མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁུང་ཙིའི་འཆད་ཁྲིད་འཛིན་གྲྭར་དོགས་པ་ཟོས།

བོད་ཀྱི་དུས་བབ།
༢༠༡༦/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་འབྲེལ་གྱིས་གཉེར་བཞིན་པའི་ཨོ་སི་ཊོར་ལི་ཡའི་བྱང་གི་མཚོ་རྒྱུད་སློབ་གྲྭ་(North Shore public schools) དག་གི་ནང་ཁྲིད་སྤེལ་བྱེད་བཞིན་པའི་སློབ་ཚན་ཞིག་ལ་ས་གནས་དེ་གའི་ཁྱིམ་བདག་ཚོས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་འདུག

e8ac29d0be5b8ea5f391e2c72f66cd83

སྐུ་ཞབས་ཨཱེ་ལེ་ཛཱན་ཊྲེ་ནིལ་སེན་(Alexander Nilsen)གྱི་བུ་ལོ་བཞིའི་སྔོན་ནོར་ཝེ་ནས་མཱོ་སི་མེན་(Mosman)ལ་གནས་སྤོ་བྱས་ཡོད་པ་དང་། ཁོ་རང་གིས་མཱོ་སི་མེན་ཧེ་ཊྲེ་ཞེས་པའི་སློབ་གྲྭའི་ནང་ཁུང་ཙིའི་འཆད་ཁྲིད་འཛིན་གྲྭ་(Confucius Classroom programs)དག་གི་སློབ་ཁྲིད་ཐབས་ལམ་དང་བརྗོད་གཞི་སོགས་ཀྱི་སྐོར་དངོས་སུ་རྒྱུས་ལོན་བྱུང་རྗེས་ཧ་ལས་ནས་བརྗོད་རྒྱུར། “ངས་སློབ་ཚན་དེའི་སྐོར་དཔྱད་ཞིབ་མང་པོ་བྱས་པ་དང་རྙོག་གླེང་དེའི་ནང་ལྷུང་རྗེས་ང་རང་གི་བུ་སློབ་གྲྭ་དེར་མུ་མཐུད་འཇོག་དགོས་མིན་ཐེ་ཚོམ་བསླེབས་སོང་” ཞེས་བརྗོད་ཡོད།

ཁུང་ཙིའི་འཆད་ཁྲིད་འཛིན་གྲྭ་ཞེས་པ་དེ་རིགས་ནི་ཨོ་སི་ཊོར་ལི་ཡར་ཡོད་པའི་རྒྱ་ནག་གི་ཚོགས་པ་ཞིག་གིས་གཉེར་བཞིན་ཡོད་ཅིང་། འཛིན་གྲྭ་དེ་དག་ལ་རྒྱ་ནག་གཞུང་གི་རྒྱབ་རོགས་འོག་འཛམ་གླིང་ཤར་ནུབ་གང་སར་ཁྱབ་སྤེལ་བྱེད་བཞིན་ཡོད་པ་རེད།

ཁོང་གིས་མུ་མཐུད་དུ་བརྗོད་དོན། “ངས་འདས་པའི་ལོ་བཅུ་ལྷག་གི་རིང་རྒྱ་རིགས་དང་གན་རྒྱ་བཞག་ནས་ལས་དོན་མང་པོ་གཉེར་པ་བརྒྱུད་དེ། ཁུང་ཙིའི་ཚོགས་པ་དང་འཛིན་གྲྭའི་ནང་གི་འཆད་ཁྲིད་དེ་ཚོ་གང་འདྲ་ཡོད་མེད་ཚང་མ་ཤེས་ཀྱི་ཡོད།” ཅེས་དང་། ཁོང་ས་གནས་དེ་ནས་ལོ་གཅིག་གི་རིང་ཁ་བྲལ་ཏེ་སླར་ཚུར་ཆཱ་ཚི་ཝུ་ཊྲི་(Chatswood)ཁུལ་དུ་ལོག་ཡོང་སྐབས་སྟབས་མ་ལེགས་པ་ཞིག་ལ་སློབ་ཚན་དེ་ནི་ཆྭ་ཚི་ཝུ་ཊྲི་ཁུལ་གྱི་གཞུང་གི་སློབ་གྲྭ་ཁག་དང་མཐོ་རིམ་སློབ་གྲྭ་ཚང་མའི་ནང་གཉེར་གྱི་ཡོད་པ་ཤེས་འདུག ཁོང་དང་ཁོང་གི་བཟའ་ཟླ་ཇཱི་ན་གཉིས་ཀྱི་བུ་ཕྰེ་བིན་ད་ལྟ་ལོ་བརྒྱད་ལ་བསླེབས་པ་དེ་མ་གཞི་ཆ་ཚི་ཝུ་ཊྲིའི་སློབ་གྲྭ་ཞིག་གི་ནང་གཏོང་འཆར་ཡོད་ཀྱང་། སློབ་ཚན་དེའི་རྐྱེན་པས་མཐར་བསམ་བློ་དེ་ཕྱིར་འཐེན་གནང་དགོས་འཁེལ་འདུག

ཁུང་ཙིའི་འཆད་ཁྲིད་འཛིན་གྲྭ་རྣམས་ཨོ་སི་ཊོར་ལི་ཡའི་སློབ་གྲྭ་དག་གི་ཐད་ཀའི་སྟངས་འཛིན་འོག་མེད་སྟབས། བློ་འཚབ་དེ་བས་ཆེ་བ་ཞིག་ཆགས་ཡོད་ཅིང་། འཆད་ཁྲིད་འཛིན་གྲྭ་དེ་རྣམས་ནི་རྒྱ་ནག་དམར་ཤོག་གཞུང་གི་སློབ་གསོ་གཞིར་བཟུང་འགྲོ་གི་ཡོད་པ་རེད། གནས་ཚུལ་ཡ་མཚན་པ་ཞིག་ལ་ཚོགས་པ་དེའི་འབྲེལ་ཡོད་ལས་བྱེད་ཚོ་འཛིན་གྲྭའི་ནང་བསླེབས་ནས་དམར་ཤོག་གི་ལྟ་བ་དམར་རྗེན་དུ་ཁྱབ་སྤེལ་བྱེད་ཀྱི་མེད་རུང་གནད་འགག་ཡོད་པའི་གནས་ཚུལ། དཔེར་ན། ཐེ་ཝན་དང་གནམ་བདེ་སྒོ་མོའི་ཆེའི་དོན་རྐྱེན་སོགས་ཀྱི་སྐོར་གཏན་ནས་གླེང་སློང་བྱེད་ཀྱི་མི་འདུག

ནིལ་སེན་ལགས་ཀྱིས་མུ་མཐུད་བརྗོད་རྒྱུར། “ངས་ངོས་ནས་བཤད་ན་རྒྱ་ནག་གཞུང་གི་ལས་གཞི་འདི་དག་གི་དམིགས་ཡུལ་ངོ་མ་གང་ཡིན་ཤེས་རྟོགས་བྱུང་རྗེས་སློབ་ཚན་དེའི་རིགས་ཨོ་སི་ཊོར་ལི་ཡ་ལ་གཏན་ནས་འཚམས་འཇོག་བྱེད་ན་དགེ་མཚན་ཆེ་བ་འདུག་སྙམ། སྤྱིར་བཏང་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་དེ་ནི་ཧ་ཅང་གི་ཕྱུག་པོ་དང་ངོ་མཚར་དགོས་པ་ཞིག་ཡོད་པ་རེད། ང་རང་གི་བུ་ལའང་ནམ་རྒྱུན་དེའི་སྐོར་བཤད་ཀྱི་ཡོད། འོན་ཀྱང་། ཨོ་སི་ཊོར་ལི་ཡའི་སློབ་ཕྲུག་ཚོར་རྒྱའི་རིག་གཞུང་དང་ཡི་གེ་སློབ་ཁྲིད་བྱ་ཐབས་དེ་ལས་ཡག་པ་གཞན་ཡོད་ངེས་རེད།” ཅེས་བརྗོད་འདུག སྐུ་ཞབས་ནེལ་སོན་དང་བྱང་གི་མཚོ་རྒྱུད་ཁུལ་གྱི་ཁྱིམ་བདག་ཚོ་མཉམ་རུབ་ཀྱིས་གནད་དོན་དེའི་སྐོར་དོ་སྣང་བསླེབ་ཆེད་བསྒྱུར་བཅོས་ཀྱི་སྙན་ཞུ་ཞེས་པའི་ངོ་དེབ་ཀྱི་ཤོག་ངོས་གསར་པ་ཞིག་ཕྱེས་འདུག

8cf788554df6d53c55861c8cea530b56

འོན་ཀྱང་། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་གཞུང་གི་མི་སྣ་ཞིག་གིས་བརྗོད་གསལ་ལ། ཁུང་ཙིའི་ཚོགས་པ་དག་ནི་གུས་བཀུར་འོས་པ་དང་ཡུན་རིང་གི་སློབ་ཚན་ལས་གཞིའི་འོག་ནས་ཨོ་སི་ཊོར་ལི་ཡའི་མཐོ་སློབ་ཁག་དང་ཟུང་འབྲེལ་ཐུབ་པ་བྱུང་ཡོད་ཅེས་དང་། ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ་ནི་སློབ་ཕྲུག་ཚོའི་རྒྱ་ཡིག་དང་རྒྱའི་རིག་གནས་ཀྱི་ཤེས་ཚད་གོང་མཐོར་གཏོང་རྒྱུ་དེ་ཡིན། གཞན། ཟུང་འབྲེལ་སློབ་གྲྭ་ཁག་ལ་རྒྱ་ནག་དང་ཐད་ཀར་འབྲེལ་བ་བྱ་ཐུབ་པའི་དགེ་མཚན་ལྡན་ཡོད་ཅེས་བརྗོད་ཡོད་འདུག ཕྱི་ལོ་ ༢༠༡༢ ལོར་ཤེས་རིག་ལས་ཁུངས་ནས་ཁུང་ཙིའི་ཚོགས་པ་དེའི་རྒྱ་ནག་ལ་ཡོད་པའི་ལས་ཁུངས་ཨ་མ་དང་མཉམ་འབྲེལ་སྒོས་གན་རྒྱ་བཞག་ཏེ། བྱང་གི་མཚོ་རྒྱུད་ས་ཁུལ་ཁག་གི་སློབ་གྲྭ་ ༡༣ ཙམ་ནང་ཁུང་རྩིའི་འཛིན་གྲྭ་གཉེར་རྒྱུ་གཏན་འཁེལ་བྱུང་ཡོད་འདུག

བློ་བཟང་ཡེ་ཤེས་ཀྱིས་བོད་བསྒྱུར་བྱས།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༧ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༧ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese