མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སང་ཉིན་སྟོབས་རྒྱལ་ལགས་རྒྱང་རྒྱུག་གནང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

སང་ཉིན་ཕྱི་དྲོར་ལྷོ་ཨ་མི་རི་ཁའི་བྷར་རྫིལ་(Brazil)རྒྱལ་ཁབ་ཏུ་འཚོགས་བཞིན་པའི་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་སྟེང་། རྨིད་ ༥༠༠༠ ཅན་གྱི་སྐྱེས་པའི་རྒྱང་རྒྱུག་འགྲན་བསྡུར་སྟེང་། བོད་པའི་ཕོ་གསར་སྟོབས་རྒྱལ་ལགས་ཞུགས་རྒྱུ་རེད།

སྟོབས་རྒྱལ་ལགས་དང་ཁོང་གི་རྩལ་འཁྲིད་པ་སྐལ་བཟང་ཚེ་རིང་ལགས།

ཆུ་ཚོད། རྒྱ་གར་གྱི་ཚེས་ ༢༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦།༠༠ །

བོད་ནང་གི་ཕྱི་ཚེས་ ༢༡ ཉིན་གྱི་དགོང་མོའི་ཆུ་ཚོད་ ༨།༣༠ །

ཨ་རིའི་ཚེས་ ༢༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨།༣༠ །

ཡུ་རོབ་ཧྥ་རན་སིའི་ཕྱི་ཚེས་ ༢༡ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༣༠ །

རྒྱང་རྒྱུག་འགྲན་བསྡུར་དེ་རྒྱ་གར་གྱི་བརྙན་འཕྲིན་(Star Sport)དང་། རྒྱ་ནག་གི་བརྙན་འཕྲིན་(CCTV5)། ཨ་རིའི་བརྙན་འཕྲིན་(NBC) སོགས་སུ་ཐད་གཏོང་བྱ་འཆར་ཡོད་འདུག

སྟོབས་རྒྱལ་ལགས་ནི། ༡༩༩༤ ལོའི་ཟླ་ ༢ པའི་ཚེས་ ༡༦ ཉིན་ལྷ་ས་སྟག་རྩེ་རྫོང་དར་རྒྱས་ཤིང་དུ་སྐྱེས་ཤིང་། ༢༠༠༩ ལོ་ནས་བོད་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭའི་རྒྱུག་ཤར་སྦྱོང་བརྡར་ནང་ཞུགས་ཏེ་ ༢༠༡༡ ལོར་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་རྒྱུག་ཤར་འགྲན་བསྡུར་ཁྲོད་གྲུབ་འབྲས་ཆེན་པོ་བླངས་པ་དང་། ༢༠༡༤ ལོར་ལྷོ་ཀོ་རི་ཡར་ཚོགས་པའི་ཨེ་ཤ་ཡའི་རྩེད་འགྲན་སྟེང་རྨིད་ ༥༠༠༠ ཅན་གྱི་སྐྱེས་པའི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་ཨང་ ༡༢ པ་དང་། ༢༠༡༥ ལོར་རྒྱ་ནག་ཨིའུ་ཧྭན་དུ་ཚོགས་པའི་ཨེ་ཤ་ཡའི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་ཨང་ ༥ པ་བཅས་ཐོབ་སྟེ། ད་སྔ་ཁྱོན་རྒྱ་ནག་ནང་ཁུལ་དང་ཕྱི་ལོགས་བཅས་ནས་གསེར་གྱི་རྟགས་མ་ ༨ དང་། དངུལ་གྱི་རྟགས་མ་ ༢ ། ཟངས་ཀྱི་རྟགས་མ་ ༥ ཐོབ་ཡོད་འདུག

རྒྱ་ནག་གི་གནས་ཚུལ་ནང་འཁོད་པ་ལྟར་ན། སྟོབས་རྒྱལ་ལགས་ནི་བོད་རང་སྐྱོང་ལྗོངས་ཁོངས་ནས་ ༡༩༨༨ ལོར་མདའ་འཕེན་ལུས་རྩལ་པ་རྡོ་རྗེ་ཆོས་དབྱངས་ལགས་ལྷོ་ཀོ་རི་ཡར་ཨོ་ལིམ་ཕིག་རྩེད་འགྲན་སྟེང་ཞུགས་པའི་རྗེས་ཀྱི་ཨོ་རྩེད་སྟེང་ཞུགས་མཁན་གཉིས་པ་དེ་ཆགས་ཡོད་འདུག

ཐེངས་འདིའི་ཨོ་རྩེད་སྟེང་རྒྱ་ནག་གི་རྩེད་འགྲན་རུ་ཁག་གི་མིང་ཐོག་ནས་བོད་མི་ལུས་རྩལ་པ་གཉིས་མཉམ་ཞུགས་གནང་ཡོད་པ་དང་། མདང་ནུབ་རྒྱ་གར་གྱི་ཆུ་ཚོད་ ༡༡།༠༠ སྟེང་། སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འདུར་རྒྱུག་འགྲན་བསྡུར་ཁྲོད། བོད་པའི་བུ་མོ་ཆོས་དབྱངས་སྐྱིད་ལགས་ཞུགས་ཏེ་ཨང་ལྔ་པ་ཆགས་ཡོད།

ཐེངས་འདིར་ཁྱོན་འགྲན་ཞུགས་པ་ ༦༣ ཡོད་པའི་ཁྲོད་ནས་ཨང་དང་པོ་རྒྱ་ནག་གི་བུ་མོ་ལེའུ་ཧོང་(Liu Hong)ཞུ་བ་དུས་ཡུན་(1:28:35)དང་། ཨང་གཉིས་པ་མེག་སི་ཁོའོ་བུ་མོ་ (Maria Guadalupe Gonzalez)ཞུ་བ་དུས་ཡུན་(1:28:37)། ཨང་གསུམ་པ་རྒྱ་ནག་གི་བུ་མོ་(Lu Xiuzhi)་ཞུ་བ་དུས་ཡུན་(1:28:42)། ཨང་བཞི་པ་ཨི་ཊ་ལིའི་བུ་མོ་(Antonella Palmisano)ཞུ་བ་དུས་ཡུན་(1:29:03)། ཨང་ལྔ་པ་བོད་པའི་བུ་མོ་ཆོས་དབྱངས་སྐྱིད་ལགས་དུས་ཡུན་(1:29:04)བཅས་ཆགས་ཏེ། ཨང་དང་པོ་ལེའུ་དང་ཨང་ལྔ་པ་ཆོས་དབྱངས་སྐྱིད་ཀྱི་བར་སྐར་ཆ་ ༢༩ ཙམ་གྱི་ཁྱད་པར་ཤོར་ཡོད་པ་རེད།

༢༠༡༢ ལོའི་དབྱིན་ཇུ་ལོན་ཌོན་ཨོ་རྩེད་འདུར་རྒྱུག་འགྲན་བསྡུར་ཁྲོད། ཐོག་མ་ཆོས་དབྱངས་སྐྱིད་ལགས་སུ་ཨང་གསུམ་པ་ཐོབ་པར་ངོས་འཛིན་གྱིས་ཟངས་ཀྱི་རྟགས་མ་སྤྲད་ཡོད་ཀྱང་། ཨང་གཉིས་པ་འཐོབ་མཁན་ར་ཤི་ཡའི་བུ་མོ་(Kaniskina)ཞུ་བ་དེས་སྨན་རྫས་བེད་སྤྱོད་བཏང་ཡོད་པ་རྗེས་ལ་ཤེས་རྟོགས་བྱུང་སྟེ། ཆོས་དབྱངས་སྐྱིད་བསྐྱར་དུ་ཨང་གཉིས་པ་དངུལ་གྱི་རྟགས་མ་ཐོབ་པར་ངོས་འཛིན་བྱུང་ཡོད་པ་རེད།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༠ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢༠ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

༢༠༢༦/༠༣/༡༡
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 1

  1. བཀྲ་ཤིས། says:
    ལོ་ 10 སྔོན།

    སྟོབས་རྒྱལ་གྱི་རྒྱུག་ཤར་མགོ་བཙུགས་སོང་། ཁོང་གིས་ཐེངས་འདི་ཨོ་རྩལ་སྟེང་ནས་ཨང་དང་པོ་ལེན་པར་ཤོག སྟོབས་རྒྱལ་རྒྱལ་ལོ། བོད་རྒྱལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese