མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ཉེན་རྟོག་པས་མི་མང་ངོ་རྒོལ་ལ་དྲག་གནོན་བྱས།

བོད་ཀྱི་དུས་བབ།
༢༠༡༦/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ས་གནས་དྲག་ཆས་ཉེན་རྟོག་རུ་ཁག་གིས་ཝུ་ཁན་མི་མང་གི་ངོ་རྒོལ་ལས་འགུལ་ལ་དྲག་གནོན་བྱས་ཏེ་ཡུལ་མི་ ༡༣ འཛིན་བཟུང་བྱས་ཡོད་འདུག

Screen-Shot-2016-09-13-at-3.43.52-PM

ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཞོགས་པའི་ཐོ་རངས་ཆུ་ཚོད་ ༤ ཙམ་ལ་རྒྱ་ནག་ལྷོ་རྒྱུད་ཀོང་ཏུང་ཞིང་ཆེན་གྱི་ཝུ་ཁན་ (Wukan) གྲོང་གསེབ་ཏུ། ས་གནས་རྒྱ་ནག་དྲག་ཆས་ཉེན་རྟོག་རུ་ཁག་གིས་གློ་བུར་དུ་ཝུ་ཁན་ཡུལ་མིའི་སྡོད་ཁང་ནང་གློ་བུར་སྔོག་བཤེར་བྱས་ཏེ། དེ་སྔ་ས་གནས་དེའི་མི་མང་ཚོས་གཞུང་ལ་ངོ་རྒོལ་རབས་དང་རིམ་པ་བྱེད་སྐབས་ཀྱི་སྣེ་ཁྲིད་དོགས་ཡོད་མི་སྣ་ ༡༣ འཛིན་བཟུང་བྱས་པ་མ་ཟད། མི་མང་ཐོག་འགྱིག་མདེལ་དང་དུག་རླངས་སོགས་སྤྱད་དེ་དྲག་གནོན་བྱེད་སྐབས། མི་མང་གིས་རྡོ་དང་སོ་ཕག་སོགས་འཕངས་ཏེ་དྲག་ཆས་ཉེན་རྟོག་པར་འཐབ་འཛིང་བྱས་ཡོད་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་གི་ཆབ་སྲིད་ཞིབ་འཇུག་པ་ཕོན་ (Poon) ཟེར་བ་ཞིག་གིས། ཐེངས་འདིའི་ཝུ་ཁན་ས་གནས་མི་མང་དང་དྲག་ཆས་ཉེན་རྟོག་བར་གྱི་འཁྲུག་འཛིང་སྐོར་ལ་རྒྱུས་ལོན་གསལ་བོ་བྱེད་ཐབས་མེད་ནའང་། དྲག་ཆས་ཉེན་རྟོགས་པས་ས་གནས་ལས་འགུལ་བ་མང་པོ་འཛིན་བཟུང་བྱས་ཡོད་པ་དང་། རྒྱ་ནག་གི་དབང་འཛིན་དཔོན་རིགས་ཚོས་ཝུ་ཁན་ས་གནས་མི་མང་གི་ངོ་རྒོལ་ལས་འགུལ་ལ་དྲག་གནོན་བྱེད་དོན་གཙོ་བོ་ཝུ་ཁན་ས་གནས་ཀྱི་ས་ཞིང་བདག་དབང་གི་རྩོད་གླེང་དང་འབྲེལ་བའི་ས་གནས་གྲོང་གསེབ་གཞན་དག་ནང་དུའང་ངོ་རྒོལ་ལས་འགུལ་སྤེལ་སྲིད་པར་དོགས་གཞི་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ལུ་ཧྥིང་ (Lufeng) སྤྱི་བདེ་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཝུ་ཁན་ས་གནས་ཀྱི་གནད་དོན་ཞི་འཇགས་གཏོང་བཞིན་ཡོད་པས། ལུ་ཧྥིང་ཉེན་རྟོག་ཁང་གིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཞིར་བཟུང་གིས་ཝུ་ཁན་ས་གནས་སུ་བྱུང་བའི་གནས་ཚུལ་རིགས་འུད་སྒྲོག་བྱེད་མཁན་དང་ཁྲིམས་འགལ་གྱི་ལས་འགུལ་སྤེལ་མཁན་ཚང་མ་འཛིན་བཟུང་བྱེད་རྒྱུ་ཡིན་སྐོར་བཀོད་འདུག

POWERPNT_2016-09-14_11-28-01

གནས་ཚུལ་ལྟར་ན། ཝུ་ཁན་ས་གནས་སུ་འབྱུང་བཞིན་པའི་དཀའ་རྙོག་འདིའི་ཐད་རྒྱལ་སྟེང་དོ་སྣང་དང་གླེང་སློང་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། གནད་དོན་འདིའི་འབྱུང་རྐྱེན་གཙོ་བོ་ནི། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༩ ཚེས་ ༢༡ ནས་ ༢༣ བར་ས་གནས་སྲིད་གཞུང་གི་དཔོན་རིགས་ཚོས་མི་མང་གི་ས་ཞིང་མང་པོ་བཙན་འཕྲོག་བྱས་ཏེ་ས་ཁང་འཛུགས་སྐྲུན་ཁེ་ལས་སྡེ་ཁག་ལ་བཙོང་བར་བརྟེན་ནས། ས་གནས་མི་མང་སྟོང་ཕྲག་མང་པོ་ས་གནས་སྲིད་གཞུང་དང་ཉེན་རྟོག་ཁང་། བཟོ་ལས་ཐོན་སྐྱེད་ཁང་སོགས་ཀྱི་སྒོ་འགྲམ་དུ་འདུ་འཛོམས་གྱིས། “ང་ཚོའི་ས་ཞིང་ཕྱིར་སྤྲོད། ང་ཚོར་ས་ཞིང་རྨོ་འདེབས་བྱེད་དུ་འཇུག་རོགས།” ཞེས་འབོད་ཚིག་བསྒྲགས་ཏེ་ངོ་རྒོལ་བྱས་ཡོད།

ཕྱིས་སུ་གོང་རིམ་ནས་ཝུ་ཁན་ས་གནས་མི་མང་གིས་ས་གནས་མགོ་ཁྲིད་འོས་འདེམས་བྱས་ཆོག་ལུགས་བཤད་ཀྱང་། ད་ལོའི་ཕྱི་ཟླ་ ༦ པའི་ཚེས་ ༡༨ ཉིན་དྲག་ཆས་ཉེན་རྟོག་རུ་ཁག་གིས་ཝུ་ཁན་ས་གནས་ཡུལ་མི་ཚོས་འོས་འདེམས་བྱས་པའི་མགོ་ཁྲིད་ལེན་ཙུ་ལུན་ (Lin Zuluan) གྱིས་གཞུང་འབྲེལ་མིན་པའི་ལས་མི་ཚོའི་ལག་ནས་ལྐོག་རྔན་བླངས་པའི་ཉེས་འཛུགས་བྱས་ཏེ། ཁོ་རང་ཁྱིམ་ནས་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། ཕྱི་ཟླ་ ༨ ཚེས་ ༨ ཉིན་ཀོང་ཏུང་ཧྥོ་ཧྲན་ (Foshan) འབྲིང་རིམ་མི་མང་ཁྲིམས་ཁང་གིས་ལེན་ཙུ་ལུན་ལ་ལོ་ ༣ གྱི་ཁྲིམས་ཐག་བཅད་པ་དང་། སྐབས་དེར་ཝུ་ཁན་ས་གནས་མི་མང་གིས་ཉིན་ ༤ རིང་ཟས་བཅད་ངོ་རྒོལ་བྱས་པ་མ་ཟད། ལེན་ཙུ་ལུན་འཛིན་བཟུང་བྱས་པ་ནས་ད་ལྟའི་བར་ཉིན་གྲངས་ ༨༥ རིང་ལེན་ཙུ་ལུན་མྱུར་དུ་ཀློད་གྲོལ་གཏོང་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་བཅས་སོགས་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༦ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese