མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེར་བྱེས་གྲྭ་ཚང་གི་མཁན་རབས་དོན་དྲུག་པ་ཁྲི་འདོན།

བོད་ཀྱི་དུས་བབ།
༢༠༡༦/༠༧/༡༩
Share on FacebookShare on TwitterShare on EmailShare on Whatsapp

སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་རབས་དོན་ལྔ་པ་ཏྲེ་ཧོར་དགེ་བཤེས་བློ་བཟང་བདེ་ལེགས་མཆོག་མཁན་པོའི་ལས་ཡུན་ཁྱུར་བའི་ཚབ་ཏུ་སེར་བྱེས་ཏྲེ་ཧོར་དགེ་བཤེས་དགེ་འདུན་ཆོས་འཕེལ་མཆོག་མཁན་རབས་དོན་དྲུག་པར་བསྐོས་ཡོད་འདུག

_MG_0458ཁ་སང་ཚེས་ ༡༨ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༡༡ ཐོག སེར་བྱེས་མཁས་སྙན་གྲྭ་ཚང་གི་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སེར་བྱེས་མཁན་སྙན་གྲ་ཚང་གི་མཁན་རབས་དོན་ལྔ་པ་ཏྲེ་ཧོར་དགེ་བཤེས་བློ་བཟང་བདེ་ལེགས་མཆོག་མཁན་པོའི་ལས་ཡུན་ཁྱུར་བའི་ཚབ་ཏུ། སེར་བྱེས་ཏྲེ་ཧོར་དགེ་བཤེས་དགེ་འདུན་ཆོས་འཕེལ་མཆོག་སེར་བྱེས་མཁན་སྙན་གྲ་ཚང་གི་མཁན་རབས་དོན་དྲུག་པར་བསྐོ་བཞག་གནང་བའི་བཀའ་ཡིག་ཕེབས་པ་བཞིན་མཁན་པོར་ཁྲི་འདོན་མཛད་སྒོ་ཚོགས་སོང་།

མཛད་སྒོའི་ཐོག་སེ་ར་བྱེས་སྨད་གཉིས་ཀྱི་མཁན་ལས་ཟུར་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་་ཕྱོགས་བཞུགས་བོད་མིི་མང་སྤྱི་འཐུས་རྣམ་པ་སྦེང་ལོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཏུམ་ཀུར་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་རིས་མེད་དགོན་སྡེ་ཁག་གི་སྐུ་ཚབ་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐུ་ཚབ། སེ་ར་ཐེག་ཆེན་གླིང་གི་ཁང་ཚན་སོ་སོའི་འཐུས་མི། གྲོང་སྡེ་ཁག་གི་མི་མང་བཅས་སེར་སྐྱ་མི་མང་ ༢༠༠ ཙམ་ཞིག་ཕེབས་འདུག་ལ། མཁན་རིན་པོ་ཆེ་བཞུགས་ཁྲིར་འཁོད་རྗེས་རིམ་པ་བཞིན་གསོལ་ཇ་འབྲས་སིལ་དང་མཎྟལ་རྟེན་གསུམ་འདེགས་འབུལ། དེ་བཞིན་མཇལ་དར་སོགས་ཕུལ་སོང་།

སེར་བྱེས་ཏྲེ་ཧོར་དགེ་བཤེས་དགེ་འདུན་ཆོས་འཕེལ་མཆོག་ལ་ཐེངས་འདིར་༧གོང་ས་མཆོག་ནས་སེར་བྱེས་མཁནས་སྙན་གྲ་ཚང་གི་མཁན་རབས་དོན་དྲུག་པར་བསྐོ་བཞག་གནང་བར་དམིགས་བསལ་ཚོར་བ་གང་བྱུང་ཡོ་ད་མེད་སྐོར་བཅར་དྲི་ཞུས་པར། ཁོང་གིས་དེ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེའི་རྗེས་སུ་བཟུང་གི་འདུག་སྙམ་པའི་དགའ་ཚོར་ཡོང་གི་འདུག སྲིད་ཕྱོགས་ནས་བཤད་ཀྱང་ང་ཚོ་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་རང་ཁ་རང་གསོ་བྱེད་ཐུབ་པ་དང་མ་འོངས་བོད་ཀྱི་འཐབ་རྩོད་དེ་མི་རབས་ནས་མི་རབས་བར་གནས་དགོས་བྱུང་ཚེ་དགོན་སྡེ་གྲྭ་ཚང་ཁག་ཡིན་ནའང་བརྟན་པོ་གནས་ཐུབ་དགོས་པ་དེ་གལ་ཆེན་པོ་ཡིན་པ་ལྟར། འདས་པའི་མཁན་པོ་རིམ་བྱོན་རྣམས་ཀྱིས་དེ་ལྟར་གནང་ཡོད་པ་བཞིན་རང་ཉིད་ནས་ཀྱང་དེའི་ཐོག་ག་ཚོད་ཙམ་ཞབས་འདེབས་སྒྲུབ་ཐུབ་ཨེ་ཡོང་སྙམ་པའི་སེམས་ཁྲལ་ཡང་ཡོང་གི་འདུག ཅེས་གསུངས་བྱུང་།

IMG_0570མཁན་རབས་དོན་དྲུག་པ་རྗེ་བཙུན་དགེ་འདུན་ཆོས་འཕེལ་མཆོག་ནི། ༡༩༤༡ ལོར་ཏྲེ་ཧོར་དཀར་མཛེས་གྲོང་ཁྱེར་གྱི་ཉེ་འདབས་སུ་ཆགས་པའི་སུ་ངོ་ཞེས་པའི་གྲོང་ཚོ་ཞིག་ཏུ་ཡབ་ཨ་དགའ་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་བརྒྱད་ཀྱི་སྟེང་དཀར་མཛེས་དགོན་དུ་ཆོས་བཞུགས་གནང་ཞིང་ལོ་ཤས་བཞུགས་རྗེས་གྲྭ་སར་ཕེབས། ༡༩༥༥ ལོར་གདན་ས་ཆེན་པོ་སེ་ར་དགོན་དུ་ཕེབས་ཏེ། སེར་བྱེས་མཁས་སྙན་གྲྭ་ཚང་དུ་གསར་ཞུགས་བྱས་ཏེ་གཞུང་ཀ་པོད་ལྔའི་ཐོག་སློབ་གཉེར་གནང་བ་དང་། བོད་ལ་དུས་གྱུར་བྱུང་རྗེས་བཙན་བྱོལ་དུ་ཕེབས་ཏེ་སྦག་ས་ཆོས་སྒར་དང་བྱེས་ཀྱི་སེ་ར་དགོན་དུ་རིམ་བཞིན་སློབ་གཉེར་འཕྲོ་སྐྱོང་གནང་། ལྷག་དོན་གདན་སའི་ནང་ལོ་མང་རིང་གྲྭ་གཞོན་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་གནང་སྟེ་ད་ལྟའི་ཆར་དགུང་གྲངས་ ༧༦ ལ་ཕེབས་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༨ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༩ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༩ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༤ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese