མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གློག་བརྙན་དུས་སྟོན་མགོ་འཛུགས།

བོད་ཀྱི་དུས་བབ།
༢༠༡༦/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

དྷ་རམ་ས་ལའི་རང་དབང་གི་གསར་འགོད་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་ཁ་སང་ཕྱི་དྲོར་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་བོད་ཀྱི་གློག་བརྙན་དུས་སྟོན་དབུ་འཛུགས་གནང་ཡོད་པ་དང་། ད་ལོའི་གློག་བརྙན་དུས་སྟོན་ཐོག་གློག་བརྙན་ ༢༡ གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

Film festivalབོད་ཀྱི་གློག་བརྙན་དུས་སྟོན་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ནས་བོད་ཀྱི་གློག་བརྙན་དུས་སྟོན་སྐོར་ངོ་སྤྲོད་གནང་དོན། ང་ཚོའི་གློག་བརྙན་དུས་སྟོན་གྱི་དམིགས་ཡུལ་གཙོ་བོ་བཙན་བྱོལ་སྤྱི་ཚོགས་ནང་གི་གཞོན་སྐྱེས་ཚོར་གློག་བརྒྱུད་ལམ་སྐོར་གྱི་ཤེས་བྱ་དང་། གློག་བརྙན་སྒྲོག་བཟོ་དང་ཕབ་སྐྲུན། དེ་བཞིན། གློག་བརྙན་བཟོས་ཚར་རྗེས། རྒྱལ་སྤྱིའི་ཁྲོམ་རར་འགྲེམ་སྟངས་སོགས་ཀྱི་སྐོར་ལ་གོ་རྟོགས་སྤེལ་ཆེད་ཡིན། ང་ཚོའི་གཞོན་སྐྱེས་ཁག་ཅིག་གིས་རྩ་ཚང་ལ་མ་ཚང་བའི་སྒྲུང་གཏམ་ཞིག་བྲིས་ཏེ་གློག་བརྙན་ཞིག་བཟོས་རྗེས་མང་ཚོགས་ལ་སྟོན་གྱི་ཡོད་ཀྱང་གློག་བརྙན་དེ་དག་ཡག་པོ་མ་ཆགས་པར་བརྟེན་ནས་ཁོ་ཚོར་རྒྱབ་སྐྱོར་བྱེད་ཀྱི་མི་འདུག་ཅེས་སྐད་རྒྱག་གི་ཡོད་པ་དེ་ནོར་བ་རེད། གང་ཡིན་ཟེར་ན། སྤྱིར་གློག་བརྙན་སློབ་གྲྭ་ཁག་ནས་གློག་བརྙན་སྒྲིག་བཟོ་དང་ཕབ་སྐྲན་བྱེད་སྟངས་ལོ་བཞི་ལྔ་ལ་ཆེད་སྦྱོང་བྱེད་དགོས་ཀྱི་ཡོད་དུས། ཁོ་ཚོར་གློག་བརྙན་སྐོར་གྱི་ཆེད་སྦྱོང་དང་ཉམས་མྱོང་མེད་སྟབས་ཁོ་ཚོའི་གློག་བརྙན་དེར་ལྟད་མོ་བ་ཚོས་དགའ་བསུ་མ་ཐོབ་པ་རེད། དེར་བརྟེན། བོད་ཀྱི་གློག་བརྙན་དུས་སྟོན་འདི་བརྒྱུད་ནས་གཞོན་སྐྱེས་ཚོར་གློག་བརྙན་སྒྲིག་བཟོ་དང་ཕབ་སྐྲུན་བྱེད་སྟངས་སྐོར་གྱི་ཤེས་བྱ་མང་པོ་རག་གི་ཡོད་པ་རེད། ཅེས་བརྗོད་བྱུང་།

ཁོང་གིས་སྔོན་ཆད་ཡིན་ན་ང་ཚོ་བཙོན་བྱོལ་ནང་གློག་བརྙན་དུས་སྟོན་གཅིག་ཀྱང་ཡོད་པ་མ་རེད། དེ་བས་ང་ཚོ་མི་ཁག་ཅིག་གིས་བོད་ཀྱི་གློག་བརྙན་དུས་སྟོན་ཞེས་པ་མགོ་བཙུགས་པ་ཡིན་ལ། དེ་དང་བསྟུན་ནས་དེང་སྐབས་བོད་ཀྱི་གློག་བརྙན་དུས་སྟོན་ཁག་གཉིས་གསུམ་ཞིག་འདུག དེ་ཡང་བཟང་ཕྱོགས་ཀྱི་འཕོ་འགྱུར་ཞིག་ཡིན་པས། དེ་ཧ་ཅང་ཡག་པོ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

བོད་ཀྱི་གཞོན་སྐྱེས་པར་བ་ཀུན་བཟང་བསྟན་འཛིན་ལགས་ཀྱིས། ཁོས་རྒྱ་གར་བྱང་རྒྱུད་ཀྱི་ཝར་ཎ་ས་ཁུལ་གྱི་ཡུལ་མི་ཚོའི་འཚོ་གནས་སྐོར་པར་དུ་བླངས་ནས་བཙན་བྱོལ་སྤྱི་ཚོགས་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་ནས་ཡོང་མཁན་ཡུལ་སྐོར་སྤྲོ་འཆམ་པ་ཚོར་འགྲེམ་སྟོན་བྱེད་ཀྱིན་ཡོད་ལ། དེའི་དམིགས་ཡུལ་གཙོ་བོ་ང་ཚོ་རྒྱ་གར་ནང་སྐྱབས་བཅོལ་དུ་བསྡད་ཡོད་སྟབས། རྒྱ་གར་ཡུལ་མི་ཚོར་དྲིན་གཟོ་ཞུ་ཆེད་ཡིན། ང་རང་པར་བ་ཞིག་ཡིན་པའི་ཆ་ནས། པར་ལེན་ལ་བརྟེན་ནས་སོ་སོའི་ནུས་འཇོན་ལ་དཔག་པའི་རོགས་རམ་བྱེད་ཀྱིན་ཡོད། ཅེས་སོགས་བརྗོད་བྱུང་།

ད་ལོའི་བོད་ཀྱི་གློག་བརྙན་དུས་སྟོན་ཐོག་བོད་ཀྱི་གློག་གཅིག་ཡོད་པ་དང་། རྒྱལ་ཁབ་དབྱིན་ཡུལ་ནས་ཡིན་པའི་གློག་བརྙན་བཟོ་མཁན་ལྕམ་ཝོལ་ཧྥི་ (Woolf) ལགས་ནས་སྒྲིག་བཟོ་ཕབ་སྐྲུན་བྱས་པའི་<<ཝ་ར་ཎ་སའི་མི>><<Humans of Varanasi>>ཞེས་པ་དེ་བོད་ཀྱི་གཞོན་སྐྱེས་པར་བ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་ཝར་ཎ་ས་ཁུལ་གྱི་རྒྱ་གར་དབུལ་གྲོང་གི་ཕྲུ་གུ་ལཱ་སྒྲོན་འཚོང་མཁན་སྐོར་ཞིག་གི་ཉིན་རེའི་འཚོ་བ་དང་ནང་མའི་གནས་སྟངས་སྐོར་གྱི་འདྲ་པར་བླངས་བ་ཞིག་ཡིན་འདུག

གཞན། པར་བ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་ལོ་ཤས་སྔོན་ལའང་བོད་དོན་དང་འབྲེལ་བའི་བརྙན་ཐུང་<<སྤྱི་ལེ་སུམ་སྟོང་བདུན་བརྒྱ་>><<Three Thousand Seven Hundred Kilometre>>ཞེས་པ་ཞིག་ཀོ་རི་ཡའི་སྐད་ནང་སྒྲིག་བཟོ་བྱས་ཏེ་བརྒྱུད་ལམ་ཁག་ནང་བཀྲམ་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

ཆུ་ཚོད་ ༢ སྔོན་ལ།
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese