མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་མཆོག་གི་སྲིད་བྱུས་ལངས་ཕྱོགས།

བོད་ཀྱི་དུས་བབ།
༢༠༡༦/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

ད་ཆར་ཨ་རིའི་སྲིད་འཛིན་སྐབས་ ༥༨ པའི་འོས་བསྡུ་ཆེན་མོའི་ཚ་རླབས་ཁྲོད་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་(Hillary Clinton)མཆོག་གི་ཕྱི་སྲིད་དང་ནང་སྲིད། རྒྱལ་སྤྱིའི་ཐོག་གི་གནད་དོན་ཆེ་ཁག་བཅས་ཀྱི་ཐད་ལ་འཛིན་པའི་སྲིད་བྱུས་ལངས་ཕྱོགས་དང་ཨ་རིའི་མི་མང་གི་གླེང་ཕྱོགས་ཁག་ཅིག་བསྡུ་བསྒྲིགས་བྱས་ཡོད།

TibetTimes

ལྕམ་ཧེ་ལ་རེ་མཆོག་གིས་ཨེ་ཤ་ཡ་ཞི་བདེ་མཚོ་ཁུལ་གཙོས་པའི་ཨ་རིའི་ཕྱོགས་མཐུན་རྒྱལ་ཁབ་ཉི་ཧོང་དང་ལྷོ་ཀོ་རི་ཡ། དེ་བཞིན། ཨ་རི་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་ཐད་འཛིན་པའི་སྲིད་ཇུས་ལངས་ཕྱོགས་སྐོར་ལ། ཕྱི་ཟླ་ ༨ ཚེས་ ༢༨ ཉིན་གྱི་གཏམ་གླེང་སྐབས་སུ། ཨ་རི་དང་རྒྱ་ནག་གཉིས་ཐུན་མོང་གི་ཁེ་ལས་ཐད་ནས་ཕྱོགས་གཉིས་བར་གྱི་མཉམ་ལས་མཐོར་འདེགས་གཏོང་རྒྱུ་དང་། ལྷོ་ཀོ་རི་ཡ་དང་ཉི་ཧོང་སོགས་ཨ་རིའི་ཕྱོགས་མཐུན་རྒྱལ་ཁབ་ཁག་དང་མཉམ་འབྲེལ་གྱིས་ཨེ་ཤ་ཡ་ཞི་བདེ་མཚོ་ཁུལ་དུ་ཨ་རིའི་དམག་དཔུང་གི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྒྱ་ནག་གིས་ཨ་རིའི་གཞུང་འབྲེལ་དྲ་ལམ་ནང་ལྐོག་འཛུལ་བྱས་ཏེ་ཚོང་དོན་གསང་བ་རྐུ་འཁྱེར་གྱི་དཀའ་རྙོག་ལ་གཏོང་ལེན་བྱེད་རྒྱུ། དེ་བཞིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་སྔར་ལས་ལྷག་པར་གནོན་ཤུགས་སྤྲོད་རྒྱུ་ཡིན་སྐོར་དང་། ཕྱི་ཟླ་ ༧ ཚེས་ ༡༢ ཉིན་སྤེལ་བའི་བསྒྲགས་གཏམ་ཞིག་གི་ནང་། ཁོང་མོས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་གྱི་མཚོ་འགྲུལ་རང་དབང་རྩོད་གླེང་གི་གནད་དོན་དེ་ཨ་རིའི་དཔལ་འབྱོར་ཁེ་ལས་དང་འབྲེལ་བ་དམ་ཟབ་ཡོད་སྟབས། རྒྱལ་སྤྱིའི་མཚོ་འགྲུལ་ཁྲིམས་སྒྲིག་གཞིར་བཟུང་གིས་མཚོ་ཁུལ་དེའི་བདག་དབང་རྩོད་གླེང་ཞི་འགྲིག་ཡོང་ཐབས་ལ་འབད་བརྩོན་ཞུ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

ཕྱི་ཟླ་ ༨ ཚེས་ ༡ ཉིན་གྱི་བཅར་འདྲི་ཞིག་གི་སྐབས་སུ། ལྕམ་ཧེ་ལ་རེ་མཆོག་གིས་ཨུ་རུ་སུའི་གསང་བའི་ལས་ཁུངས་ཁག་གིས་ཨ་རིའི་དམངས་གཙོ་ཚོགས་པའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་ལྷན་ཚོགས་ཀྱི་གློག་ཀླད་ནང་ལྐོག་འཛུལ་བྱས་ཏེ་གསང་བའི་གློག་འཕྲིན་མང་པོ་ཕྱི་བསྒྲགས་བྱ་བའི་ངན་ཇུས་འཐེན་པ་དང་། ཨུ་རུ་སུས་ཨ་རིའི་རྒྱལ་ཡོངས་འོས་བསྡུ་ལ་ཐེ་གཏོགས་བྱས་པའི་གནད་དོན་དེ་ཧ་ཅང་ཛ་དྲག་ཆགས་ཡོད་པ་མ་ཟད། གནད་དོན་དེ་ནི་ཨ་རིའི་རྒྱལ་ཡོངས་བདེ་འཇགས་ཐད་ཀྱི་དཀའ་རྙོག་ཅིག་ཡིན་ནའང་། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་མཆོག་གིས་ད་དུང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་ལ་རྒྱབ་སྐྱོར་བྱས་ཏེ་རྙོག་གླེང་བཟོ་ཡི་ཡོད་སྐོར་བརྗོད་འདུག

ལྕམ་ཧེ་ལ་རེ་མཆོག་གིས་དཀྱིལ་ཤར་ཡུལ་གྲུ་ཁག་ནང་འབྱུང་བཞིན་པའི་འཁྲུག་རྩོད་སྐོར་ལ། ད་ལོའི་ཕྱི་ཟླ་ ༣ ཚེས་ ༢༢ ཉིན་གྱི་གཏམ་བཤད་ནང་། གལ་ཏེ་ཁོང་མོར་ཨ་རིའི་སྲིད་འཛིན་རྒྱལ་ཁ་ཐོབ་པ་ཡིན་ན། ཁོང་མོས་ད་ལྟའི་ཨ་རིའི་གཞུང་གིས་དཀྱིལ་ཡུལ་གྲུ་ཁག་གི་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་བཏང་སྟེ། ལེ་བྷི་ཡ་དང་ཡ་མན། ཨེ་རག་དང་སི་རི་ཡ་བཅས་ཀྱི་ནང་འབྱུང་བཞིན་པའི་འཁྲུག་རྩོད་ཞི་འཇགས་གཏོང་རྒྱུ་ཡིན་སྐོར་དང་། ཕྱི་ཟླ་ ༨ ཚེས་ ༢༤ ཉིན་གྱི་གཏམ་བཤད་ནང་། གལ་ཏེ་ཨེ་རན་རྒྱལ་ཁབ་ཀྱིས་རྡུལ་ཕྲན་མཚོན་ཆར་བརྟེན་ནས་ཨེ་སི་རལ་ལ་བཙན་འཛུལ་བྱས་ན། ཨེ་རན་གཞུང་གིས་ཤེས་དགོས་པ་ཞིག་ལ། ཨ་རིའི་གཞུང་གིས་མཐའ་གཅིག་ཏུ་ཨེ་རན་ལ་བཙན་འཛུལ་བྱ་ངེས་ཡིན་སྐོར་བརྗོད་འདུག

ཕྱི་ཟླ་ ༩ པའི་ཚེས་ ༢༤ ཉིན་ནེའུ་ཡོག་དུས་བབ་གསར་ཁང་གིས་སྤེལ་བའི་དཔྱད་རྩོམ་ཞིག་གི་ནང་། འདས་པའི་མི་ལོ་བརྒྱད་རིང་གི་དམངས་གཙོ་ཚོགས་པའི་སྲིད་དབང་འོག དཀྱིལ་ཤར་ཡུལ་གྲུ་ཁག་དང་ཨེ་ཤ་ཡ། ཨུ་རུ་སུ་དང་ཡུ་རོབ་ཤར་རྒྱུད། དེ་བཞིན། དབྱིན་ཡུལ་བཅས་ཀྱི་དམག་འཁྲུག་དང་འཇིགས་སྐུལ་དྲག་སྤྱོད་པར་འཐབ་འཛིང་བྱེད་ཕྱོགས་ཐད་ནས་རྒྱལ་སྤྱིའི་ཐོག་གི་ཨ་རིའི་སྟོབས་ཤུགས་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་དང་། འདས་པའི་མི་ལོ་ ༤༠ རིང་ལ་ལྕམ་ཧེ་ལ་རེ་མཆོག་གིས་གནད་དོན་དེའི་ཐོག་ཞིབ་འཇུག་རྒྱུས་ལོན་དང་ཁ་གསལ་ལན་འདེབས་གནང་ཡོད་སྟབས། ཁོང་མོའི་སྲིད་དོན་ལངས་ཕྱོགས་ཀྱི་འཇོན་ནུས་དང་ཉམས་མྱོང་། སྲ་བརྟན་དང་བློ་སྤོབས་བཅས་ལ་ཨ་རིའི་མི་མང་གིས་བརྩི་མཐོང་བྱས་ཏེ། ཁོང་མོར་མུ་མཐུད་ཨ་རིའི་རྒྱལ་མང་ལ་ཞབས་ཞུ་བསྒྲུབ་པའི་གོ་སྐབས་སྤྲོད་དགོས་པ་དང་། དེ་བཞིན། འདས་པའི་ལོ་ངོ་ ༨ རིང་ཁོང་མོས་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཁུར་བའི་ལས་ཡུན་རིང་། ལྕམ་ཧེ་ལ་རེ་མཆོག་གིས་ཨ་རིའི་ནང་སྲིད་དང་ཕྱི་སྲིད་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་མ་ཟད། ཁོང་མོའི་གཞོན་དུས་ཀྱི་ལོ་ཟླ་ཡོད་ཚད་ཨ་རིའི་བྱིས་པ་དང་བུད་མེད། ཁྱིམ་ཚང་གི་འཕྲོད་བསྟེན་ལྟ་སྐྱོང་ལས་གཞིའི་ཐོག་བཏང་སྟེ། ཨ་རིའི་གཞོན་སྐྱེས་ས་ཡ་ ༨ ལྷག་གི་འཕྲོད་བསྟེན་ལྟ་སྐྱོང་གི་ཡོང་འབེབས་ཆེ་རུ་བཏང་ཡོད་པ་དང་། ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཚོགས་པའི་བུད་མེད་ཀྱི་ཐོབ་ཐང་སྐོར་གྱི་ཚོགས་ཆེན་ཐོག ལྕམ་ཧེ་ལ་རེ་མཆོག་གིས་བུད་མེད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་ཡིན་པའི་ལྟ་ཚུལ་བཏོན་པ་དང་། ད་ལོར་ཡང་རྒྱལ་ནང་གི་མི་གསོད་ཁྲག་སྦྱོར་གྱི་གནད་དོན་ལ་གཞིགས་ཏེ་ཁོང་མོས་ཨ་རིའི་རྒྱལ་ནང་གི་མེ་མདའ་ཉོ་འཚོང་ངེས་པར་བཀག་སྡོམ་བྱེད་དགོས་པའི་བསམ་ཚུལ་བཏོན་ཡོད་སྐོར་སོགས་བརྗོད་འདུག

ད་ལོའི་ཕྱི་ཟླ་ ༦ ཚེས་ ༡༤ ཉིན་གྱི་གཏམ་བཤད་ནང་། གལ་ཏེ་ཁོང་མོ་ཨ་རིའི་སྲིད་འཛིན་དུ་བདམས་ཐོན་བྱུང་ན། ཁོང་མོས་ཨ་རིའི་རྒྱལ་མང་གི་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་བརྙན་ལེན་འཕྲུལ་ཆས་ཀྱི་མཐུན་རྐྱེན་སྔར་བས་མཐོར་འདེགས་བཏང་སྟེ། རྒྱལ་ནང་གི་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་ཞི་འཇགས་གཏོང་རྒྱུ་ཡིན་སྐོར་དང་། དེང་གི་ཨ་རིའི་སྲིད་འཛིན་གྱི་ལས་འགན་གཙོ་བོ་རྒྱལ་མང་གི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་སྟབས། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་དམག་དཔུང་གི་སྟོབས་ཤུགས་དང་དེའི་འགྲོ་གྲོན་སོགས་སྔར་བས་མཐོར་འདེགས་བཏང་སྟེ། འཇིགས་སྐུལ་དྲག་སྤྱོད་པའི་རྒོལ་འཛིང་ལ་གདོང་ལེན་བྱེད་རྒྱུ་དང་། འཇིགས་སྐུལ་དྲག་སྤྱོད་པའི་བསྟི་གནས་ཁག་རྩ་མེད་བཟོ་རྒྱུ། དེ་བཞིན། རྒྱལ་ནང་གི་དྲག་ཆས་ཉོ་འཚོང་འགོག་སྒོམ་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

ལྕམ་ཧེ་ལ་རེ་མཆོག་གིས་ཨ་རིའི་ཡུལ་སྤོས་སྲིད་ཇུས་སྐོར་ལ། ཕྱི་ཟླ་ ༩ ཚེས་ ༡༥ ཉིན་གྱི་གཏམ་བཤད་ནང་། ད་ལྟའི་ཨ་རིའི་ཡུལ་སྤོས་སྲིད་ཇུས་ལེགས་བཅོས་བཏང་བ་ཡིན་ན། ཨ་རིའི་རྒྱལ་ནང་གི་ཐོན་སྐྱེད་རྩ་འབོར་ལ་ཨ་སྒོར་ཐེར་འབུམ་བརྒྱ་ཕྲག་མང་པོའི་ཁེ་བཟང་འཐོབ་རྒྱུ་ཡིན་པ་མ་ཟད། ཡུལ་སྤོས་སྲིད་ཇུས་ལེགས་བཅོས་གཏོང་རྒྱུ་ནི་ཨ་རིའི་རྒྱལ་ནང་གི་ཡུལ་གྱར་བ་ཚང་མར་མི་རིགས་འདྲ་མཉམ་དང་མི་སེར་ཐོབ་ཐང་རག་པའི་ལམ་ཁ་གཅིག་པུ་དེ་ཡིན་སྐོར་དང་། ཕྱི་ཟླ་ ༩ ཚེས་ ༢༡ ཉིན་གྱི་གཏམ་བཤད་སྐབས། ཁོང་མོས་ཨ་རིའི་ཡུལ་སྤོས་སྲིད་ཇུས་ལ་ལེགས་བཅོས་གཏོང་རྒྱུ་ནི་ངེས་པར་བསྒྲུབ་དགོས་པ་ཞིག་དང་བསྒྲུབ་འོས་པའི་ལས་དོན་ཞིག་ཡིན་ཞིང་། ཡུལ་སྤོས་སྲིད་ཇུས་ལེགས་བཅོས་བཏང་བར་བརྟེན་ནས། ཨ་རིའི་དཔལ་འབྱོར་འཚོལ་སྒྲུབ་ཐད་ལ་ཨ་སྒོར་ཐེར་འབུམ་ ༧༠༠ ཁེ་བཟང་འཐོབ་པ་དང་དུས་མཚུངས་སུ། འཛམ་གླིང་ཕྱོགས་མཐའི་ཡུལ་གྱར་བ་མང་པོ་ཨ་རིའི་ནང་ལྷན་འཛོམས་ཀྱིས་ཁེ་ལས་གསར་བ་གཉེར་ཏེ་སོ་སོའི་མི་ཚེ་དམིགས་འདུན་མངོན་འགྱུར་བྱེད་པ་དང་། སོ་སོའི་འཇོན་ནུས་ལ་བརྟེན་ནས་ཨ་རིའི་རྒྱལ་ཁབ་ཀྱི་སྟོབས་འབྱོར་དང་མཚན་མཐོང་གོང་མཐོར་གཏོང་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

ཨ་རིའི་རྒྱལ་ནང་གི་འཕྲོད་བསྟེན་ལྟ་སྐྱོང་དང་ཤེས་ཡོན་སྲིད་ཇུས་སྐོར་ལ། ད་ལོའི་ཕྱི་ཟླ་ ༣ ཚེས་ ༡ ཉིན་གྱི་དྲ་བརྙན་གཏམ་གླེང་ཞིག་གི་ནང་། ལྕམ་ཧེ་ལ་རེ་མཆོག་གིས་ཨོ་བྷ་མའི་འཕྲོད་བསྟེན་ལྟ་སྐྱོང་གི་སྲིད་ཇུས་ལེགས་བཅོས་བཏང་སྟེ། ནད་པ་ཚོར་བརྟག་དཔྱད་སྨན་བཅོས་ཀྱི་རིན་གོང་འོས་མཚམས་བཟོ་རྒྱུ་དང་། ད་ལོ་གཅིག་པུར་ཨ་རིའི་འཕྲོད་བསྟེན་ལྟ་སྐྱོང་གི་ལས་གཞིའི་ཐད་ཨ་སྒོར་ས་ཡ་ ༤༠༠ དང་ནད་པའི་མཐུན་འགྱུར་ལ་ཨ་སྒོར་ཐེར་འབུམ་གཅིག་བཏང་སྟེ། ནད་པ་ཚོར་དུས་ཐོག་སྨན་བཅོས་ལྟ་སྐྱོང་རག་པའི་རེ་བ་བྱེད་ཀྱི་ཡོད་སྐོར་དང་། ཕྱི་ཟླ་ ༢ ཚེས་ ༡༥ ཉིན་གྱི་གཏམ་བཤད་སྐབས་སུ། ཁོང་མོས་ད་ལྟའི་ཨོ་བྷ་མའི་འཕྲོད་བསྟེན་སྲིད་ཇུས་ལེགས་བཅོས་བཏང་སྟེ། སྐྱེས་པ་ཚོ་ལས་བུད་མེད་ཀྱི་འཕྲོད་བསྟེན་ལྟ་སྐྱོང་ཐད་སྔར་བས་མཐུན་འགྱུར་བྱེད་རྒྱུ་དང་། འཕྲོད་བསྟེན་ལྟ་སྐྱོང་གི་གནད་དོན་ནི་ཨ་རིའི་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་ཆེན་པོ་ཡོད་སྟབས། གལ་ཏེ་ཁོང་མོར་སྲིད་འཛིན་རྒྱལ་ཁ་ཐོབ་པ་ཡིན་ན། ཁོང་མོས་མ་འོངས་པར་ཨ་རིའི་ཁྱིམ་ཚང་གི་འཕྲོད་བསྟེན་གནས་སྟངས་དང་། ལྷག་པར་དུ་བུད་མེད་དང་བྱིས་པའི་འཕྲོད་བསྟེན་ལྟ་སྐྱོང་གི་གནས་བབ་ཡར་རྒྱས་གཏོང་རྒྱུ་ཡིན་སྐོར། དེ་བཞིན། ཕྱི་ཟླ་ ༩ ཚེས་ ༢༠ ཉིན་གྱི་གཏམ་བཤད་ནང་། ཁོང་མོས་ད་ལོའི་ལོ་མཇུག་ནས་ཨ་རིའི་རྒྱལ་ནང་གི་སློབ་ཕྲུག་ཚོའི་སློབ་ཡོན་བུན་དངུལ་འཕར་རྒྱུ་ཡིན་པ་དང་། ཚོད་དཔག་ལྟར་ན། ཨ་རིའི་རྒྱལ་ནང་གི་སློབ་ཕྲུག་ས་ཡ་ ༤༣ གྱི་སློབ་ཡོན་བུན་དངུལ་ཨ་སྒོར་ཐེར་འབུམ་ ༡.༣ ཟིན་གྱི་ཡིན་པ། ད་ལོའི་མཐར་ཕྱིན་འཛིན་གྲྭ་རེ་ནས་ཆ་སྙོམས་སློབ་ཡོན་བུ་དངུལ་ཨ་སྒོར་ཁྲི་ ༣༨ ཟིན་གྱི་ཡོད་དེ་ལོ་སྔོན་མ་བསྡུར་ན་བརྒྱ་ཆ་ ༦ གིས་འཕར་ཡོད་སྐོར་དང་། ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གྱི་གཏམ་བཤད་སྐབས་སུ། ཤེས་ཡོན་སློབ་གསོ་ནི་མིའི་བློ་སྒོ་འབྱེད་བྱེད་ཅིག་ཡིན་ནའང་། མི་མང་པོ་ཞིག་ལ་གོ་སྐབས་དེ་རག་གི་མེད་སྟབས། ཨ་རིའི་རྒྱལ་ནང་གི་སློབ་ཕྲུག་ཚོར་སྔར་ལས་ལྷག་པར་དགེ་རྒན་ལེགས་པོ་དང་སློབ་གྲྭ་ལེགས་པོ་དགོས་ཀྱི་ཡོད་སྟབས། གལ་ཏེ་ཁོང་མོར་སྲིད་འཛིན་རྒྱལ་ཁ་ཐོབ་པ་ཡིན་ན། ཁོང་མོས་ཨ་རིའི་ཤེས་ཡོན་སྲིད་ཇུས་ལ་འཕོར་འགྱུར་གཏང་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

ད་ལོའི་ཕྱི་ཟླ་ ༡ ཚེས་ ༦ ཉིན་གྱི་གཏམ་བཤད་ནང་། ལྕམ་ཧེ་ལ་རེ་མཆོག་གིས་མེ་མདའ་ཉོ་འཚོང་བྱས་པར་བརྟེན་ནས། ཨ་རིའི་རྒྱལ་ནང་དུ་ལོ་རེར་ཉེས་མེད་མི་མང་ཁྲི་ ༣༣ དམར་གསོད་ཐེབས་ཀྱི་ཡོད་སྟབས། ད་ནི་རྒྱལ་ནང་གི་མེ་མདའ་འགོག་སྡོམ་བྱེད་པའི་དུས་ལ་བབ་ཡོད་པ་དང་། ལག་ཏེ་ཁོང་མོ་སྲིད་འཛིན་དུ་བདམས་ཐོན་བྱུང་ཚེ། ཁོང་མོས་འཇིགས་སྐུལ་དྲག་སྤྱོད་དང་འབྲེལ་བའི་མེ་མདའ་ཉོ་འཚོང་གི་གནད་དོན་རིགས་གཏན་འགོག་བྱས་ཏེ། རྒྱལ་ནང་གི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་སྔོན་འགོག་ལ་འབད་བརྩོན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཕྱི་ཟླ་ ༩ ཚེས་ ༢༥ ཉིན་ཨ་རིའི་སྲིད་འཛིན་ཟུར་བ་དང་ལས་ཐོག་སྲིད་འཛིན་བཅས་མི་སྣ་ ༥ ཡིས་དམངས་གཙོ་ཚོགས་པའི་འདས་མ་ད་གསུམ་གྱི་སྲིད་སྐྱོང་གི་ལེགས་ཉེས་ལ་གཞིགས་ཏེ། ཁོ་ཚོས་ལྕམ་ཧེ་ལ་རེ་མཆོག་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་ཡོངས་ཁྱབ་གསལ་བསྒྲགས་བྱས་འདུག་ལ། གསལ་བསྒྲགས་དེའི་ནང་ད་ལྟའི་ལས་ཐོག་སྲིད་འཛིན་ཨོ་བྷ་མཆོག་གིས་ཨ་རིའི་སྲིད་འཛིན་འོས་མི་ཚོའི་ཁྲོད་དུ་ལྕམ་ཧེ་ལ་རེ་མཆོག་ལས་ལྷག་པའི་ཤེས་འཇོན་ནུས་ལྡན་ཞིག་མེད་སྐོར་བརྗོད་ཡོད་པ་དང་། སྲིད་འཛིན་ཟུར་བ་བྷེལ་ཁི་ལེན་ཊོན་མཆོག་གིས་ཀྱང་། ལྕམ་ཧེ་ལ་རེ་མཆོག་ནི་དཀའ་རྙོག་ཅི་འདྲ་ཞིག་ལ་འཕྲད་ཀྱང་། ཁོང་མོས་དཀའ་རྙོག་དེ་ལེགས་པོར་སེལ་ཐུབ་པའི་འཇོན་ནུས་ཡོད་སྐོར་བརྗོད་འདུག

ཕྱི་ཟླ་ ༩ པའི་ཚེས་ ༡༧ ཉིན་གྱི་གནས་ཚུལ་ཞིག་གི་ནང་། ཨ་རིའི་དམག་དོན་དང་ཡུལ་གྱར། དེ་བཞིན་འཕྲོད་བསྟེན་ལྟ་སྐྱོང་དང་། ལྷག་པར་དུ་བུད་མེད་ཀྱི་ཐོབ་ཐང་ཐོག་འཛིན་པའི་ལྕམ་ཧེ་ལ་རེ་མཆོག་གི་སྲིད་ཇུས་ལངས་ཕྱོགས་ལ་རྒྱབ་སྐྱོར་གནང་མཁན་མི་མང་བརྒྱ་ཆ་ ༥༧ ཟིན་གྱི་ཡོད་སྐོར་བཀོད་འདུག

ཕྱི་ཟླ་ ༩ ཚེས་ ༢༣ ཉིན་ཨ་རིའི་རྒྱལ་ནང་གསང་བའི་ལས་ཁུངས་ནས་ལྕམ་ཧེ་ལ་རེ་མཆོག་གིས་སྔོན་ཆད་ཨ་རིའི་རྒྱལ་སྲིད་དྲུང་ཆེ་སྐབས་སུ། ཨ་རིའི་གཞུང་འབྲེལ་ལས་དོན་སྐོར་གྱི་གློག་འཕྲིན་སྟོང་ཕྲག་ ༡༥ ཁོང་མོ་སྒེར་གྱི་གློག་འཕྲིན་བརྒྱུད་ནས་བཏང་ཡོད་པ་དང་། དེའི་གྲས་ཀྱི་གློག་འཕྲིན་ ༥༦༠༠ ཨ་རིའི་གཞུང་འབྲེལ་ལས་དོན་དང་འབྲེལ་བ་ཡོད་སྐོར་བརྗོད་འདུག་ནའང་། གནད་དོན་དེ་ད་ལོའི་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་གྱི་རྒྱལ་ཡོངས་འོས་བསྡུའི་རྗེས་སུ་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་ལ། ཕྱི་ཟླ་ ༩ ཚེས་ ༢༤ ཉིན་གྱི་བཅར་འདྲི་ཞིག་གི་ཐོག་ལྕམ་ཧེ་ལ་རེ་མཆོག་གིས་གཞུང་འབྲེལ་ལས་དོན་མང་པོ་ཞིག་ཁོང་མོ་སྒེར་གྱི་གློག་འཕྲིན་བརྒྱུད་ནས་བཏང་བ་དེར་ངོས་ལེན་གནང་མི་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༥ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 1

  1. ཨ་འབར་འཇིགས་དབང། says:
    ལོ་ 10 སྔོན།

    ༅༅། གསར་འགོད་པ་པད་མ་རྒྱལ་ནས་གསར་འགྱུར་ཡག་ཐག་ཆོད་བྲིས་གནང་འདུག་པ་ཐུགས་རྗེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese