མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲ་རྒྱ་བེད་སྤྱོད་མང་དྲགས་ན་སེམས་ཀྱི་བདེ་ཐང་ལ་གནོད་འཚེ་ཆེ།

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཨེ་མི་ལི་ཚང་(Emily Tsang)གིས་སྤེལ།
སྐལ་ལྡན་གྱིས་བསྒྱུར།

གློག་ཀླད་དང་སྟབས་བདེའི་ཁ་པར་སི་མ་ཊ་ཧྥོན་(Smartphone)གྱི་དུང་བས་བསླུས་པའི་ན་གཞོན་སློབ་ཕྲུག་མང་པོས་སློབ་གྲྭར་མི་འགྲོ་བའི་དཀའ་ངལ་ཇེ་མང་ནས་ཇེ་མང་རེད།

Screen Shot 2016-09-20 at 10.18.53 pm

ཧོང་ཀོང་ཏུང་ཝའི་སྨན་ཁང་གི་ཁྱབ་ཁོངས་ཀྱི་ངན་གོམས་སྔོན་འགོག་དང་བཅོས་ཐབས་ཚན་པ་(Integrated Centre on Addiction Prevention and Treatment)ཞེས་པས་འགྲེལ་བརྗོད་བྱས་པ་ལྟར་ན། དུས་ཚོད་མང་པོ་དྲ་ཐོག་ཏུ་བེད་སྤྱོད་བྱེད་པའི་མི་རྣམས་སེམས་ཁམས་དང་འབྲེལ་བའི་ནད་རིགས་འདྲ་མིན་གྱིས་མནར་བའི་ཉེན་ཁ་ཆེ་བ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དྲ་རྒྱ་བེད་སྤྱོད་(cyber addict)ངན་གོམས་སུ་གྱུར་བའི་མི་བཞི་ཆ་གཅིག་ཙམ་ཡིད་ཞུམ་པ་དང་འཁྲུལ་སྣང་ཆེ་བའི་ནད་ཀྱིས་གནར་བ་ཤེས་རྟོགས་བྱུང་ཡོད་པ་རེད། ཚན་པ་དེ་གའི་ཇུས་སྟོན་པ་ཨལ་ཌཱ་ཆང་(Dr. Elda Chan)ལགས་ཀྱིས་ཚན་པའི་སྟངས་འཛིན་འོག་ད་ཆ་ནད་པ་ལོ་ན་ཆུང་ཤོས་ལོ་ ༡༠ ཡིན་སྐོར་བརྗོད་ཡོད།

ཕྱི་ལོ་ ༢༠༡༢ ལོ་ནས་ཚན་པ་དེར་གློག་ཀླད་དང་སྟབས་བདེའི་བརྙན་ཆས་རིགས། དེ་བཞིན། འཁྲུལ་ཆས་གཞན་བེད་སྤྱོད་ཀྱིས་ཡིད་སེམས་མི་བདེ་(compulsive behavior)བའི་དཀའ་ངལ་འཕྲད་པའི་ནད་པ་གྲངས་ ༢༧༢ ཙམ་གྱིས་རོགས་སྐྱོར་ཞུས་ཡོད། དེ་དག་ཁྲོད་མང་ཆེ་བ་དྲ་ལམ་གྱི་རྩེད་མོ་(online games)དང་དྲ་ལམ་གྱི་འཆལ་སྤྱོད་(pornography)ཐོག་ངན་ལང་ཤུགས་ཆེ་ཤོར་བའི་ན་གཞོན་ལོ་ན་ ༡༧ མན་ཡིན་པ་དང་། ན་གཞོན་བཅུ་ཆ་གཅིག་ཙམ་ངན་གོམས་ཤུགས་ཆེ་དྲགས་པའི་རྐྱེན་གྱིས་སློབ་གྲྭར་ཡང་འགྲོ་བསྐྱོད་བྱེད་ཀྱི་མེད་པ་རེད། འགའ་ཞིག་གིས་ཟླ་བ་མང་པོ་སློབ་གྲྭ་ལས་གཡོལ་གྱི་ཡོད་པ་རེད།

མི་སྣ་རྒན་པའི་ཁྲོད་དྲ་རྒྱ་བེད་སྤྱོད་ངན་གོམས་ཤོར་བ་ལོ་ན་ ༦༠ ཡན་ཡོད་ལ། ངན་གོམས་འཆོར་གཞི་དྲ་ལམ་གྱི་ཉོ་ཚོང་དང་རྒྱན་རྩེད་རིགས་ཆགས་ཡོད་པ་དང་། རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་དཔལ་འབྱོར་གྱི་དཀའ་ངལ་དང་འབྲེལ་བའི་སེམས་ངལ་ཡོང་གི་ཡོད་པ་རེད།

ཨལ་ཌཱ་ཆང་ལགས་ཀྱིས་ལོ་ན་ ༡༩ སོན་པའི་གཞོན་ནུ་ཞིག་གི་གནད་དོན་སྐོར་བརྗོད་དོན། གཞོན་ནུ་དེས་ལོ་ ༡༤ ནས་གྷེམ་བྷོའི་(Game Boy)ཞེས་པའི་ཕྲུ་གུའི་བརྙན་འཕྲུལ་རྩེད་ཆས་རྩེ་མགོ་བཙུགས་ཡོད་པ་དང་། རིམ་གྱིས་དྲ་ཐོག་གི་རྩེད་མོར་ངན་གོམས་ཤོར་ཡོད་པ་རེད། ཁོ་པས་སློབ་གྲྭ་འཚོགས་པའི་དུས་སྐབས་སུ་ཉུང་མཐར་ཆུ་ཚོད་ལྔ་ཙམ་དང་། སློབ་གྲྭ་གུང་གསེང་སྐབས་ཉིན་ཧྲིལ་པོའམ་གཉིད་ལ་ཡུར་བའི་དུས་ཡུན་མ་གཏོགས་དྲ་ལམ་གྱི་རྩེད་མོར་རོལ་གྱི་ཡོད། དྲ་ཐོག་ཏུ་གྲོགས་འདྲིས་བྱུང་བའི་གྲོགས་པོ་དང་ལྷན་དུ་འབྲེལ་འདྲིས་ལེགས་པའི་ཚོར་སྣང་ལས་འཚོ་བ་དངོས་ཀྱི་གྲོགས་པོ་དང་འབྲེལ་ལམ་གཏན་ཆད་དུ་གྱུར་ཡོད་པ་རེད། ཁོས་དྲ་ཐོག་ནས་རྩེད་མོའི་ལག་འཛིན་(game cards)ཉོ་བའི་གོམས་གཤིས་ལང་ཤོར་གྱིས་ཧོང་ཀོང་ཌོ་ལར་ཁྲི་བཞི་ཙམ་གྱི་བུ་ལོན་ཡང་ཟུག་ཡོད་པ་རེད། ལོ་གཉིས་གོང་ནས་ཁོ་པས་ཚན་པ་འདིའི་རོགས་སྐྱོར་ཞུས་ཡོད་པ་དང་། ད་ཆ་སེམས་ངལ་གྱི་ནད་ཀྱིས་མནར་བཞིན་ཡོད་ཞེས་གསུངས།

ཧོང་ཀོང་འཕྲོད་བསྟེན་ལྷན་ཁང་གིས་ཕྱི་ལོ་ ༢༠༡༤ ལོར་ཞིབ་འཇུག་བྱས་པ་བརྒྱུད། ལོ་དེར་ལོ་ན་ ༡༥ ནས་ ༢༤ བར་གྱི་གཞོན་སྐྱེས་བརྒྱ་ཆ་ ༥༡.༧ གྱིས་བདུན་ཕྲག་རེར་དུས་ཡུན་ཆུ་ཚོད་ ༢༠ ནས་ ༥༠ བར་དྲ་ཐོག་ཏུ་བེད་སྤྱོད་བྱས་ཡོད། ཕྱི་ལོ་ ༢༠༠༣ ལོར་ཞིབ་འཇུག་བྱས་པ་དང་བསྡུར་ན་བརྒྱ་ཆ་ ༣༢.༣ འཕར་ཡོད་པ་དང་། ལོ་ན་ ༡༠ ནས་ ༡༤ བར་གྱིས་ཕྱི་ལོ་ ༢༠༠༣ ལོར་དྲ་ཐོག་ཏུ་བེད་སྤྱོད་བྱས་པའི་དུས་ཡུན་བརྒྱ་ཆ་ ༡༦.༣ ཡིན་པ་དང་ ༢༠༡༤ ལོར་ ༣༧.༤ ཟིན་ཡོད་པ་རེད།

འཕྲོད་བསྟེན་ལྷན་ཁང་དེའི་སློབ་ཕྲུག་གི་འཕྲོད་བསྟེན་ལམ་སྟོན་པ་ཐོ་མ་སེ་ཆུང་ཝའི་ཧུང་(Dr. Thomas Chung Wai-hung)གིས་ད་ལྟའི་ཆར་སྟབས་བདེའི་ཁ་པར་སི་མ་ཊ་ཧྥོན་(Smartphone)ཉིན་རེའི་དགོས་མཁོ་ཆེ་ཤོས་ཅིག་ཆགས་ཡོད་པར་བརྟེན། དྲ་ཐོག་ཏུ་དུས་ཚོད་བེད་སྤྱོད་པའི་སྤྱིའི་བརྒྱ་ཆ་དེ་བས་ཇེ་མཐོར་འགྲོ་ངེས་ཡིན་ཞེས་གསུངས།

ད་དུང་ཁོང་གིས་དྲ་རྒྱ་དང་གློག་རྡུལ་བརྙན་ཆས་རིགས་ཀྱི་ཐོག་ཇི་ཙམ་དུས་ཡུང་མང་བ་བཏང་བ་དེས་ན་གཞོན་རྣམས་ཀྱི་སྤྱི་ཚོགས་འབྲེལ་ལམ་(Social skill)གྱི་ནུས་པ་གོང་མཐོར་འགྲོ་བར་འགོག་རྐྱེན་བཟོ་བ་དང་། ན་གཞོན་ཚོར་དགོས་ངེས་ཀྱི་གཉིད་ལ་བར་ཆད་ཀྱིས་ལུས་སེམས་འཚར་ལོངས་ལ་ཡང་གནོད་སྐྱོན་ཡོང་ངེས་ཡིན་ཞེས་གསུངས།

སྨན་པ་ཐོ་མ་སེ་ཆུང་ཝའི་ཧུང་གིས་མི་རྣམས་ཀྱི་ངེས་པར་ལུས་པོ་གཡོ་འགུལ་གྱི་བྱེད་སྒོ་རྣམ་གཞག་ཐོག་དུས་ཚོད་མང་ཙམ་གཏོང་བ་དང་། དྲ་ལམ་གྱི་ལས་དོན་ལས་ངལ་གསོ་གང་མང་རྒྱག་ཐུབ་པ་བྱེད་དགོས་ཞེས་ལམ་སྟོན་གནང་།

མ་རྩོམ་འབྲེལ་ཐག http://www.scmp.com/news/hong-kong/health-environment/article/2020460/too-much-internet-can-ruin-your-mental-health-says

 

 

 

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

ཆུ་ཚོད་ ༨ སྔོན་ལ།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

ཆུ་ཚོད་ ༩ སྔོན་ལ།
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

ཆུ་ཚོད་ ༩ སྔོན་ལ།
Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

༢༠༢༦/༠༨/༢༢
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese