མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གླུ་བ་གཉིས་བཙོན་གྲོལ་བཏང་འདུག

བོད་ཀྱི་དུས་བབ།
༢༠༡༦/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གླུ་བ་པདྨ་འཕྲིན་ལས་ལགས་དང་ཕྱག་རྡོར་ལགས་ཀྱི་ ༤ ཡི་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་བཏང་ཡོད་ནའང་། ཁོང་རྣམ་པ་གཉིས་ཀྱི་སྐུ་གཟུགས་གནས་སྟངས་ཤེས་རྟོགས་ཐུབ་མེད་པ་རེད།

444444དེ་རིང་ཕྱི་སྡོད་བོད་མི་ཞིག་གིས་འདི་ག་གསར་ཁང་དུ་གནས་ཚུལ་བཏང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣ ཉིན་མདོ་སྨད་རྔ་པ་ཁུལ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་དང་པོའི་གླུ་བ་པདྨ་འཕྲིན་ལས་དང་། གླུ་བ་ཕྱག་རྡོར་གཉིས་ཀྱི་ལོ་ ༤ བཙོན་འཇུག་གི་དུས་ཡུན་ཚང་སྟེ་ཀློད་གྲོལ་བཏང་ཡོད་པ་དང་། ཁོང་རྣམ་པ་གཉིས་སི་ཁྲོན་གྱི་མེན་ཡཱང་བཙོན་ཁང་ནས་ཕྱིར་ཕ་ཡུལ་དུ་འབྱོར་རྗེས་བཙོན་གྲོགས་ཐེའུ་རང་ལགས་གཙོས་པའི་བོད་ཀྱི་རྩོམ་པ་པོ་དང་ཆབ་སྲིད་བཙོན་ཟུར་བུད་དྷ། བཙོན་ཟུར་ཨ་ཁུ་འཇངས་ཁོ་དང་སངྒྷ་སོགས་ཀྱིས་ཕེབས་བསུ་ཞུས་ཡོད་འདུག

གླུ་བ་པདྨ་འཕྲིན་ལས་དང་ཕྱག་རྡོར་གཉིས་ཀྱིས་རང་ལུས་མེར་སྲེག་སོགས་བོད་ནང་གི་གནས་སྟངས་དང་། ༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ། ཀིརྟི་རིན་པོ་ཆེ་བཅས་ལ་བསྟོད་གླུ་དང་དྲན་གླུ་བླངས་པ། དེ་བཞིན། སྲིད་སྐྱོང་བློ་བཟང་སེང་གེར་བསྟོད་གླུ་བཅས་བླངས་ཡོད་པའི་ཆེད་སྒྲིག་འོད་སྡེར་༼སོས་མེད་རྨ་ཁའི་ཟུག་གཟེར༽ ཞེས་པ་འགྲེམས་སྤེལ་བྱས་པའི་ཉིན་ཤས་རྗེས་སུ་རྨ་ཆུ་རྫོང་ཐོག་ཏུ་འཛིན་བཟུང་བྱས་ཏེ། ཟླ་ ༦ ལྷག་གི་རིང་རྔ་པ་རྫོང་དུ་བཀག་ཉར་བྱས་པ་དང་། ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༢ ནང་ཁོང་གཉིས་ལ་ལོ་ ༤ རེའི་ཁྲིམས་ཐག་བཅད་དེ་སི་ཁྲོན་གྱི་མེན་ཡཱང་བཙོན་ཁང་དུ་བཀག་བསྐྱིལ་བྱས་ཡོད་འདུག

གླུ་བ་པདྨ་འཕྲིན་ལས་ལགས་རང་ལོ་ ༢༢ ཡིན་ཞིང་། ཁོང་གི་ཕ་མིང་ལ་འཛམ་ལྷ་དང་མ་མིང་ལ་ཚེ་རིས་མ་ཟེར་བ་དང་། གླུ་བ་ཕྱག་རྡོར་ལགས་རང་ལོ་ ༣༢ ཡིན་ཞིང་ཕ་མིང་ལ་མཆོག་ལྡན་མདོ་བ་ཟེར་ཞིང་། ཁོང་ནི་རྒྱལ་གཅེས་པ་གཅོད་པ་ལགས་ཀྱི་སྤུན་མཆེད་ཡིན་འདུག

14470562_10210406368657683_4513746778812720174_n

བོད་ཀྱི་རྩོམ་པ་པོ་དང་ཆབ་སྲིད་བཙོན་ཟུར་ཐེའུ་རང་ལགས་ནས་ “སྤུན་ཟླ་འདི་གཉི་གས་གཞས་བཏང་བས་བཙོན་ལ་འགྲོ་དགོས་ཐུག་པ་རེད། ལོ་བཞི་ལ་བཙོན་ནས་བསྡད་བཞག མདང་ནུབ་ཁོང་གཉིས་ཀ་ཕ་ས་ཕ་ཡུལ་དུ་བདེ་ལེགས་ངང་ལོག་ཐུབ་སོང་། གཅིག་གི་མིང་ལ་པད་མ་འཕྲིན་ལས་ཟེར། བཙོན་ཟས་བཙོན་ཆུ་ཅ་ནེ་གཅིག་གི་ནང་ཟ་རོགས་འཐུང་རོགས་ཡིན། གཅིག་གི་མིང་ལ་ཕྱག་རྡོར་ཟེར། ངེད་གཉིས་བཙོན་ཁང་གཅིག་ཡིན་ནའང་། བཙོན་ཁག་ཁ་ཁ་ཡིན། གཉིས་ཀ་ཨ་མདོ་རྔ་བ་རྨེ་རུ་མའི་མྱི་ཡིན། རྨེ་རུ་མ་ནི་རི་སྒང་ཞིག་ན་སོ་ཁང་ཁེར་ཧྲེང་ཧྲེང་ཞིག་ཡོད་ས་དེ་ཡིན། རི་སྒང་དེ་ནས་ཉིན་ཕྱེད་ཙམ་ལ་མྱི་རྟ་སུམ་ཅུ་ལྷག་བཞུད་སོང་” ཞེས་བཀོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧

མཆན། 1

  1. སྲས་སྐུ་ངོ་། says:
    ལོ་ 10 སྔོན།

    ཁྱེད་རྣམ་པ་ལའང་བཙོན་གྲོལ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ།བསམ་དོན་འགྲུབ་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese