ཟླ་འདིའི་ཕྱི་ཚེས་ ༡ ནས་ ༣ བར་ཉིན་གསུམ་རིང་། ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་བོད་རང་བཙན་ལྷན་ཚོགས་ཐེངས་གསུམ་པ་དེ་ཚོགས་ཡོད་པ་དང་། དེར་ཨ་རི་དང་རྒྱ་གར། ཡུ་རོབ། ཨོ་སི་ཁྲིར་ལེ་ཡ་བཅས་རྒྱལ་ཁབ་དང་གྲོང་ཁྱེར་འདྲ་མིན་ནས་ཕེབས་པའི་ཚོགས་མི་དྲུག་བཅུ་ལྷག་ལྷན་འཛོམས་བྱུང་ཡོད་འདུག
བོད་རང་བཙན་ལྷན་ཚོགས་ཐེངས་གསུམ་པའི་དགོས་དམིགས་གཙོ་བོ་རྒྱལ་གཅེས་དཔའ་བོ་སྲིད་བློན་ཀླུ་ཁང་པ་ཚེ་དབང་རབ་བརྟན་མཆོག་སྐུ་གྲོངས་ནས་མི་ལོ ༥༠ འཁོར་བའི་དུས་དྲུན་སྲུང་གཙི་དང་འབྲེལ་ཏེ་ད་བར་བོད་རང་བཙན་གྱི་ཆེད་དུ་ཚེ་སྲོག་བློས་གཏོང་གནང་མཁན་ཤི་གསོན་ཡོངས་ལ་བཀའ་དྲིན་རྗེས་དྲན་ཞུ་ཆེད་དང་། བོད་རང་བཙན་གྱི་འཐབ་རྩོད་ལ་འཕྲད་བཞིན་པའི་ཕྱི་ནང་གི་གནོན་ཤུགས་ཁག་ལ་གདོང་ལེན་བྱས་ཏེ་མུ་མཐུད་གཞོན་སྐྱེས་ཚོའི་རྒྱལ་ཞེན་བློ་སྤོབས་དང་རང་བཙན་འཐབ་རྩོད་གསོན་གནས་ཡོང་ཆེད། ལྷག་པར་དུ་མ་འོངས་བོད་རང་བཙན་འཐབ་རྩོད་ཀྱི་ནུས་སྟོབས་གོང་སྤེལ་དང་ཐབས་ཇུས་རང་བཞིན་གྱི་འཆར་གཞི་བསྡུ་རུབ་གནང་རྒྱུ་བཅས་སོགས་ཡིན་འདུག
རྒྱལ་སྤྱིའི་བོད་རང་བཙན་ལྷན་ཚོགས་ཐོག་ཉིན་གསུམ་རིང་གི་གོ་བསྡུར་བརྒྱུད་དེ། ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཨ་རིའི་རང་བཙན་ཉིན་མོ་དང་བསྟུན་ཏེ་གྲོས་ཆོད་དོན་ཚན་ ༦ བཏོན་ཡོད་པའི་དང་པོ། བོད་དང་ཤར་ཊུ་ཀི་སི་ཐན། ལྷོ་སོག་གསུམ་མཉམ་འབྲེལ་གནའ་མཐུན་གྱིས་སོ་སོའི་བདག་དབང་སླར་གསོ་བྱ་ཆེད། འབྲེལ་མཐུད་པ་བསྐོ་བཞག་དགོས་མིན་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐོག་བྱུང་བའི་བསམ་ཚུལ་རྣམས་ལོ་རྗེས་མར་ཡུ་རོབ་ཏུ་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐོག་འབུལ་རྒྱུ།
གཉིས་པ། བོད་རིགས་ན་གཞོན་རྣམས་ལ་བོད་ཀྱི་སྐད་ཡིག་དང་རྒྱལ་རབས་སོགས་སློབ་འཁྲིད་ཀྱིས་རྒྱལ་ཞེན་རིང་ལུགས་ཀྱི་བསམ་སྤྱོད་གོང་སྤེལ་དང་། རྒྱལ་ཁབ་གཞན་གྱི་གྲོས་ཚོགས་འཐུས་མི་དང་དཔོན་རིགས། མི་མང་བཅས་ལ་འཇམ་དབྱངས་ནོར་བུ་ལགས་ཀྱིས་བྲིས་པའི་བོད་རང་བཙན་ཁུངས་སྐྱེལ་གྱི་དཔེ་དེབ་འགྲེམས་སྤེལ་གང་མང་ཞུ་རྒྱུ། གསུམ་པ། རང་བཙན་འཐབ་རྩོད་པ་རྣམས་ཕན་ཚུན་འབྲེལ་ལམ་རྒྱ་སྐྱེད་དང་། བདེན་རྒྱབ་བདེན་ལངས་ཀྱིས་གནོན་ཤུགས་ཅི་བྱུང་ལ་མཉམ་དུ་གདོང་ལེན་གྱིས་སྤྱི་ཚོགས་ཁྲོད། དོན་དངོས་གསལ་བཀྲོལ་ངང་བོད་རང་བཙན་སླར་གསོའི་ཆེད། སྔར་ལྷག་གདེངས་སྤོབས་ཆེན་པོས་གོམ་པ་མདུན་སྐྱོད་བྱ་རྒྱུ།
བཞི་བ། སྲིད་དོན་ཚོགས་པའི་ལམ་ལུགས་མེད་ན་ཆོལ་ཁ་རང་བཞིན་གྱི་དཀའ་རྙོག་ཡོང་བ་དང་། དེ་ཡང་ཉུང་མཐར་གཞུང་འཛིན་དང་། ཕྱོགས་འགལ་ཚོགས་པ་གཉིས་ཅན་གྱི་ལམ་ལུགས་ཤིག་མེད་ན་འོས་བསྡུའི་གོ་སྐབས་འདྲ་མཉམ་དང་། གཞུང་འཛིན་ནུས་པ་ཅན་ཡོང་བ་ཧ་ཅང་ཁག་པོ་ཡིན་པ་ད་ལོའི་འོས་བསྡུའི་ལས་རིམ་ནང་གསལ་པོ་བྱུང་ཡོད་པས། མ་འོངས་ངེས་པར་བཅའ་ཁྲིམས་ནང་ཆབ་སྲིད་ཚོགས་པའི་ལམ་ལུགས་གཏན་འབེབས་ངོས་འཛིན་གནང་དགོས་པ་དེ་རིང་གི་ཚོགས་ཆེན་ཐོག་ནས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་ལ་ཞུ་སྙན་ཞིག་འབུལ་རྒྱུ། ལྔ་བ། མ་འོངས་རྒྱ་ནག་ལ་འགྱུར་བ་འབྱུང་སྐབས། གོ་སྐབས་དམ་འཛིན་ཐུབ་པའི་ལས་འཆར་ཁག་བང་བསྒྲིགས་རྒྱུ་དང་། རྒྱ་ནག་གི་ཕྱི་འབྲེལ་དང་ཁོར་ཡུག དམག་དོན་སོགས་ཀྱི་སྲིད་ཇུས་ཁག་ལ་དུས་ཐོག་ཉམས་ཞིབ་ཀྱིས་དེ་དག་ལ་དོ་ཕོགས་དང་ཤུགས་རྐྱེན་ཐེབས་པ་བཟོ་རྒྱུའི་ལས་འགུལ་བརྩམ་དགོས། དྲུག་པ། དམངས་གཙོ་དང་བོད་རང་བཙན་གྱི་ལས་དོན་ཁྱབ་སྤེལ་ཆེད། གསར་འགྱུར་བརྒྱུད་ལམ་ཞིག་གསར་འཛུགས་ཡོང་ཐབས་བྱ་རྒྱུ་བཅས་ཡིན་འདུག
གསར་འགོད་པ། པདྨ་རྒྱལ།
མགོ་བདེ་དྲན་འཕྲུལ་རང་བཙན་ཚོགས་པ་མི་དགོས་དབུ་མའི་ཚོགས་པ་སོགས་ཀྱི་ནང་ཡོད་ཡོད་པ་རེད། ཆང་གི་རྐྱལ་པ་རང་བཙན་ཚོགས་མི་ལས་ལྷག་པའི་དབུ་མའི་འགོ་ཁྲིད་ཚོའི་ནང་ཡོད་པ་མ་ཚད། ར་བཟི་ཆེ་བའི་རྐྱེན་གྱིས་རྒྱ་ནག་ཡག་རབ་དང་། བོད་རྒྱ་ཁུངས་ཡིན་རབ་བཤད་དང་ཤོད་བཞིན་པ་རེད། ༡༩༥༩ ལོར་རྒྱ་ནག་གིས་བོད་བཟས་པར་ཁྲིམས་མཐུན་ཡིན་ཞེས་ཁ་ནས་མ་གླེང་ཙམ་རེད། ད་དུང་ཁོང་ཚོའི་ཁྱབ་ཁུངས་འོག་མུ་མཐུད་ལོ་ཤས་བསྡད་ན་དེ་ཡང་གཏན་གཏན་འཐོན་ཉེན་ཡོད། མི་ཚེ་རིང་ན་ལྷ་ཤི་བའི་རོ་མཐོང་ཡོང་ཨ།
བོད་པས་རང་བཙན་ལེན་མི་འདོད། རྒྱ་མིས་རང་བཙན་སྤྲད་མི་འདོད། ད་དོར་མ་མེད་མཁན་དང་སྣ་འབུ་འཚོང་མཁན་གཉིས་ཐུག་འདུག
མི་འདི་ཚོ་རང་བཙན་འཐབ་རྩོད་པ་རེད་དམ། ཡང་ན་ལོག་སྤྱོད་ཚོགས་པ་རེད། མི་ཐ་ཤལ་བ་འདི་འདྲ་ཚོས་བོད་རང་བཙན་འཐབ་རྩོད་ཇི་ལྟར་བྱེད། རྒྱལ་ཁ་ཇི་ལྟར་ལེན། མི་མང་གི་གྲས་ནས་ཕུད་འགྲོ་མཁན་ཚོས་རྒྱལ་ཁབ་རང་བཙན་རྩོད་ཐུབ་ཀྱི་རེད་དམ། རང་བཙན་འཐབ་རྩོད་བྱེད་མཁན་གྱི་ཚོགས་པ་དང་བྱས་རྗེས་རླབས་ཆེན་ཡོད་མཁན་ནི་བོད་ཀྱི་གཞོན་ནུ་ཚོགས་པ་རེད། བོད་ཀྱི་གཞོན་ནུ་ཚོགས་པས་བོད་མིའི་རྩ་དོན་ལ་བྱས་རྗེས་ཆེན་པོ་བཞག་ཡོད་རེད། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཟེར་བའི་ཚོགས་པ་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཁ་གཏད་ཚོགས་པ་རེད་ལ། བོད་མིའི་སྒྲིག་འཛུགས་ལ་ཟུར་ཟ་དང་དམའ་འབེབས་བྱེད་མཁན་གྱི་ཚོགས་མི་འགའ་ཤས་ཀྱིས་འགོ་བཙུགས་པ་ཞིག་རེད། ཚོགས་མི་དེ་ཚོས་ནམ་རྒྱུན་༧རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་ངོ་ལོག་བྱེད་པ་ལས་རང་བཙན་འཐབ་རྩོད་ཅིག་ནམ་ཡང་བྱས་མྱོང་མེད་པ་རེད། ཚོགས་པ་དེའི་ནང་དུ་ཆོས་ལུགས་ཐལ་སྤྱོད་ཅན་དང་། ཆོལ་ཁའི་ནད་རྙིང་ཅན། གོ་སྐབས་རིང་ལུགས་ཅན། ཁ་ཕོ་ལག་སྟོང་མཁན། ཀླད་རྙིང་མཁྲེགས་འཛིན་མཁན་ཏག་ཏག་རེད། ཚོགས་པ་འདིས་ལས་ཀ་བྱེད་སྟངས་ལ་བལྟས་དང་རང་བཙན་འཐབ་རྩོད་བྱས་ཡོད་རེད་དམ་བོད་མིའི་སྤྱི་ཚོགས་ནང་རྙོག་དྲ་བཟོས་ཡོད་རེད། བོད་རང་བཙན་གྱི་དར་ཆ་རྫུན་མའི་འོག་ནས་དོན་ལ་ཁོ་རང་ཚོས་མི་འཇོན་པ་ཞིག་གཞན་གྱིས་མི་འཇོན་མི་འགྲུབ་པར་བསྙད་བཏགས་ནས་ཟུར་ཟ་རྐྱང་རྐྱང་བྱེད་པ་ལས་འཇོན་ཐང་ཡོད་ན་མངོན་ཤོག རྒྱལ་ཞེན་ཡོད་ན་སྟོན་ཤོག འཐབ་རྩོད་བྱེད་ན་རྒྱུགས་ཤོག བཙོན་དུ་སྡོད། མནར་གཅོད་མྱོངས། དཔའ་རྟགས་མངོན། འཛམ་གླིང་གི་རང་བཙན་འཐབ་རྩོད་བྱེད་མཁན་གྱི་འགོ་ཁྲིད་སུ་ཞིག་བཙོན་དུ་བསྡད་མ་མྱོང་མནར་གཅོད་མ་མྱངས་པ་རེད་དམ། ཁྱེད་ཚོས་ཚོགས་འདུ་རེ་ཚོགས་འུར་གཏམ་རེ་སྒྲགས། ཚོགས་མི་ཁྱེད་ཚོ་ཅི་ཕྱིར་བོད་ལ་འཐབ་རྩོད་བྱེད་དུ་མི་འགྲོ་བར་ཨ་རིར་ཁྱི་ལས་སྡུག་པའི་གཡོག་ལས་བྱས་ཏེ་ཌོ་ལོར་བསགས་ནས་ཉིན་མ་འཁྱོལ་ཐབས་བྱེད་ཀྱི་ཡོད་དམ། ཚོགས་འདུ་རེ་ཚོགས་་་་་གསོལ་སྟོན་རེ་བཤམས། ཆང་འཐུང་ཤོ་རྒྱབ། ཁ་ཕོ་བཤད། ལོག་ལྟ་སྐྱེས། རྫུན་དང་ཕྲ་མ་བཤད། ང་རྒྱལ་ངོམས། གཏམ་སྙན་གྲགས་པའི་རྗེས་སུ་རྒྱུགས་ནས་ཉིན་མ་སྐྱེལ་བ་དེ་རང་བཙན་འཐབ་རྩོད་རེད་དམ། རྩོད་རྒྱུ་རྒྱ་དམར་བཞག་ནས་ཅི་ཕྱིར་བོད་ལ་ཁ་ཐག་རིང་དུ་རིང་དུ་བཏང་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་སིམ་འཛུལ་གྱིས་འཆལ་གཏམ་སྒྲོགས་པ་རེད་དམ། ཁྱེད་ཚོའི་དམིགས་ཡུལ་གང་ཡིན་མི་ཤེས་སམ། ཚོགས་པ་འདིའི་ནང་གི་ཚོགས་མི་མི་ཉུང་བ་ཞིག་ནི་མགོ་འཐོམ་རང་ཚུགས་མ་ཟིན་མཁན་དང་ཀླད་པ་འཕེལ་སྐྱེལ་མ་ལོངས་པའི་མི་རེད། ཁོང་ཚོར་ཁག་མི་འདུག
རྩོད་རྒྱུའི་རང་བཙན་རྒྱ་མིར་མི་རྩོད་པར་ནུབ་ཕྱོགས་ཨ་རི་ལ་འཕུར་ནས་ཁ་སྟོང་ནང་གི་ཚིག་སྟོང་བཤད་ནས་གང་ཡང་ཕན་གྱི་མ་རེད། རང་བཙན་རྩོད་སྟངས་དེ་འདྲ་འཛམ་གླིང་གི་ལོ་རྒྱུས་ནང་དུ་ཡོད་མ་རེད། ཚོགས་མི་འདི་ཚོའི་ནང་ལ་གཅིག་ལྟོས་དང་ཁྱེད་ཚོས་རང་བཙན་རྩོད་ས་རེད་དམ་མ་རེད། མགོ་བདེ་དྲན་འཁྲུལ། ཀླད་སྟོང་ཆང་རྐྱལ། དམ་ཉམས་སྡོམ་ཤོར། སྐྱ་མིན་སེར་མིན། དོལ་ཚོགས་བཙུན་གཟུགས་བཅས་མདོར་ན་རང་བཙན་ཚོགས་མི་འདི་ཚོས་རང་བཙན་བཤད་པ་དང་རང་བཙན་ཁོ་རང་ནག་པོ་ཆགས་འགྲོ་གི་རེད་ལ། རང་བཙན་ལ་ཕན་རྒྱུའི་ཚབ་ཏུ་རང་བཙན་རྩོད་མཁན་གྱི་ལར་ཞེན་ཅན་ཚོར་གནོད་སྐྱེལ་གྱི་རེད། བོད་རང་བཙན་ང་ཚོ་ཚང་མར་དགོས་ཀྱི་རེད་ལ། རྩོད་དགོས་ངེས་ཤིག་ཀྱང་རེད། ཡིན་ནའང་ཚོགས་མི་འདི་ཚོས་བོད་རང་བཙན་ཁོ་རང་ནག་པོ་བཟོ་གི་འདུག བོད་རང་བཙན་ཁོང་ཚོས་ལག་ཆ་ཙམ་རེད། དོན་དངོས་ཐོག་ཁོང་ཚོའི་ནང་གི་འགོ་ཁྲིད་ཚོགས་མི་དེ་ཚོ་སྔོན་མ་ཞིག་ནས་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་བཙན་བྱོལ་བོད་གཞུང་ལ་ངོ་རྒོལ་དང་སྡང་སེམས་ཅན་རྐྱང་རྐྱང་རེད། དངོས་ཡོད་ཀྱི་ཐོག་ནས་མི་འདི་ཚོ་ནི་ལོག་སྤྱོད་ཚོགས་པ་ཞིག་ཡིན་པ་ལས་བོད་རང་བཙན་ལ་འབྲེལ་བ་ཅི་ཡང་མེད། གོ་ཐོས་ལ་ཁོང་ཚོས་ཁོ་རང་ཚོའི་བསམ་ཚུལ་དང་མ་མཐུན་པའི་བོད་རང་བཙན་འཐབ་རྩོད་པ་དཀའ་ལས་རྒྱག་མཁན་མང་པོ་ཞིག་ཟུར་ཕུད་གཏོང་གི་ཡོད། དཔེར་ན་བོད་རང་བཙན་འཐབ་རྩོད་པ་བཀུར་འོས་བསྟན་འཛིན་བརྩོན་འགྲུས་ལྟ་བུ་རེད། བསྟན་འཛིན་བརྩོན་འགྲུས་བོད་རང་བཙན་རྩོད་མཁན་ཚོས་༧རྒྱལ་བ་རིན་པོ་ཆེ་ལ་ལོག་སྤྱོད་ངོ་རྒོལ་བྱེད་རྒྱུར་མོས་མཐུན་གནང་གི་མེད་པས་ཁོང་ཟུར་ཕུད་བྱེད་ཀྱི་ཡོད། ཚོགས་པ་འདིའི་མི་མངོན་པའི་དམིགས་ཡུལ་ནི་བོད་རང་བཙན་གྱི་དར་ཆའི་འོག་ནས་༧རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་ལོག་སྤྱོད་བྱེད་རྒྱུ་དེ་རེད། སྐོར་ནས་ག་ཚོད་བཤད་ཀྱང་འབབ་ས་འདི་རེད། ཁྱེད་ཚོས་བོད་རང་བཙན་ལ་ལས་ཀ་གཅིག་ཀྱང་མི་བྱེད་པར་ཚོགས་འདུ་རེ་ཚོགས་ནས་བསྒྲགས་གཏམ་རེ་བྲིས་ནས་དོན་ལ་རྒྱལ་བ་རིན་པོ་ཆེ་ལ་ཟུར་ཟ་བྱེད་པ་དེའི་ཀུན་སློང་མི་ཤེས་པ་ཡོད་མ་རེད། ལོ་རྒྱུས་སྟེང་གི་མི་སྣ་གལ་ཆེ་རུ་ཆེ་ཚད་འཁུར་ཡོང་ནས་ཅིག་ཡིན་མདོག་བྱེད་པ་ལས་འཇོན་ན་རང་བཙན་ལེན་གི་རྒྱུགས། ཁ་ཕོ་ལབ་ནས་ཅི་བྱེད། བོད་ནང་ལ་རྒྱུགས། སྐད་རྒྱོབ། དང་པོ་ཁྱེད་ཚོས་ཚེ་སྲོག་ཕུལ། མནར་གཅོད་མྱངས་དང་། དེ་ནས་མི་མང་སླེབས་གི་རེད། རྒྱང་རིང་པོ་ནས་ཁ་ཕོ་འཐེན་ནས་མི་མང་འཆི་ལམ་ལ་དེད་ན་དེ་བཟང་སྤྱོད་རེད་དམ། ཁྱེད་ཚོར་བཟང་སྤྱོད་ཀྱི་འགན་ཡོད་དམ་མེད། རང་བཙན་འཐབ་རྩོད་ནང་དུ་ཁྱེད་ཚོ་མེད་པ་ཡིན་ན་ཡག་པོ་ཡོང་ས་རེད། ཁྱེད་ཚོས་ཁ་ནས་རང་བཙན་བཤད་དོན་ལ་རང་དོན་སྒྲུབ། སྐུ་མཁྱེན། རང་བཙན་ལྟོ་རྒྱབ་ལ་མ་བཙོང་རོགས་གྱིས།
འཛིན་གྲྭ་བཅུ་བ་རྐྱང་རྐྱང་རེད་འདུག་གྭ་
འབུར་འབུར་འདྲ་བྱས་བསྡད་ན་རྒྱ་ནག་ལ་གནོད་གི་མ་རེད། བོད་མི་མང་ལ་ཕན་གི་མ་རེད་དེ
ཁོ་རང་ཚོའི་ཕྲུ་གུ་ར་མ་ལུག་དག་གི་མིག་དང་ཨམ་ཅོག་ནང་བོད་དོན་ཞིག་སྡོད་པར་ཕན་ཐོགས་ཕྲན་བུ་འབྱུང་སྲིད།
༅༅། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ནས་ཁ་སྟོང་། ཤོག་སྟོང། ཀླད་སྟོང་ སྐད་སྟོང་མ་གཏོགས་
གཅིག་ཡོང་ས་མ་རེད། ཡག་བྱུང་ཨ་ཕར་ཇ་ཆང་མེད་པར། ཉེས་སོང་ཟེར་ནས་རྒྱག་པ་འཆར་མཁན་།
༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་གྱི་གྲས་ཀྱང་ཚོགས་པ་འདིའི་ནང་དུ་འདུག་པ་ཕྲུ་གུ་དམར་བྱར་གྱི་ཚོགས་པས་
གཅིག་ཡོང་ས་མ་རེད། དེའི་ནང་ན་གྲ་ཆས་གྱོན་མཁན་གཉིས་འདུག་པ་་་་དོལ་ཚོགས་ཀྱི་མི་མ་རེད་དམ།
ཞབས་བྲོ་གང་འདྲ་འཁྲབ་ཀྱི་འདུག་་་ལྟད་མོ་བལྟ་ཆོག་
རང་བཙན་ལྷན་ཚོགས་ལབ་ནས་མིང་ཆེན་པོ་ཞིག་བཏགས་ཀྱང་། དོན་ལ་བོད་རང་བཙན་གྱི་ཁུངས་སྐྱེལ་བྱེད་ཐུབ་མཁན་གཅིག་ཀྱང་མི་འདུག འཇམ་ནོར་གྱིས་འགོ་ཁྲིད། ཀླུ་བྱམས་ཀྱིས་མཇུག་སྐྱོར་ནས་སུས་བོད་རང་བཙན་ལེན་ཐུབ་ཀི་རེད། ངལ་བ་འབྲས་མེད་རེད། ད་དུང་མི་གྲངས་བརྒྱ་ལྷག་ཡིན་ན་ཅིག་མཉམ་ཞུགས་བྱས་རབས་ཟེར་པ་དེ་ཡང་རྫུན་ཡིན་ཐག་ཆོད་རེད། འདི་ཚོས་དུས་རྒྱུན་དུ་༸གོང་ས་མཆོག་གི་མཛད་རྗེས་དེ་རྐང་རྗེས་ལག་གསུབ་བྱེད་ཀིན་པ་དེ་མང་ཚོགས་ཀྱིས་ཤེས་དགོས་པ་རེད།
ཁྱེད་ཚོར་བོད་རང་བཙན་གཙང་མ་ཞིག་མི་དགོས་ན། ད་ལྟ་རང་རྒྱ་ནག་པོའི་འོག་ཏུ་སོང་དང་ལྟོ་དགོས་འདེང་ཙམ་གྱི་ངང་བསྡད་ཆོག་གི་རེད།