མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་གྱི་རྗེས་འཛིན་པ་སུ་ཆགས་སྲིད་དམ།

བོད་ཀྱི་དུས་བབ།
༢༠༡༦/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཝིལི་ལམཝོ་ལེབ་ (Willy Lamwo-Lap) ཀྱིས་སྤེལ།
འཕྲིན་ལས་དབང་འདུས་ཀྱིས་བསྒྱུར།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཨུ་རུ་སུའི་སྲིད་འཛིན་སཱི་ཛར་པུ་ཏྲིན་(Czar Putin) དམིགས་དཔེར་བཟུང་སྟེ་རྒྱ་ནག་ནང་ཁོང་རང་ཉིད་ཀྱི་ཆབ་སྲིད་ཀྱི་དཔོན་རྒྱུད་འཛུགས་འདོད་ཡོད་སྐོར་རྗོད་བཞིན་ཡོད་འདུག

tibettimes

སྲིད་འཛིན་ཞི་ཅིན་ཕིན་གྱིས་སྲིད་འགན་བཞེས་པའི་ལས་ཡུན་ལོ་གསུམ་འདིའི་ནང་རྒྱ་ནག་གི་ཕྱི་འབྲེལ་སྲིད་བྱུས་དང་དཔལ་འབྱོར། ཁྲིམས་ལུགས་བཅས་ཀྱི་སྟངས་འཛིན། དེ་བཞིན། དྲག་པོའི་དམག་སྡེ་དང་སྲིད་གཞུང་། མདོར་ན། རྒྱ་ནག་དམར་ཤོག་ཡོངས་རྫོགས་ཁ་ལོ་བསྒྱུར་བར་གཞིགས་ན། ཞི་ཡི་དབང་ཆའི་རེ་ལྟོས་འདིར་མུ་མཐའ་མེད་པ་མཚོན་ནུས།

ད་ལོའི་ལོ་མགོ་ནས་བཟུང་གལ་གནད་ཆེ་བའི་ཞིང་ཆེན་བཅུ་གཉིས་དང་རང་ལྗོངས་ཁུལ་ཁག་སྟེ། དཔེར་ན། ཨན་ཧུའི་དང་ཟི་ཁྲོན། ཧཡེ་སྦི། ཧྲན་ཤི གྷོན་ཤི ནང་སོག་དང་ཐན་ཅིན་སོགས་ཀྱི་གཙོ་འཛིན་རྣམ་པས་གཅིག་རྗེས་གཉིས་མཐུད་དུ། ཧ་ཅང་མངོན་གསལ་དོད་པོས་སྲིད་འཛིན་ཞི་ཅིན་ཕིན་རྒྱ་ནག་དམར་ཤོག་ཚོགས་པའི་སྲོག་ཤིང་དང་གཉིས་སུ་མ་མཆིས་པའི་དབུ་ཁྲིད་ཅིག་ཡིན་པའི་མོས་གུས་ཞུས་ཡོད།

ཕྱི་ལོ་ ༡༩༧༨ ལོར་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ལ་ལེགས་བཅོས་བྱས་པ་ནས་བཟུང་སྟེ། ད་བར་རྒྱ་ནག་གི་གནད་འགག་ཆེ་བའི་དབུ་ཁྲིད་ཞིང་གཤེགས་པ་ཏིན་ཞའོ་ཕིན་དང་། ཁོང་རང་ཉིད་ཀྱིས་ལག་བསྒྲིལ་བརྒྱབ་པའི་རྗེས་འཛིན་པ་ཧུ་ཡོའོ་པང་དང་ཀྲའོ་ཙི་ཡཱང་། དེ་བཞིན། སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐའོ་གཙོས་པའི་སྲིད་འཛིན་ཞི་ཡི་ལས་འཛིན་སྔོན་མ་སུ་ཞིག་ལའང་དམར་ཤོག་ཚོགས་པའི་སྲོག་ཤིང་ལྟ་བུའི་འདུ་ཤེས་དང་གུས་བཀུར་ཐོབ་མྱོང་མེད། དེ་ལྟ་བུའི་ངོ་བསྟོད་དེ་ཚོར་ཞི་ཧ་ཅང་དགའ་སྣང་ཡོད་པར་སེམས།

ཕྱི་ལོ་ ༢༠༡༢ ལོར་ཞི་ཅིན་ཕིན་གྱིས་ཆབ་སྲིད་དབང་ཆ་བདག་བཟུང་བྱས་ཏེ་ཡུན་རིང་མ་འགོར་བར་ཁོས་རང་ཉིད་ཀྱི་སློབ་སྟོན་པ་གཙོ་བོ་དང་དམར་ཤོག་ཚོགས་པའི་གོ་མཉམ་ཚང་མར་ཁོང་རང་ཉིད་ཨུ་རུ་སུའི་སྲིད་འཛིན་སི་ཙར་པུ་ཏྲིན་(Czar Putin) ལྟར་བྱ་འདུན་ཡོད་པ་དང་། ཕྱི་ལོ་ ༢༠༢༧ ལོར་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ ༢༢ པ་ཚོགས་གཏན་འཁེལ་བ་བཞིན་དུས་ཡུན་དེ་བར་ཆབ་སྲིད་ཀྱི་དབང་ཆ་བདག་བཟུང་གིས་རྣམ་ཀུན་˂˂མི་རབས་དྲུག་པ་˃˃ ཞེས་བཤད་བཞིན་པ་ལྟར། རང་ཉིད་ཀྱི་རྗེས་སུ་བློ་མཐུན་དབང་འཛིན་མི་སྣ་གསོ་སྐྱོང་བྱ་རྒྱུའི་ཆེད་དུ་དུས་ཚོད་མང་ཙམ་དགོས་སྐོར་རྗོད་བཞིན་ཡོད་འདུག དོན་དངོས་ཐོག་ཞི་ཡིས་དབང་ཆ་ཡོངས་རྫོགས་གཅིག་སྡུད་བྱས་རྗེས། དམར་ཤོག་ཚོགས་མི་རྒན་གྲས་ཚོའི་ཁྲོད་དུ་ ˂˂མི་རབས་དྲུག་པའི་˃˃ དབང་ཆའི་གར་སྟེགས་གི་འགྲན་རྩོད་སྔ་ས་ནས་དངོས་སུ་ཚ་ཚ་འུར་འུར་གྱིས་མགོ་བཙུགས་ཟིན་པ་རེད།

དེ་ལྟར་ངར་ཤུགས་ཆེན་པོས་འགྲན་རྩོད་བྱེད་བཞིན་པའི་ཁྲོད་ནས་ད་བར་མདུན་དུ་སྐྱོད་མཁན་གྲས་ནི། ད་ལྟ་རང་ལོ་ ༥༤ ལ་སོན་ཞིང་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཏིན་ཞོའི་ཤང་(Ding Xuexiang) དང་། རང་ལོ་ ༤༨ ལ་སོན་ཞིང་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་དམག་སྲིད་ཨུ་ཡོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲོང་ཞའོ་ཅུན། (Zhong Shaojun) དེ་བཞིན། ད་ཆ་རང་ལོ་ ༥༢ ལ་སོན་ཞིང་རྒྱ་ནག་དམར་ཤོག་གི་པེ་ཅིན་གྲོང་སྡེ་ལས་ཁུངས་ཀྱི་སྒྲིག་ཁྲིམས་རྟོག་ཞིབ་ལྷན་ཚོགས་ཀྱི་དྲུང་ཆེ་ལི་ཞུའུ་ལེ་ (Li Shulei)བཅས་ཡིན།

ཏིང་(Ding) ནི་ ༢༠༠༧ ལོར་ཞི་ཅིན་ཕིན་ཧྲང་ཧེ་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་གཞག་སྐབས་སྲི་ཞུ་སྒྲུབ་མཁན་གྱི་ལས་བྱེད་གཙོ་གྲས་དང་སྲིད་འཛིན་ཁོང་རང་ཉིད་ཀྱི་གཤམ་འོག་ལས་བྱེད་ཡིད་ཆེས་འཕེར་བ་དང་། བློ་དཀར་གཞུང་དྲང་ཞིག་ཡིན་པ་ཡོངས་གྲགས་ཡིན། སྲིད་དོན་པ་མང་པོ་ཞིག་གིས་ལོ་རྗེས་མར་ཨ་རིའི་ཕོ་བྲང་དཀར་པོའི་གཙོ་འཛིན་གྱི་གོ་བབ་དང་གཉིས་སུ་མ་མཆིས་པའི་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ལས་ཁུངས་ཀྱི་འགན་འཛིན་ལཱི་ཌན་ཞུ་ཡི་རྗེས་འཛིན་པ་དེ་ཧ་ལམ་ཏིང་(Ding) ཆགས་རྒྱུ་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད།

ཀྲོང་ (Zhong)ནི་ཞི་ཅིན་ཕིན་གྱིས་ ༢༠༠༢ ནས་ ༢༠༠༧ ལོའི་བར་ཀྲེ་ཅཱང་ཞིང་ཆེན་དམར་ཤོག་ཚོགས་པའི་དྲུང་ཆེའི་ཕྱག་ལས་གནང་སྐབས་ཁོ་རང་གི་ལག་པ་གཡས་བ་ལྟ་བུ་ཡིན།  ཕྱི་ལོ་ ༢༠༡༣ ལོར་ཀྲོང་ (Zhong)ད་ལྟའི་གོ་གནས་དེར་བསྐོ་གཞག་བྱས་ཡོད་པ་དང་། ལོ་རྗེས་མ་དེར་སྤྱི་ཁྱབ་ཞལ་ངོ་༼དམག་དཔོན་གྱི་གོ་གནས།༽ལ་གནས་སྤར་བཏང་ཡོད། དེ་ཡང་ཀྲོང་ (Zhong)ལ་ལས་གནས་དེ་རྩིས་སྤྲོད་གནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ཞི་ཅིན་ཕིན་གྱིས་མི་དམངས་ཅིང་གྲོལ་དམག་སྡེའི་སྒྲོམ་གཞིར་འགྱུར་བ་ཤུགས་ཆེན་བཏང་ཡོད་ཅིང་། དབང་ཤུགས་ཆེ་ལ་གསར་འཛུགས་ཞུས་པའི་དབུས་དམག་དོན་ལྷན་ཁང་དེའི་ཉིན་རེའི་ཕྱོགས་ཡོངས་ཀྱི་འཕེལ་རིམ་ལ་གཟིགས་རྟོགས་བྱ་མཁན་བློས་གདེང་འཁེལ་བའི་མི་སྣ་ཞིག་དགོས་པས་ཡིན།

སྐབས་དེར་ཆེས་ཕུལ་བྱུང་གི་གང་ཟག་ཅིག་ལ་ངོས་འཛིན་བྱེད་བཞིན་པའི་ལཱི་ཞོའོ་ལེ་((Li Shulei)ནི་རང་ལོ་ ༤༤ ཐོག་དབུས་དམར་ཤོག་ཚོགས་པའི་སློབ་གྲྭའི་གཙོ་འཛིན་དུ་བསྐོ་གཞག་བྱས་ཡོད་ཅིང་། དེ་ནི་ད་བར་གལ་གནད་ཅན་གྱི་གོ་གནས་དེར་བསྐོ་གཞག་བྱས་པའི་ཁོངས་ནས་ལོ་ན་ཆུང་ཤོས་དེ་ཆགས་ཡོད་པ་དང་། ཁོང་ནི་ཞི་ཡི་འབྲི་བཀོད་པ་ཨང་པོ་དང་དགའ་མོས་ཆེ་ཤོས་གྲས་ཀྱི་མི་སྣ་ཞིག་ཆགས་ཡོད།

དེ་མིན་ ˂˂མི་རབས་དྲུག་པའི་˃˃མགོ་ཁྲིད་ཀྱི་ཁྲི་འཕངས་ལ་རེ་བ་ཕྲན་བུ་ཡོད་པ་གཞན་འགའ་ཡོད་པ་དག་ནི། ད་ཆ་རང་ལོ་ ༥༦ ལ་སོན་ཞིང་ཡུན་རིང་ཞི་དང་འགྲོག་འདྲིས་ཆེ་བའི་གྷོན་ཀྲུའུ་ཞིང་ཆེན་གྱི་དྲུང་ཆེ་ཁྲན་མཱི་ནར་ (Chen Miner)དང་ཀྲེ་ཅང་ཞིང་ཆེན་གྱི་སྤྱི་ཁྱབ་ལཱིའི་ཆང་ (Li Qiang)བཅས་རེད།

གོང་སྨྲོས་མི་སྣ་དེ་ཚོ་ཞི་ཡི་དབུ་འཁྲིད་པའི་དམར་ཤོག་ཚོགས་པའི་བློ་ཐག་ཉེ་བའི་དཔུང་ཤོག་གི་རྒྱབ་རྟེན་གཙོ་བོ་དག་ཆགས་ཡོད་ཅིང་། ཁོང་ཚོས་ཞི་ཅིན་ཕིན་ལ་བཅངས་པའི་ལྷག་བསམ་ལ་དོགས་པ་ཟ་མི་དགོས་ཀྱང་། མི་སྣ་དེ་ཚོ་སྲིད་འཛིན་ཞི་ལ་ཧ་ཅང་བློ་ཐག་ཉེ་བ་ཙམ་ལས། རྒྱ་ནག་བཅོས་བསྒྱུར་རམ་དཔལ་འབྱོར་འཕེལ་རྒྱས་ཐད་ཞབས་འདེགས་ཐུབ་པར་རེ་བ་དེ་ཙམ་མེད་པ་ནི་དཀའ་ངལ་མངོན་གསལ་དོད་པོ་ཞིག་ཆགས་ཡོད། དེར་བརྟེན། མཐོ་རིམ་དཔོན་རིགས་ཚོའི་ཁྲོད་དུ་ད་དུང་སྲིད་དབང་རྗེས་འཛིན་ཐུབ་པའི་དབུ་ཁྲིད་ཡང་དག་ཅིག་རེག་གི་མེད་པ་དེ་ནི། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཁྲོད་ཀྱི་ཞན་ཆའམ་སྟོང་ཆ་ཆེ་ཤོས་དེ་ཆགས་ཡོད།

ཡ་མཚན་དགོས་པ་ཞིག་ནི། རྒྱལ་འཚོང་པར་ངོས་འཛིན་བྱེད་བཞིན་པའི་ཐེ་ཝན་མཚོ་གླིང་ཆུང་ཆུང་དེས། ཉེ་ལམ་རང་དབང་ལྡན་པའི་ཐོག་ནས་ཡང་དག་པའི་འོས་བསྡུ་བྱས་ཏེ་སླར་ཡང་ཆབ་སྲིད་ཀྱི་དབུ་ཁྲིད་འཕོ་འགྱུར་བཏང་ཡོད། འོན་ཀྱང་། ཆེས་མངོན་པར་འཕགས་པར་རློམས་པའི་རྒྱ་ནག་སྐམ་ས་ཆེན་མོ་འདི་ད་རུང་དུས་རབས་ཉེར་གཅིག་འདིའི་ནང་སི་ཏཱ་ལིན་རིང་ལུགས་ཀྱི་གཞུང་གི་སྒྲོམ་གཞིར་ཡིད་རྟོན་བྱེད་བཞིན་པ་དེ་ཡིན། དེར་བརྟེན། མི་ལོ་ལྔ་སྟོང་གི་ལོ་རྒྱུས་ལྡན་པའི་རྒྱ་ནག་གི་སྤྱི་ཚོགས་དཔལ་ཡོན་འཕེལ་རིམ་ནང་གོམ་པ་ཕྱིར་ཤིག་རྒྱབ་པ་མི་མཚོན་ནམ།

མ་རྩོམས་ཀྱི་འབྲེལ་ཐག http://www.ejinsight.com/20160215-who-will-succeed-president-xi-jinping/

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༤ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༥ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese