རྔ་བ་རྫོང་ནས་ཡིན་པའི་ཚེ་རིང་ལགས་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཕྱི་ཚེས་ ༢༤ ཉིན་གསང་བའི་ཐོག་ནས་རང་ཁྱིམ་དུ་བསྐྱལ་ཡོད་འདུག
འདི་གར་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་ཞིག་གིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། རྔ་བ་རྫོང་གི་ས་བྱིའི་ཞི་རྒོལ་ནང་དུ་ཞུགས་པའི་དོགས་གཞིའི་འོག ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༠ ཉིན་གྱི་མཚན་མོར་ཚེ་རིང་ལགས་་རྔ་བ་རྫོང་ཐོག་གི་མགྲོན་ཁང་ཞིག་ནས་གློ་བུར་དུ་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ཕྱིས་སུ་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ཁྲིན་ཏུའུ་ཏེ་ཡཱང་བཙོན་ཁང་དུ་བཅུག་ཡོད་འདུག
གསར་འགོད་པ། པདྨ་མཚོ།