློབ་སྦྱོང་བྱེད་དགོས་ངེས་ཞིག་

    Reply
  14. རྣམ་རྒྱལ། says:
    ལོ་ 9 སྔོན།

    སྒང་གི་མཆན་དག་ལ་ལྟ་ཀློག་ཅིག་བྱས་ཏེ་དོགས་པ་རྣམ་དོགས་མང་པོ་ཞིག་ཤོར་སོང་། ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་སུ་བཀའ་བློན་གྱི་འོས་ཆོས་ཚང་མེད་པ་དངོས་ཡོད་གནས་ཚུལ་རེད་འདུག མོ་རང་ད་ལྟ་རང་ལོ་ 33 རེད་འདུག བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་རང་ལོ་ཧྲིལ་བོ་ 35 ལོན་དགོས་ཞེས་འཁོད་འདུག

    ཟླ་སྒྲོན་ཤར་གླིང་གི་ལོ་རྒྱུས་འདི་ན་འདུག http://www.hercampus.com/school/u-mass-amherst/campus-celebrity-tenzin-dhardon-sharling

    Reply
  15. ཀརྨ་བཀྲ་ཤིས། says:
    ལོ་ 9 སྔོན།

    དྲ་གྲོགས་ནག་པོ་ཆེན་པོ་ལགས་ཀྱིས་གསུངས་པ་བདེན་པ་ཡིན་ཚེ། སྲིད་སྐྱོང་དང་ཤར་གླིང་བསྟན་འཛིན་ཟླ་སྒྲོན་གཉིས་ཀ་ཁྲིམས་འགལ་ཆགས་འདུག
    བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ནང་འདི་ལྟར་འཁོད་འདུག

    དོན་ཚན་ཉེར་གཅིག་པ། སྲིད་སྐྱོང་དང༌། བཀའ་བློན་གྱི་འོས་ཆོས།

    སྲིད་སྐྱོང་དང༌། བཀའ་བློན་གྱི་འོས་གཞིར་རུང་བའི་སྐྱེ་བོ་ནི།

    ༡ བོད་ཀྱི་ཡུལ་མི་ཡིན་པ།

    ༢ རང་ལོ་སོ་ལྔ་ཧྲིལ་པོར་ལོན་པ།

    ༣ ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།

    ༤ བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།

    ༥ ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།

    ༦ སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་གྱིས་སྲིད་སྐྱོང་ངམ་བཀའ་བློན་གྱི་འོས་གཞིར་མ་འོས་པར་ཐག་བཅད་པ་མ་ཡིན་པ།

    ༧ ཡུན་ཚད་གཉིས་བསྟུད་མར་སྲིད་སྐྱོང་ངམ་བཀའ་བློན་གྱི་ལས་འཁུར་བྱེད་བཞིན་པ་མ་ཡིན་པ།

    ༨ བཅའ་ཁྲིམས་དོན་ཚན་ ༢༩ པའི་ནང་གསེས་ ༣ པའི་ ཀ དང་ ༤ པ་ལྟར་སྲིད་སྐྱོང་ངམ་བཀའ་བློན་འཕོ་འགྱུར་བྱེད་དགོས་བྱུང་བ་མ་ཡིན་པ།

    ༩ བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང༌། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ་བཅས།

    Reply
  16. འདམ་སྐྱེས། says:
    ལོ་ 9 སྔོན།

    གནད་དོན་འདི་འབྲེལ་མཆན་འགོད་པ་དང་གྲོས་ཚོགས་ནང་བཀའ་བློན་འོས་གཞིར་དགག་པ་གནང་མཁན་རྣམས་ཀྱིས་བྱེད་སྟངས་འདི་ནི་རང་མདོག་ཕྱིར་སྟོན་པ་ཙམ་ལས་ཕན་ཐོག་གང་ཡང་བྱུང་མི་འདུག དེང་སྐབས་ཀྱི་མཆན་འགོད་པ་དག་གི་གནང་སྟངས་འདི་ནི་འགན་འཁུར་མེད་པའི་སྐོར་ལམ་གྱི་ཡིག་འཆར་ཁག་དང་མཚུངས་ཤིང་། བཀའ་བློན་འོས་མིའི་ལོ་རྷྱུས་སོགས་ནི་གྲོས་ཚོགས་སུ་སྙན་སྒྲོན་ནམ་མདུན་ཅོག་ཐོག་འགྲེམས་གཉིས་ཀའི་ལམ་སྲོལ་ཡོད་པ་ཞིག་ལས་སྲིད་སྐྱོང་མཆོག་གི་བྱས་ཉེས་ཞི་ག་ལ་ཡིན། གནད་དོན་འདི་དུས་བབ་གསར་ཤོག་ནང་མཐོང་སྐབས་གྲོས་ཚོགས་འགོ་འཛུགས་ཇི་ལྟར་གནང་དང་ཚོགས་གཙོ་དབུ་ནཞུགས་ཡོད་མེད་ཀྱང་མ་ངེས་པ་དང་། དཔལ་ལྡམ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མེད་བཞིན་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྙན་སྒྲོན་ཞུས་པ་ལྟབུ་མཐོང་།།

    Reply
  17. ནག་པོ་ཆེན་པོ། says:
    ལོ་ 9 སྔོན།

    གནད་འགག་ 5 གྲོལ་བ།

    ༡༽ བཀའ་བློན་འོས་མི་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་རང་ལོ་ ༣༤ ལས་སོན་མེད་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་བཀའ་བློན་གྱི་འོས་ཆོས་ཚང་མེད།

    ༢༽ བཀའ་བློན་འོས་མི་དངོས་གྲུབ་ཚེ་རིང་ལགས་སུ་བོད་ཀྱི་ཡུལ་མི་ཡིན་པའི་དཔྱ་ཁྲལ་ལག་དེབ་མེད་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་བཀའ་བློན་གྱི་འོས་ཆོས་ཚང་མེད་པ་མ་ཟད། སྲིད་སྐྱོང་མཆོག་ཀྱང་ཁྲིམས་འགལ་ཆགས་ཡོད།

    ༣༽ སྲིད་སྐྱོང་མཆོག་གིས་ཐོག་མ་བཀའ་བློན་འོས་མི་དངོས་གྲུབ་ཚེ་རིང་ལགས་མཚན་འདོན་གནང་སྟེ་དགག་པ་བྱུང་རྗེས་རིམ་པ་བཞིན་འོས་ཤོག་འཕེན་དགོས་ཐུག་སོང་མ་གཏོགས། ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་ལ་སྤྱི་མོས་འཐོབ་རྒྱུར་རེ་བ་ཆེན་པོ་མཐོང་སོང་ཡང་། སྲིད་སྐྱོང་མཆོག་གི་གནང་སྟངས་དེའི་བཀའ་བློན་ཚོའི་ཆེ་མཐོང་ལ་གནོད་པ་བྱུང་སོང་།

    ༤༽ བཀའ་བློན་འོས་མི་དག་ལས་ཀརྨ་ཡེ་ཤེས་དང་ཆོས་སྐྱོང་དབང་ཕྱུག་གཉིས་སྤྱི་འཐུས་ཀྱང་མ་ཐོབ་པའི་མི་སྣ་གཉིས་ཆགས་ཡོད་པ་མ་ཟད། རང་བཙན་གྱི་ལགས་ཕྱོགས་འཛིན་མཁན་གཉིས་ཆགས་ཡོད་སྟབས། བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་ལྷན་ཚོགས་འདིས་༧གོང་ས་མཆོག་གི་དགོངས་གཞི་དང་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་བརྟན་པོ་སྲུང་མི་ཐུབ།

    ༥༽ བཀའ་ཤག་སྐབས་སྔ་མ་རྣམ་པས་བཀའ་བློན་འོས་མི་ཚོའི་ལོ་རྒྱུས་གྲོས་ཚོགས་ནང་བཀྲམས་པའི་རྗེས་ལ་མང་མོས་སྤྱི་མོས་ལྟར་ཐག་གཅོད་གནང་གི་ཡོད་པ་དང་། ད་རེས་སྲིད་སྐྱོང་མཆོག་གིས་བཀའ་བློན་འོས་མི་དག་གི་མཚན་དང་ལོ་རྒྱུས་གསང་བ་བྱས་ཏེ་ལྐོག་ལྐོག་སིལ་སིལ་གྱིས་མཚོན་འདོན་གནང་བ་དེ་གྲོས་ཚོགས་ནང་དགག་བྱ་ཡོང་རྒྱུ་ཡིན་པ་ཤེས་བཞིན་དུ་འོས་མི་དེ་དག་འཁྲིད་ཡོང་བ་མཚོན་ཐུབ་པས་གྲོས་ཚོགས་ལ་འགན་འཁུར་མ་ཞུས་པ་མཚོན་ཡོད།

    Reply
  18. ཟླ་བ། says:
    ལོ་ 9 སྔོན།

    བདམས་ཐོན་བྱུང་བའི་བཀའ་བློན་ཁྲོད་ནས་ཤར་གླིང་ཟླ་སྒྲོན་དང་། ཀརྨ་ཡེ་ཤེས། འཕགས་པ་ཚེ་རིང་། ཆོས་སྐྱོང་དབང་ཕྱུག་བཅས་རྩ་ཉིད་ནས་འཚམ་པོ་མི་འདུག དེ་ལྟར་གནང་ན་གཤམ་འོག་གི་ལས་བྱེད་ལྷག་བསམ་ཅན་མང་པོ་ཞིག་སེམས་ཤུགས་ཆག་ཉེན་ཡོད། འོན་ཀྱང་ཡག་པོ་གནང་རྒྱུའི་རེ་བ་ཡོད།

    Reply
  19. གཉེར་དྲུང། says:
    ལོ་ 9 སྔོན།

    བཀའ་བློན་རྣམས་པ་མཚམས་འདྲི་ཡོད། ལོ་ལྔ་ཡིས་ནང་ཕྱགས་ལས་ཕྱི་གསལ་ནང་གསལ་བྱེད་དགོས། ད་དུང་རྒྱལ་བ་བསྟན་འཛིན་རྒྱ་མཚོ་དགོང་པ་ལྟར་གནང་དགོས་པ་རེད། གྲོས་ཚོགས་ནང་ལ་ལན་འདེབས་གནང་སྐབས་གཡས་སྐོར་གཡོན་སྐོར་མེད་པར་ལན་གང་ཡིན་པ་དེ་རྒྱབ་དགོས་། ལོ་སྔོན་མའི་ནང་གི་བཀའ་བློན་གནང་བཞིན་མ་ཡོང་བའི་རེ་བ་ཞུ།

    Reply
  20. ལྷ་སྒང་ཆོས་གྲགས། says:
    ལོ་ 9 སྔོན།

    བཀའ་བློན་བདུན་པོ་དེ་སྤྲེའུ་ལ་མཁའ་མཉམ་རྒྱལ་པོ་ཞེས་མིང་དུ་བཏགས་ནས། ལྷ་ཡུལ་གྱི་ཤིང་ཏོག་ལྡུམ་རྭ་སྲུང་མཁན་དུ་བཀོད་པ་དང་གཅིག་པ་རེད། འཛུབ་མོ་གང་སྟོན་ཤར་རེད།

    Reply
  21. བསོད་ནམས་བཀྲ་ཤིས། says:
    ལོ་ 9 སྔོན།

    མང་ཚོགས་ཀྱིས་འོས་ཤོག་མ་བླུགས་པར་བརྟེན། མར་ཟག་སོང་བའི་སྤྱི་ཟུར་མི་ངན་ཐེབས་ཆགས་ཀརྨ་ཡེ་ཤེས་དེ་རིང་ནས་ང་ཚོའི་དཔོན་པོར་གྱུར་སོང་བ་རེད། ད་ནི་ང་ཚོ་གངས་ཅན་པའི་གནས་སྟངས་འདི་འདྲ་ཞིག་ལ་གྱུར་ཟིན་པ་ཚང་མས་ཤེས་དགོས་ངེས་རེད།

    Reply
  22. ཨ་ཆེན། says:
    ལོ་ 9 སྔོན།

    འདས་པའི་ལོ་ལྔ་ཨེ་འདྲ་ཨེ་འདྲ་བྱས་ནས་བུད་སོང་། དཱ་འབྱུང་འགྱུར་ལོ་ལྔའང་དེ་འདྲ་དེ་འདྲ་བྱེད་ནས་འགྲོ་ལོ་རེ་ཨ་ཁོ་རེ།

    Reply
  23. གཡུ་སྒང་དགེ་འདུན། says:
    ལོ་ 9 སྔོན།

    བཀའ་བློན་གསར་བ་རྣམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་བཀོད་གནང་ཆོག་ཆོག་ཤ་སྟག་རེད། ཡག་པོ་འདུག

    Reply
  24. ཀུན་དགའ་རྒྱལ་མཚན། says:
    ལོ་ 9 སྔོན།

    གདམས་ཐོན་བྱུང་བའི་བཀའ་བློན་ཚང་མར་འཚམས་འདྲི་དང་གུས་བསུ་ཞུ་གི་ཡིན་ལ་བོད་བསྟན་སྲིད་ཀྱི་དོན་དུ་ལས་དོན་ལམ་ལྷོང་དང་ཕྱོགས་ལྷུང་མེད་པའི་སྨོན་འདུན་ཞུ་གི་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese