མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་གསར་བ།

བོད་ཀྱི་དུས་བབ།
༢༠༡༦/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲིན་ཆོན་གོ་ཞིན་ཅང་རང་སྐྱོང་ཁུལ་དམར་ཤོག་ཚོགས་པའི་མགོ་ཁྲིད་དུ་གནས་སྤོར་བཏང་སྟེ་ཚབ་ཏུ་ཝུ་ཡེན་ཅེ་ཟེར་བ་ཞིག་བསྐོས་ཡོད་འདུག

Chen Wuཁ་སང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༢༨ ཉིན་ཝུ་ཡེན་ཅེ་ (Wu Yingjie) ཟེར་བ་ཞིག་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་ཏེ། དེ་སྔའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲིན་ཆོན་གོ་ (Chen Quanguo)ཤར་ཏུར་ཀི་སི་ཐན་ནམ་ཞིན་ཅང་རང་སྐྱོང་ཁུལ་དམར་ཤོག་ཚོགས་པའི་མགོ་ཁྲིད་དུ་གནས་སྤོ་བྱས་ཡོད་པ་དང་། ད་ལྟའི་ཞིན་ཅང་རང་སྐྱོང་ཁུལ་གྱི་དམར་ཤོག་ཚོགས་པའི་མགོ་ཁྲིད་ཀྲང་ཁྲུན་ཞིན་ (Zhang Chunxian) པེ་ཅིན་དུ་གནས་སྤོར་བྱ་རྒྱུ་ཙམ་ལས་ཁོའི་གོ་གནས་ད་སྔ་གཏན་འཁེལ་བྱས་མེད་འདུག

རྒྱལ་སྤྱིའི་བོད་རིག་པའི་མཁས་པ་སྐུ་ཞབས་ཁི་ལོ་ཌི་ཨར་ཕེ་ (Claude Arpi) ལགས་ཀྱིས་ཁོང་གི་དྲ་ཚིགས་སྟེང་སྤེལ་བའི་གནས་ཚུལ་ཞིག་གི་ནང་། ཐེངས་འདིར་གསར་དུ་བསྐོས་པའི་བོད་རང་སྐྱོང་ལྗངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་ཡེན་ཅེ་ཕྱི་ལོ་ ༡༩༥༦ ལོར་ཧྲན་ཏུང་ཞིང་ཆེན་གྱི་ཁྲང་ཡེ་ (Changyi) རྫོང་དུ་སྐྱེས་པ་དང་། ད་ལྟ་ལོ་ ༥༩ ཡིན་ཞིང་། རིག་གནས་གསར་བརྗེ་ཆེན་མོའི་རྗེས་ཀྱི་ཕྱི་ལོ་ ༡༩༧༤ ལོར་ནག་ཆུ་ས་ཁུལ་དུ་ཡོང་བ་དང་། ཕྱི་ལོ་ ༡༩༧༧ ལོར་བོད་རང་སྐྱོང་ལྗོངས་ནུབ་རྒྱུད་ཀྱི་གློག་ཁང་ཞིག་གི་ནང་ལས་ཀ་བྱས། ཕྱི་ལོ་ ༡༩༩༨ ལོར་བོད་རང་སྐྱོང་ལྗོངས་སློབ་གསོ་ལྷན་ཁང་གི་དྲུང་ཆེ་གཞོན་པ་དང་། ཕྱི་ལོ་ ༢༠༠༥ ལོར་དྲིལ་བསྒྲགས་ལྷན་ཁང་གི་འགན་འཛིན། ཕྱི་ལོ་ ༢༠༠༦ ལོར་བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ་དང་། ཕྱི་ལོ་ ༢༠༡༣ ལོར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་གཙོ་འཛིན་གཞོན་པ། ད་ལོའི་ཕྱི་ཟླ་ ༨ ཚེས་ ༢༨ ཉིན་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་ཡོད་སྐོར་འཁོད་འདུག

གནས་ཚུལ་འདིའི་མཇུག་ཏུ། ཧུ་ནན་ཞིང་ཆེན་གྱི་མགོ་ཁྲིད་ཞུ་ཧྲུ་ཧྲང་ (Xu Shousheng) གི་ཚབ་ཏུ་ཌུ་ཅ་ཧྭ་ (Du Jiahao) ཟེར་བ་ཞིག་དང་། ཡུན་ནན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་མགོ་ཁྲིད་ལེ་ཅེ་ཧྭིང་ (Li Jiheng) གི་ཚབ་ཏུ་ཡུན་ནན་ཞིང་ཆེན་གྱི་མགོ་ཁྲིད་ཁྲིན་ཧྭ་ (Chen Hao) ཟེར་བ་ཞིག་བཅས་སུ་འཕོ་འགྱུར་བཏང་ཡོད་སྐོར་བརྗོད་འདུག

གནས་ཚུལ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་གྱིས་ཞིང་ལྗོངས་གསུམ་གྱི་མགོ་ཁྲིད་ལ་འཕོ་འགྱུར་གཏོང་དོན་གཙོ་བོ་རང་ཉིད་ཀྱི་ཕྱོགས་གཏོགས་དཔོན་རིགས་ཚོར་ལོ་ ༥ རེའི་ནང་ཐེངས་རེར་འཚོགས་བཞིན་པའི་སང་ལོའི་སྟོན་ཁའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ ༡༩ བའི་སྔོན་ལ་གོ་གནས་གང་མང་གོ་སྒྲིག་བྱས་ཏེ། སྟོན་ཁའི་འཐུས་ཚོགས་སྟེང་རྒྱུན་ལས་ ༧ དང་ཚོགས་མི་སྣ་ ༢༥ ཡིས་གྲུབ་པའི་དབུས་ཆབ་སྲིད་ལྷན་ཁང་གི་དཔོན་རིགས་ཚོའི་གོ་དབང་ལ་འཕོ་འགྱུར་གཏོང་རྒྱུར་སྟབས་བདེ་བཟོ་བཞིན་ཡོད་སྐོར་ཡང་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༦ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

ཆུ་ཚོད་ ༢༤ སྔོན་ལ།
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese