མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཨ་རིའི་སློབ་དེབ་དང་དཔེ་སྟོན་སློབ་གྲྭའི་སྐོར་ལ་གསལ་བཤད་གནང་།

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཤེས་རིག་བཀའ་བློན་མཆོག་གིས་བྱང་ཨ་རིའི་སློབ་དེབ་ཀྱིས་བོད་སྐད་གོ་བརྡ་སྤྲོད་ཐབས་ཙམ་ལས་བོད་པའི་ཆོས་དང་རིག་གཞུང་། བརྡ་སྤྲོད་སོགས་ཀྱི་དམིགས་ཡུལ་བཟུང་མེད་སྐོར་དང་། དཔེ་སྟོན་སློབ་གྲྭ་འཛིན་གྲྭ་དགུ་བ་བཅུ་བ་ཅོན་ཏ་རའི་འོག་ཟླ་སྒྲིལ་གཏོང་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

IMG_5249དེ་རིང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་། ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གནང་སྐབས། སྤྱི་འཐུས་ཚོས་ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་བྱས་པའི་བྱང་ཨ་རིའི་བཟའ་མཇུག་སློབ་དེབ་ནང་ཁ་སྐད་གཙོ་བོར་བཟུང་སྟེ། བོད་པའི་བརྡ་སྤྲོད་ནང་གི་བྱེད་སྒྲ་དང་འབྲེལ་སྒྲ་མང་པོ་ཞིག་མེད་པ་བཟོས་ཡོད་པ། དཔེར་ན། ང་ཁ་པར་གཏོང་གི་ཡོད། ང་ཟ་མ་བཟའ་བཞིན་ཡོད། ཟེར་བ་སོགས་ཀྱི་ཡིག་ནོར་དང་བརྡ་ནོར་མང་པོ་ཞིག་འཁོད་ཡོད་པ་དེ་རྒྱ་ནག་གི་རིག་གསར་སྐབས་བོད་ཡིག་ལ་གཏོར་བརླག་བཏང་བ་དང་གཅིག་མཚུངས་ཆགས་ཀྱི་ཡོད་སྐོར་བརྗོད་སོང་ལ། སྤྱི་འཐུས་རེ་གཉིས་ཤིག་གིས་སློབ་དེབ་དེའི་ནང་ནོར་འཁྲུལ་ཡོད་པ་དངོས་ཡོད་ཡིན་ཡང་། ཕྱི་རྒྱལ་ཁག་གི་བོད་ཕྲུག་ཚོར་བརྡ་སྤྲོད་སྙན་ངག་སོགས་ཀྱི་རེ་བ་ཆེན་པོ་རྒྱག་རྒྱུ་མེད་པར། བོད་སྐད་དང་བོད་ཡིག་གོ་བརྡ་སྤྲོད་ཐབས་ཙམ་གཙོ་བོར་འཛིན་དགོས་སྟབས། ཐབས་ཤེས་འདྲ་མིན་མི་འཐེན་ཐབས་མེད་ཡིན་སྐོར་ཡང་བརྗོད་སོང་།

བྱང་ཨ་རིའི་གཟའ་མཇུག་སློབ་དེབ་སྐོར་ལ་ཤེས་རིག་བཀའ་བློན་མཆོག་གིས་གསལ་བཤད་གནང་དོན། “གོང་དུ་སྤྱི་འཐུས་གཅིག་གིས་ཐོག་མ་ང་ཚོར་སྔགས་བརྗོད་གནང་སོང་ཡང་། རྗེས་ལ་རྒྱ་མི་ལས་སྡུག་པ་རེད་ཟེར་བ་དེར་ངོས་ལེན་རྩ་བ་ནས་ཞུ་ཐུབ་ཀྱི་མི་འདུག བྱང་ཨ་རིའི་སློབ་གྲྭ་དེ་བཙུགས་ནས་ལོ་ ༢༠ འགྲོ་བཞིན་ཡོད་པ་རེད། སྔོན་ཆད་ཁོ་རང་ཚོར་སློབ་དེབ་ལོགས་སུ་མེད་པར་ཤེས་རིག་གི་སློབ་དེབ་སློབ་ཁྲིད་ཀྱིན་ཡོད་པ་དང་། དེ་ས་གནས་ཀྱི་གནས་སྟངས་ལ་དེ་ཙམ་འཚམ་པོ་མེད་སྟབས། བཀའ་ཤག་སྐབས་བཅུ་བཞི་པས་དེ་ལ་ལག་པ་འཆིང་པ་རེད། སྤྱིར་བཏང་ང་ཚོས་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མང་པོ་ཞིག་ཤོད་བཞིན་ཡོད་ཀྱང་། དོན་ངོ་མའི་ཐོག་བྱང་ཨ་རིའི་སློབ་ཕྲུག་ཚོའི་གནས་སྟངས་ལ་ལྟ་དགོས་པ་གལ་ཆེན་པོ་ཞེ་དྲགས་རེད། ཁོ་རང་ཚོའི་བོད་སྐད་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་རེད།”

“༢༠༡༢ ལོར་ཨ་རིའི་ཁ་ལི་ཧྥོ་ནེ་ཡར་ཨ་རིའི་སྐུ་ཚབ་དོན་གཅོད་དབུ་བཞུགས་ཐོག་ཚོགས་འདུ་ཚོགས་ཏེ། གཅིག་གྱུར་གྱི་སློབ་དེབ་ཅིག་བཟོ་རྒྱུ་ཐག་གིས་བཅད་ནས་སྡེ་ཚན་གསུམ་དུ་བགོས་པ་རེད། སྔོན་འགྲོ་དང་པོ་གཉིས་པ་སྡེ་ཚན་གཅིག་དང་། གསུམ་པ་བཞི་པ་ལྔ་པ་སྡེ་ཚན་གཅིག དྲུག་པ་བདུན་པ་བརྒྱད་པ་སྡེ་ཚན་གཅིག་བཅས་སྡེ་ཚན་གསུམ་དུ་ཚོགས་ཆུང་ཆ་བསྒོས་བྱས་ཏེ། བྱང་ཨ་རིའི་དགེ་རྒན་ཉམས་མྱོང་ཅན་མང་པོ་ཞིག་མཉམ་རུབ་བྱས་ཏེ་སློབ་དེབ་དེ་དག་རྩོམ་སྒྲིག་གནང་བ་རེད། མཐའ་མའི་གཏན་འབེབས་དེ་ཤེས་རིག་ལས་ཁུངས་ཀྱིས་གནང་རྒྱུའི་ཐག་གཅོད་བྱུང་བ་ལྟར། ༢༠༡༣ ལོར་ཨ་རིའི་དོན་གཅོད་ཡོད་སར་ཚོགས་འདུ་ཚོགས་ཏེ། ཚོགས་ཆུང་ཁག་གིས་བཟོས་པའི་སློབ་དེབ་ཁག་ལ་གོ་བསྡུར་གནང་བ་རེད། སྐབས་དེར་ཤེས་རིག་ལས་ཁུངས་ཀྱི་མི་སྣའང་ཡོད་པ་རེད།”

“སློབ་དེབ་དེའི་སྡེ་ཚན་དང་པོའི་དམིགས་ཡུལ་སྐད་བསླབ་རྒྱུ་དང་། གཉིས་པ་ཀློག་སྟངས་བསླབ་རྒྱུ། གསུམ་པ་འབྲི་སྟངས་བསླབ་རྒྱུ་དེ་གསུམ་མ་གཏོགས་བོད་པའི་ཆོས་དང་རིག་གཞུང་། བརྡ་སྤྲོད་བསླབ་རྒྱུ་སོགས་ཀྱི་རེ་བ་གང་ཡང་བརྒྱབ་ཡོད་པ་མ་རེད། ཕར་ཕྱོགས་ཀྱི་གནས་བབ་ཐོག་ནས་ཀྱང་རེ་བ་རྒྱག་ས་ཡོད་པ་མ་རེད། ལོ་གཅིག་ལ་ཆུ་ཚོད་ ༤༡ གི་སློབ་ཐུན་མ་གཏོགས་ཡོད་པ་མ་རེད་ལ། དུས་ཚོད་དེའི་ནང་ཟློས་གར་དང་ནང་ཆོས་ངོ་སྤྲོད་སོགས་ཀྱང་ཡོད་པ་རེད།”

“སློབ་དེབ་དེ་དག་ལ་ཤོག་ངོས་ ༦༠༩ ཡོད་པ་ལས་བོད་པའི་བརྡ་སྤྲོད་དང་མཐུན་གྱི་མེད་པའི་ཤོག་ངོས་ ༩ ཙམ་ལས་ཡོད་པ་མ་རེད། བརྡ་སྤྲོད་དང་མཐུན་པའི་ཤོག་ངོས་ ༦༠༠ ཡོད་པ་རེད། དེ་བརྒྱ་ཆར་བཀུག་ན་བརྒྱ་ཆ་༡།༥༠ ཙམ་མ་འགྲིག་པ་དང་། བརྒྱ་ཆ་ ༩༨།༥༠ འགྲིག་པ་ཆགས་ཡོད་པ་རེད། འདས་པའི་ལོ་ ༢༠ རིང་གང་ཡང་མ་བྱས་ན་བཤད་མཁན་ཡོད་པ་མ་རེད། ༧གོང་ས་མཆོག་གིས་ག་ཚོད་ཅིག་བྱས་ན་དེ་ཙམ་ཞིག་བཤད་རྒྱུ་མང་པོ་ཡོད་པ་རེད་གསུངས་པ་དེ་ང་ཚོའི་ལས་བྱེད་ཚོའི་སེམས་ནང་བཟུང་བསྡད་ཡོད།”

“གནད་དོན་དེའི་སྐོར་སྤྱི་ཚོགས་དྲ་རྒྱའི་ནང་གླེང་སློང་མང་པོ་བྱུང་བ་ཁག་ང་ཚོས་ཕྱོགས་བསྒྲིགས་བྱས་ཏེ་ཉར་བསྡད་ཡོད། ང་ཚོ་བོད་སྐད་ཡིག་རྩ་མེད་བཟོ་མཁན་རེད་ཟེར་བ་དང་། རྒྱ་མི་ལས་སྡུག་པ་རེད་ཟེར་བ་སོགས་ཡོང་གི་འདུག ཡིན་ནའང་གྲོས་ཚོགས་འདི་ལྟ་བུའི་ནང་དུ་རྒྱ་མི་ལས་སྡུག་པ་འདུག་ཟེར་ན་ངོས་ལེན་བྱེད་ཐབས་རྩ་བ་ནས་ཡོད་པ་མ་རེད། ངས་ཤེས་རིག་བཀའ་བློན་གྱི་མིང་ཞིག་འཁྱེར་བསྡད་ཡོད་པ་རེད། འགྲིག་གི་མེད་ན་ང་རང་རེད། རྒྱ་མི་ལས་སྡུག་པ་ཡིན་ན་ངས་ད་ལྟ་རང་དགོངས་པ་ཞུ་ཆོག་ཆོག་ཡོད། ངས་ཀྱང་ཤེས་རིག་ལས་ཁུངས་ཀྱི་འགན་ཆེན་པོ་འདི་ལྟ་བུ་ཞིག་བློས་འགན་བཟོད་ཀྱི་མི་འདུག” ཅེས་སོགས་གསུངས་པ་དང་འབྲེལ་ཏེ། བོད་ཀྱི་བང་ཆེན་ནང་དུ་ང་ཚོའི་སློབ་དེབ་དེར་སྔགས་བརྗོད་བྱེད་མཁན་ཡོད་ཚུལ་དང་། བྱང་ཨ་རིའི་སློབ་དེབ་དེ་དག་ད་ལྟའི་ཆར་ཚོད་ལྟ་ཡིན་སྐོར་སོགས་གསུངས་སོང་།

གཞན། སྤྱི་འཐུས་རེ་གཉིས་ཤིག་གིས་དྷ་ཤོད་དཔེ་སྟོན་སློབ་གྲྭ་དེ་བོད་གཞུང་དམངས་གཉིས་ཀྱིས་རེ་བ་རྒྱག་ས་ཞིག་དང་། ལྷག་པར་དུ་བཀའ་ཤག་སྐབས་སྔ་མའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བུ་ཕྲུག་བཞིན་སྐྱོང་བའི་སློབ་གྲྭ་ཞིག་ཆགས་ཡོད་ཀྱང་། ད་ལྟའི་ཆར་སློབ་གྲྭ་དེའི་འཛིན་ཁང་དང་ཉལ་ཁང་། རྩེད་ཐང་སོགས་ཧ་ཅང་སྐྱོ་བོ་ཡིན་ཚུལ་བརྗོད་པའི་ལན་དུ། ཤེས་རིག་བཀའ་བློན་མཆོག་གིས། དྷ་ཤོད་དཔེ་སྟོན་སློབ་གྲྭའི་གནས་སྟངས་སྐྱོ་བོ་ཡིན་པ་དངོས་ཡོད་ཡིན་ཡང་། སྔོན་ཆད་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་ཉུང་ཕྱིན་པ་དང་བསྟུན་ཏེ། དཔེ་སྟོན་སློབ་གྲྭ་ཤེས་རབ་དགའ་ཚལ་སློབ་གླིང་དུ་གནས་སྤོ་བྱ་རྒྱུའི་འཆར་གཞི་བཏིང་ཡང་། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་ཚོས་མོས་མཐུན་གནང་མེད་པ་སོགས་གནས་སྟངས་འདྲ་མིན་འོག་གནས་སྤོ་བྱེད་ཐུབ་མེད་པ་དང་། རྩ་བའི་དཔེ་སྟོན་སློབ་གྲྭར་སློབ་ཕྲུག་ཉུང་ཉུང་ཡིན་སྟབས་སྡེ་ཚན་མང་པོར་དགར་ན་འཛིན་སྐྱོང་བྱེད་པར་ཡང་དཀའ་ངལ་ཡོད་སྟབས། ད་ལྟ་དཔེ་སྟོན་སློབ་གྲྭའི་སྔོན་འགྲོ་ནས་འཛིན་རིམ་གསུམ་པའི་བར་གངས་སྐྱིད་སློབ་གྲྭ་དང་། འཛིན་རིམ་བཞི་པ་ནས་བརྒྱད་པའི་བར་དྷ་ཤོད་སློབ་གྲྭ། འཛིན་རིམ་དགུ་བ་བཅུ་བ་གཉིས་མི་དགོས་པ་བྱས་ཏེ་ཅོན་ཏ་ར་སམ་བྷོ་ཊ་སློབ་གྲྭའི་ཁོངས་སུ་ཟླ་སྒྲིལ་བཏང་སྟེ། དཔེ་སྟོན་སློབ་གྲྭ་དེ་འབྲིང་རིམ་སློབ་གྲྭར་བསྒྱུར་རྒྱུའི་འཆར་གཞི་བཀའ་ཤག་ལ་ཕུལ་བར་བཀའ་ཤག་གིས་ཀྱང་བཀའ་འཁྲོལ་གནང་ཡོད་སྟབས། ༢༠༡༧ ལོ་ནས་ལག་ལེན་བསྟར་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༧ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༨ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༣ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 4

  1. Jampa2020 says:
    ལོ་ 9 སྔོན།

    རྒྱ་དམར་གྱིས་རིག་གསར་སྐབས་བོད་ཡིག་རྩ་མེད་བཟོ་བའི་སྲིད་ཇུས་ལག་སྟར་བྱས་པ་དང་གཅིག་མཚུངས་རེད།
    གང་ལྟར་རྒྱ་གར་ནང་བོད་ནས་གསར་དུ་ཡོན་མཁན་ཉུང་ཉུང་རེད་ལ་ཞི་ཆགས་ཁག་ལ་ཕྲུ་གུ་སྐྱེས་མཁན་དེ་བས་ཉུང་ཉུང་རེད་གཞོན་ནུ་གང་ཡོད་ཕྱི་རྒྱལ་ཡུལ་གྲུ་གང་གསར་འགྲོ་བ་དང་བོད་མིའི་སྒྲིགས་འཛུགས་འོག་ཡོད་པའི་སློབ་གྲ་ཁག་ལ་སློབ་ཞུགས་ལོ་རེ་ནས་ལོ་རེར་ཉུང་དུ་འགྲོ་གི་ཡོད་ གང་ལྟར་བྱེད་སྟངས་ལས་སྟངས་འགྲོ་སྟངས་བཤད་སྟངས་སོགས་ལ་ལྟས་ན་རེ་བ་དང་ཡིད་མཆེད་ག་ཚོད་ཙམ་དང་མ་འོངས་བོད་ཀྱི་སྐད་ཡིག་རིགས་གཞུང་དེའི་ལས་དབང་ཇི་ལྟར་གནས་སམ་

    Reply
  2. བླ་མ། says:
    ལོ་ 9 སྔོན།

    ༢༠༡༦/༠༩/༢༧ ༡༡:༤༣:༡༢

    ད་ལྟའི་བཀའ་ཤག་གིས་བོད་ཀྱི་རིག་གནས་ཀྱི་སྲོག་རྩ་སྐད་ཡིག་ལ་ཐོག་ལ་དོ་སྣང་དང་མཐོང་ཆུང་བྱེད་པ་ནི། འཛིན་རིམ་བཅུ་གཉིས་ཀྱི་སྲིད་སྐྱོང་གཟེངས་བརྟགས་སྤྲོད་ཚུལ་དེ་ནས་རྟོག་ཐུབ། མ་ཟད་ཟམ་གདོང་རིན་པོ་ཆེའི་ཆ་གཞི་དཔེ་སྟོན་སློབ་གྲར་རྒྱ་བསྐྱེད་དང་། ཡར་རྒྱས་གཏོང་རྒྱུ་ཕར་ཞོག། ད་ལྟ་བར་དུ་ཉལ་ཁང་དང་འཛིན་ཁང་དགེ་རྒན་གྱི་ལས་ཤག་སོགས་གང་ལ་ཡང་བཀའ་གཤག་སྡོན་མ་དང། ད་ལྟ་གཉིས་ཀྱི་ཡར་རྒྱས་གང་ཡང་གཏང་མེད། མ་ཟད་ཕྲུག་གུའི་ཞལ་ལག་དེ་སྔ་མ་ཟམ་གདོང་རིན་པོ་ཆེའི་སྐབས། ཕྲུག་གུའི་འཕྲོད་རྟེན་དང་ཚར་ལོངས་སོགས་ལ་དགོངས་པ་ཆེར་བཞེས་ཀྱིས། རྫས་ལུས་མེད་པའི་སྲོལ་རྒྱུན་གྱི་འབྲུ་རིགས་དང་སྔོ་ཚལ་སོགས་གནང་གི་ཡོད་ཀྱང་། དེ་ལྟར་གནང་རྒྱུ་ཕར་ཞོག ད་ལྟ་ཕྲུག་གུའི་གྲོད་པ་མ་འབྲང་བའི་དཀའ་ངལ་ཡོད།། ད་ཡིན་ན་ཡར་རྒྱས་གཏོང་བའི་དུས་ལ་བབ་ཡོད། སྐད་ཆ་སྐམ་པོ་ཀྱང་ཀྱང་མ་གཤོད། ལག་ལེན་གྱིས། ལག་ལེན་གྱིས། ཡར་རྒྱས་གཏོང་། ཡར་རྒྱས་གཏོང་།།།

    Reply
  3. ཙོང་ཁ་སྐལ་བཟང་། says:
    ལོ་ 9 སྔོན།

    གང་ལྟར་བོད་ཀྱི་བརྡ་སྤྲོད་གཞུང་དང་མཐུན་པ་བྱས་ནས་འགྲོ་དགོས་རེད་མ་གཏོགས་དེ་མིན་རང་སྣང་གང་ཤར་བྱས་ཏེ་སོང་ན་ཉིན་ཞིག་བོད་མི་ནང་ཁུལ་དབར་ལའང་ཡིག་ཐོག་ནས་གོ་བརྡ་སྤྲོད་མི་ཐུབ་པའི་དུས་ངན་ཞིག་ཡོང་སྲིད་པ་རེད། བྱང་ཨ་རིའི་སློབ་ཕྲུག་ཚོར་སུམ་རྟགས་གཞུང་གཞིར་བཞག་ཐོག་ཀློག་དེབ་གོ་བདེ་དང་སླ་བོ་ཞིག་བཟོ་ཐུབ་ངེས་རེད།

    Reply
  4. སྐརཁྲི་བཙན། says:
    ལོ་ 9 སྔོན།

    སྒེར་གཅོད་དབང་ཤེད་ཅན་ཚོས་ངོས་ལེན་ཡོད་ཀྱང་མེད་ཀྱང་རྒྱ་དམར་གྱིས་རིག་གསར་སྐབས་བོད་ཡིག་རྩ་མེད་བཟོ་བའི་སྲིད་ཇུས་ལག་སྟར་བྱས་པ་དང་གཅིག་མཚུངས་རེད་ཟེར་མཁན་བོད་ནང་ཁུལ་གྱི་རིག་ཞེན་ཅན་རྣམ་པའི་ནང་ན་མང་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese