མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བླ་རུང་སྒར་གཏོར་བཤིག་མྱུར་དུ་མཚམས་ཞོག

བོད་ཀྱི་དུས་བབ།
༢༠༡༦/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ ༢༠༡༦ ལོར་སེར་རྟ་བླ་རུང་དགོན་པའི་གྲྭ་བཙུན་ ༢༢༠༠ ཕྱིར་འཕུད་བཏང་སྟེ་ ༢༠༡༧ ལོར་དགོན་པའི་གྲྭ་བཙུན་གྱི་བསྡོམས་གྲངས་ ༥༠༠༠ ལ་ཚོད་འཛིན་བྱ་རྒྱུ་ཡིན་ཟེར།

IMG_2109

མདང་དགོང་དྷ་ས་མག་གྷན་བོད་ཁྱིམ་ཉིན་སློབ་ཀྱི་རྩེད་ཐང་དུ་གཞུང་འབྲེལ་མིན་པའི་ཚོགས་པ་ ༥ ཐུན་མོང་གི་གོ་སྒྲིག་འོག་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པའི་ཛ་དྲག་གི་གནས་བབ་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཞིག་སྤེལ་སོང་། ལས་འགུལ་ཐོག་གཞུང་འབྲེལ་མིན་པའི་ཚོགས་ལྔ་ཡི་ཚོགས་གཙོ་རྣམ་པ་དང་དྷ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་ ༡༥༠ ཙམ་འཛོམས་འདུག

བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ལས་འགུལ་སྐོར་ངོ་སྤྲོད་གནང་དོན། ཉེ་ལམ་ནས་རྒྱ་ནག་གཞུང་གིས་དྲག་པོའི་ཐོག་ནས་བོད་ནང་གི་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པར་དཀའ་ངལ་ཤུགས་ཆེན་འཕྲད་ཀྱིན་ཡོད་པ་ལྟར། དེ་རིང་འདིར་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཐུན་མོང་གི་གོ་སྒྲོག་འོག་དྷ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་ཚང་མས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པ་མྱུར་དུ་མཚམས་འཇོག་དགོས་པ་དང་། ད་དུང་མུ་མཐུད་དུ་གཏོར་བཤིག་བཏང་བ་ཡིན་ན། དེས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་ཆེ་རུ་འགྲོ་ཡི་ཡོད་པ་རྒྱ་ནག་གཞུང་གིས་ཤེས་དགོས་པ་དང་། དེ་རིང་གི་ལས་འགུལ་འདི་བརྒྱུད་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མི་མང་། རྒྱལ་སྤྱིའི་རང་དབང་ཚོགས་སྡེ་དང་བོད་དོན་རྒྱབ་སྐྱོར་ཚོགས་སྡེ་ཁག་ཚང་མས་རྒྱ་ནག་གཞུང་ལ་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པ་མྱུར་དུ་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད། ཅེས་དང་། ཨ་རི་དང་ཁེ་ན་ཊ། ཨིན་ཡུལ་དང་ཧྥ་རན་སི། ལ་ཊེན་ཨ་མི་རི་ཀ་དང་སི་པན་སོགས་རྒྱལ་སྤྱིའི་གྲོང་ཁྱེར་ཆེ་ཁག་ ༢༠ ལྷག་ནང་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པའི་ཛ་དྲག་གི་གནས་བབ་ལ་གདུང་སེམས་མཉམ་སྐྱེད་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ལས་འགུལ་དེ་ནི་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་གི་ངོས་ནས་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད། ཅེས་བརྗོད་སོང་།

གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་གསར་འགོད་གསལ་བསྒྲགས་ནང་། ཕྱི་ལོ་ ༢༠༠༡ ནས་བཟུང་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་བཅོས་སྒྲིག་བྱེད་པའི་མིང་ཐོག་ནས་གྲྭ་བཙུན་ཕྱིར་ཕུད་དང་། གྲྭ་ཤག་གཏོར་བཤིག ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་བཀག་བསྡོམས་བྱེད་པའི་ལས་འགུལ་དེ་ཚ་ཚ་འུར་འུར་གྱི་སྒོ་ནས་མགོ་བཙུགས་བྱས་པ་དང་། གནས་ཚུལ་དེ་འདྲའི་འོག་གྲྭ་བཙུན་འགའ་ཤས་རང་ཤི་བརྒྱབ་པ་དང་། སེམས་སྡུག་གིས་མནར་ནས་འདས་གྲོངས་ཕྱིན་པ། འགའ་ཤས་སེམས་པ་ཐང་ཐང་མེད་པར་གྱུར་བ། ཐ་ན་དགོན་པ་དེའི་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་ཀྱང་སྙུང་གཞིས་རྐྱེན་པས་འདས་གྲོངས་སུ་གྱུར་བ་སོགས་ཡིད་སྐྱོ་བའི་གནས་ཚུལ་ཞིག་བྱུང་ཡོད།

འབྲེལ་ཡོད་ཞིབ་འཇུག་གི་སྙན་ཐོ་ལྟར་ན། རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་བྱ་རྒྱུའི་ལས་འཆར་བཀའ་ཁྱབ་ནང་དགོན་པའི་གྲྭ་བ་དང་བཙུན་མ། དགེ་བསྙེན་བཅས་གྲངས་འབོར་ཉུང་འཕྲི་བྱ་རྒྱུ་ཡིན་པ་དང་། ཕྱི་ལོ་ ༢༠༡༦ ལོར་གྲྭ་བཙུན་གྲངས་འབོར་ ༢༢༠༠ ཕྱིར་འཕུད་གཏོང་རྒྱུ་ཡིན། དེའི་ནང་དགེ་བསྙེན་གྲངས་ ༡༠༢༩ དགོན་པ་ལས་ལོགས་སུ་བགར་རྒྱུ་དང་། གྲྭ་བ་དང་བཙུན་མ་གྲངས་ ༡༢༠༠ དགོན་པ་ནས་ཕྱིར་འཕུད་གཏོང་རྒྱུ། དེའི་ཁྲོད་དུ་ཞིང་ཆེན་གཞན་ནས་ཡིན་པའི་གྲྭ་བཙུན་གྲངས་ ༦༠༠ ཚུད་ཡོད། ཕྱི་ལོ་ ༢༠༡༧ ལོར་དགོན་པའི་གྲྭ་བཙུན་སོགས་ཀྱི་ཁྱོན་བསྡོམས་མི་གྲངས་ ༥༠༠༠ ལ་ཚོད་འཛིན་བྱ་དགོས། གལ་སྲིད་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༣༠ སྔོན་ལ་མི་གྲངས་ ༥༠༠༠ དུ་ཚོད་འཛིན་མ་ཐུབ་པ་ཡིན་ན། ༢༠༡༧ ལོར་དགོན་པའི་མི་གྲངས་ཀྱི་མིང་ལྟར་ཕྱིར་འཕུད་གཏོང་བའི་མི་གྲངས་ཇེ་མང་དུ་གཏོང་རྒྱུ་ཡིན། ཞེས་དང་། གསེར་རྟ་བླ་རུང་སྒར་གཏོར་གཤིག་གི་འགན་འཁུར་མཁན་འགྲོ་ཁྲིད་ནི་རྒྱ་རིགས་ཀྲང་ཕེན་སུན་དང་ཏན་ནས་ཁེ། ཚས་ཡས་པང་གསུམ་དང་། འགན་ལེན་མཁན་ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་དང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཁང་། ཁུལ་སློབ་གསོ་སྡེ་ཁག་དང་ཁུལ་སྤྱི་བདེ་ལས་ཁུངས། ཁུལ་མི་དམངས་སྲིད་ལས་ཁུངས་དང་གསེར་རྟ་རྫོང་སྲིད་གཞུང་། ཕྱི་ཡོང་གྲྭ་བཙུན་རྣམས་དང་འབྲེལ་ཡོད་རྫོང་དང་ས་གནས་སྲིད་གཞུང་བཅས་ཡིན་ཞེས་སོགས་བརྗོད་ཡོད་སྐོར་བཀོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༡ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 2

  1. ཨ་འབར་འཇིགས་དབང། says:
    ལོ་ 10 སྔོན།

    ༅༅། བླ་རུང་སྒར་གཏོར་བཤིག་བཏང་པ་དང་ཆོས་བྱེད་སློབ་གཉེར་རྣམས་བཙན་དབང་གིས་ཕྱིར་ཕུད་བཏང་བར་
    འཛམ་རྒྱལ་ཁབ་ནང་རྒྱ་མི་ལ་ངོ་རྒོལ་བྱེད་དགོས་པ་ལས་མཆོད་མེད་ཕུལ་ནས་ངོ་རྒོལ་བྱེད་ནས་ཅི་ལ་ཕན།

    Reply
  2. སྲས་སྐུ་ངོ་། says:
    ལོ་ 10 སྔོན།

    དྲ་ཐག་འདི་བརྒྱུད་ནས་ཚང་མས་ཞུ་གཏུགས་བྱ་རོགས།
    https://www.change.org/p/united-nations-human-rights-council-stand-with-larung-gar-now-world-s-largest-buddhist-monastery-home-to-10-000-facing-demolition

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese