མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེ་སྡུག་ཟེར་བ་དེ་ཕྱི་ལ་མཛུབ་མོ་འཛུགས་ས་མེད་སོ་སོའི་སེམས་ལ་མཛུབ་མོ་འཛུགས་དགོས།

བོད་ཀྱི་དུས་བབ།
༢༠༡༦/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༡༣ དང་ ༡༤ བཅས་ཉིན་གཉིས་རིང་༧གོང་ས་མཆོག་མཚོ་པདྨར་ཆིབས་བསྒྱུར་བསྐྱངས་ཏེ་མི་མང་ལ་གསུང་བཤད་དང་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་བཀའ་དབང་བསྩལ་ཡོད་འདུག

ཟླ་འདིའི་ཚེས་ ༡༣ ཉིན་གྱི་སྔ་དྲོར་༧གོང་ས་མཆོག་མཚོ་པདྨར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཉིན་དེའི་ཆུ་ཚོད་ ༡༢ ཙམ་ལ་ཟ་ཧོར་མཚོ་པདྨའི་འགྲམ་གྱི་གསུང་ཆོས་ར་བར་ཞབས་སོར་བཀོད་དེ། རྒྱ་གར་བྱང་ཕྱོགས་ཁུལ་ནས་ཕེབས་པའི་བོད་མི་དང་། གྭར་ཞ་དང་སྤྱི་ཏི། ཁུ་ནུ། མ་ནཱ་ལི་བཅས་ཀྱི་ཆོས་ཞུ་བ་མང་པོར། ༧གོང་ས་མཆོག་གིས་དེ་རིང་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་གནས་དུས་དམིགས་བསལ་ཅན་འདིར་མཚོ་པདྨར་བཅར་ཐུབ་པར་དགའ་བོ་བྱུང་། ལྷག་པར་སྔ་འགྱུར་རྙིང་མའི་དགོན་པ་རེད། སྔ་མོ་ནས་ངོས་ཀྱི་རྒྱུས་ཡོད་རེད། བདུད་འཛོམས་རིན་པོ་ཆེས་ཐུགས་འཁུར་ཧ་ཅང་བཞེས་པ་རེད། ཁྱེད་རང་ཚོས་གཟིམ་ཆུང་བཟོ་བཅོས་བརྒྱབ་སྟེ་ཧ་ཅང་ཡག་པོ་བཟོས་འདུག ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ངོས་རང་གནས་ཆེན་འདིར་ཐེངས་མང་པོ་སླེབས་ཡོད། དེ་རིང་སླར་ཡང་སླེབས་ཐུབ་པར་དགའ་པོ་བྱུང་། ཞེས་སོགས་གསུངས་འདུག

ཚེས་ ༡༤ ཉིན་གྱི་ཞོགས་པར་གནས་ཆུང་གྲྭ་ཚང་གིས་གསོལ་འདེབས་ཞུས་དོན་ལྟར། མཚོ་པདྨའི་ཨོ་རྒྱན་ཧེ་རུ་ཀའི་ཕོ་བྲང་དུ་༧གོང་ས་མཆོག་དབུ་བཞུགས་ཐོག སྤྲེལ་ལོའི་སྤྲེལ་ཟླའི་ཚེས་བཅུའི་མཛད་སྒོ་ཚོགས་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཨོ་རྒྱུན་ཧེ་རུ་ཀ་དགོན་པའི་སྤྲུལ་སྐུ། གནས་ཆུང་སྐུ་རྟེན་དང་སྐུ་རྟེན་གཞན་རྣམས་བཅས་ཞུགས་ཡོད་འདུག སྐབས་དེར་གནས་ཆུང་ཆོས་རྒྱལ་ཆེན་པོ་གཙོ་བྱས་ཏེ་ཆོས་སྐྱོང་གཞན་རྣམས་སྦྱན་འདྲེན་ཞུས་ཡོད་པ་དང་། གུ་རུའི་སྐུ་བརྙན་ཆེན་པོ་ཞིག་ལ་རྒྱལ་མཚན་རུ་དར་གྱིས་བརྒྱན་ཏེ་མཚོ་སྐོར་དུ་གདན་དྲངས་ཡོད་འདུག

tibettimes-2

ཉིན་རྒྱབ་༧གོང་ས་མཆོག་གསུང་ཆོས་ར་བར་ཞབས་སོར་བཀོད་དེ། མི་མང་ལ་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་བཀའ་དབང་བསྩལ་ཡོད་འདུག བཀའ་ཆོས་དབུ་འཛུགས་སྟེང་༧གོང་ས་མཆོག་གིས་གསུངས་དོན། ཐུགས་རྗེ་ཆེན་པོས་བསྐལ་པ་ནས་བསྐལ་པ་ལན་གྲངས་དུ་མར་བསྒོམས་པའི་ལག་རྗེས་སངས་རྒྱས་ཀྱི་གོ་འཕང་སྔོན་དུ་མཛད་པའི་དགོས་དོན་ནི་གཞན་དོན་བསྒྲུབ་རྒྱུ་རེད། གཞན་དོན་བསྒྲུབ་རྒྱུ་ནི་སངས་རྒྱས་པའི་ལྟ་གྲུབ་ཐོག་ནས་འཇིག་རྟེན་བཀོད་པ་པོ་མི་འདོད་པ་རེད། སེམས་ཅན་རང་གིས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་བཟང་ངན་ལ་བརྟེན་ནས་བདེ་སྡུག་ཡོང་བཞིན་པ་འདི་གསུང་གི་ཡོད། དེ་ལྟ་བུའི་བདེ་སྡུག་ཡོང་རྒྱུའི་རྒྱུ་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཡོང་རྒྱུའི་གཞི་མ་ལྟ་བུ་ལུས་ངག་ཡིད་གསུམ་ཟེར་རྒྱུ་ནི་ལུས་རགས་པ། ཕྲ་བ། ཤིན་ཏུ་ཕྲ་བ། ངག་རགས་པ། ཕྲ་བ། ཤིན་ཏུ་ཕྲ་བ། ཡིད་ལའང་ཡིད་རགས་པ། ཕྲ་བ། ཤིན་ཏུ་ཕྲ་བ་བཅས་གསུང་རྒྱུ་འདུག ལུས་རགས་པའི་སྒོ་ནས་བཤད་པ་ཡིན་ན། ཐོག་མ་དང་མཐའ་མ་ཞེས་བཤད་རྒྱུ་ཡོད། ལུས་སེམས་ཕྲ་མོའི་སྒོ་ནས་བཤད་པ་ཡིན་ན། ཐོག་མ་དང་མཐའ་མེད་ཟེར་རྒྱུ་རེད། ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ཐོག་ནས་བདེ་སྡུག་ཡོང་རྒྱུ་ཡིན་པ་རེད། དེར་བརྟེན་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་གང་འདྲ་ཡོང་དང་མི་ཡོང་ཟེར་རྒྱུའི་རྩ་བ་ཡིད་ཀྱི་ཀུན་སློང་ཐོག་ནས་ཁྱད་པར་ཡོང་གི་ཡོད་སྟབས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། གསུང་གི་འདུག གང་ལྟར་སེམས་དུལ་ན། ལུས་ངག་གི་སྤྱོད་པ་དེ་དག་ཕན་པའི་རང་བཞིན་ལས། གནོད་པའི་རང་བཞིན་ནི་ཡོང་གི་མེད།

དེར་བརྟེན་སེམས་དུལ་མ་དུལ་གྱི་ཐོག་ནས་ལུས་ངག་གི་སྤྱོད་པ་དུལ་མ་དུལ་ཟེར་ན་འདྲ། ཕན་པའི་རང་བཞིན་གྱི་སྤྱོད་པ་ཡོང་གི་ཡོད་དང་གནོད་པའི་རང་བཞིན་གྱི་སྤྱོད་པ་ཡོང་གི་ཡོད་ཟེར་རྒྱུ་འདི་གཙོ་བོ་གཞན་ལ་ཕན་པའི་རང་བཞིན་ཅན་གྱིས་ལུས་དང་ངག་གི་སྤྱོད་པ་དེ་དག་དགེ་བའི་ལས་ཆགས་ཀྱི་ཡོད། གཞན་ལ་གནོད་པའི་རང་བཞིན་གྱིས་ལུས་ངག་གི་སྤྱོད་པ་དེ་དག་སྡིག་པའི་རང་བཞིན་ཆགས་ཀྱི་ཡོད། དེར་བརྟེན་བདེ་སྡུག་ཟེར་རྒྱུ་ནི་ཕྱི་ལ་མཛུབ་མོ་འཛུགས་རྒྱུ་ཞིག་མེད། དཔེར་ན། ང་རང་ཚོར་གློ་བུར་དུ་རྒྱུ་དངོས་པོ་ཡག་པོ་ཡོད་པ་ཡིན་ན། བདེ་སྐྱིད་ཡོང་གི་རེད་བསམ་པ་དྲན་བཞིན་ཡོད། ལུས་པ་བདེ་པོ་ཡོད་ན། བདེ་སྐྱིད་ཡོང་གི་རེད་དྲན་བཞིན་ཡོད། གཙོ་བོ་ཡིད་ལུས་ཀྱི་སྒང་ནས་སྐྱིད་མ་སྐྱིད་ཀྱི་ཧ་ཅང་ཁྱད་པར་འདུག གང་ལྟར་སེམས་དུལ་མ་དུལ་གྱི་ཐོག་ནས་བདེ་སྡུག་ཡོང་གི་ཡོད་སྟབས་སེམས་དུལ་ཐབས་བྱེད་རྒྱུ་འདི་སངས་རྒྱས་ཀྱིས་གསུང་གི་ཡོད། ཅེས་སོགས་གསུངས་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ལས་བསྡུས།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༤ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese