མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ་སོག་ཡུལ་དུ་ཕེབས་མི་ཆོག་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་གསལ་བསྒྲགས་སྤེལ་ཏེ་སོག་ཡུལ་དང་རྒྱ་ནག་གཉིས་བར་གྱི་བཟང་ཕྱོགས་ཀྱི་འབྲེལ་ལམ་བརྟན་ལྷིང་ཡོང་ཆེད་༧གོང་ཏཱ་ལའི་བླ་མ་སོག་ཡུལ་དུ་ཕེབས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཟེར།

geng_shuang-1དེ་རིང་ཕྱི་དྲོར་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གིང་ཧྲང་ (Geng Shuang) ཟེར་བ་ཞིག་གིས། ཏཱ་ལའི་བླ་མ་རྒྱ་གར་ལ་སྐྱབས་བཅོལ་དུ་ཕྱིན་པ་ནས་ཆོས་ལུགས་ཀྱི་མིང་ཐོག་ནས་བོད་རྒྱ་གཉིས་ཁ་བྲལ་གཏོང་བའི་བྱ་འགུལ་སྤེལ་གྱིན་ཡོད། ང་ཚོས་སོག་ཡུལ་དང་རྒྱ་ནག་གཉིས་བར་གྱི་བཟང་ཕྱོགས་ཀྱི་འབྲེལ་ལམ་བརྟན་ལྷིང་ཡོང་ཆེད་ཏཱ་ལའི་བླ་མ་སོག་ཡུལ་དུ་ཕེབས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། སོག་ཡུལ་ནས་ཏཱ་ལའི་ཤོག་ཁག་ལ་རྒྱབ་སྐྱོར་དང་ཁེ་ཕན་བསྒྲུབ་པར་ཡང་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཅེས་བཤད་འདུག

སོག་ཡུལ་གྱི་ནང་པའི་དགོན་པ་དགའ་ལྡན་ཐེག་ཆེན་གླིང་གིས་གདན་འདྲེན་ཞུས་པ་ལྟར། ༧གོང་ས་མཆོག་ཕྱི་ཚེས་ ༡༩ ནས་ ༢༢ ཉིན་བར་སོག་ཡུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་དང་། ཐེངས་འདིའི་མཛད་འཆར་ཁོངས་སུ་ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་དང་། སོག་ཡུལ་གྱི་མངའ་སྡེ་ཁག་གི་ནང་པའི་དགོན་པ་དང་ཆོས་ཚོགས་ཁག་གི་དབུ་ཁྲིད་དང་མཁན་པོ་ཚོར་བཀའ་སློབ་གནང་རྒྱུ་དང་། སོག་པོའི་རྒྱལ་ས་ཨོ་ལོན་པ་ཋོར་གྱི་སློབ་གྲྭ་ཆེན་མོ་ཁག་ཅིག་ནང་བཀའ་སློབ་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག ཐེངས་འདི་ནི་༧གོང་ས་མཆོག་སོག་ཡུལ་དུ་ཕེབས་ཐེངས་ ༩ དེ་ཆགས་ཀྱི་ཡོད་འདུག

སོག་ཡུལ་དང་རྒྱ་གར་བར་དཔལ་འབྱོར་ཚོང་འབྲེལ་ཤུགས་ཆེན་པོ་ཡོད་པ་དང་། ཉེ་ཆར་རྒྱ་ནག་ནས་སོག་ཡུལ་ལ་ཨ་སྒོར་དུང་ཕྱིར་ ༤།༢ གྱི་བུན་དངུལ་གཡར་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

ཆུ་ཚོད་ ༧ སྔོན་ལ།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

༢༠༢༦/༠༩/༠༨
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

༢༠༢༦/༠༩/༠༨
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧

མཆན། 3

  1. སྨན་པ་བསྟན་འཛིན་གྲགས་པ་ says:
    ལོ་ 10 སྔོན།

    བོད་བརྒྱུད་ནང་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧རྒྱལ་མཆོག་ཕྱག་ན་པདྨོ་མཆོག་སོག་ཡུལ་དུ་ཆིབས་སྒྱུར་གནང་ཐུབ་པ་དེ་སོག་པོ་དད་ལྡན་མང་ཚོགས་རྣམས་ཀྱི་བསོད་ནམས་རེད། སརྦ་མངྒ་ལཾ།

    Reply
  2. karmatakpa says:
    ལོ་ 10 སྔོན།

    བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་ ༡༡་ཚེས་༡༨་ཉིན་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བ་ཏུར་རུ་ཞབས་སོར་བདེ་བར་འཁོད་གནང་མཛད་སོང་།
    དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨུ་ལན་བ་ཏུར་གྱི་ཇན་ཀིསི་ཁཱན་གྱི་གནམ་ཐང་དུ་སོག་ཡུལ་གྱི་ཚོུད་བཞི་དང་ཕྱེད་ཀ་ཙམ་ལ་ཉི་ཧོང་ནས་ཞབས་སོར་འཁོད་སྐབས་སོག་ཡུལ་གཞུང་གི་སྐུ་ཚབ་དང་། དགའ་ལྡན་དགོན་པ་གཙོས་པའི་སོག་ཡུལ་གྱི་དགོན་སྡེ་ཁག་གི་མཁན་པོ་རྣམ་པ། རྒྱ་གར་གཞུང་གི་སྐུ་ཚབ་སོགས་ཕེབས་བསུར་བཅར་ཞིང་། སོག་ཡུལ་དུ་བཅའ་ཞུགས་བོད་རིགས་བླ་སྤྲུལ་དགེ་བཤེས་དང་སོག་ཡུལ་གྱི་དད་ལྡན་པ་ཁག་གཅིག་ཀྱང་ཕེབས་བསུར་བཅར་འདུག
    དེ་རིང་སྔ་ཐོག་ནས་སོག་ཡུལ་གྱི་རྒྱལ་ས་ཨུ་ལཱན་བ་ཏུར་རུ་གངས་བབས་ཤིང་། གནམ་གཤིས་གྲངས་ཚད་ནི་གླད་སྒོར་འོག་གི་Celsius ༢༥་ཙམ་སྟེ། ཧ་ཅང་གྲངས་ངར་ཆེ་བའི་ཉིན་མོ་ཞིག་ཆགས་ཡོད།
    ༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་འཁོར་དང་བཅས་པ་གནམ་ཐང་ནས་ཐད་ཀར་སོག་ཡུལ་གཞུང་གི་གསོལ་མགྲོན་ཁང་ཨེཧཀ་ཏེང་གྷིར་རུ་(Ikh Tenger)གདན་འདྲེན་ཞུས་ཤིང་། གསོལ་མགྲོན་ཁང་དེའི་ནང་རྣམ་ཀུན་ཕྱིའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པ་ཕེབས་སྐབས་བཞུགས་ཡུལ་གྱི་མགྲོན་ཁང་དེ་ཡིན་པ་རེད།
    སང་ཉིན་ཕྱི་ཟླ་༡༡་ཚེས་༡༩་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་གྱི་དགོན་པ་ཆེ་ཤོས། དགའ་ལྡན་ཐེག་ཆེན་གླིང་དུ་གནས་གཟིགས་དང་། དེ་རྗེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སོག་ཡུལ་གྱི་མངའ་སྡེ་༢༡་རྩ་གཅིག་གི་དགོན་སྡེ་ཁག་གི་མཁན་པོ་དང་དབུ་ཁྲིད་རྣམས་ལ་བཀའ་སློབ་སྩོལ་གནང་མཛད་རྒྱུ་དང་། སོག་ཡུལ་ནང་པའི་དབུ་ཁྲིད་ཁཱལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་པའི་བླ་བྲང་དུ་ཞབས་ཅག་གནང་རྒྱུ་ཡིན་འདུག
    སོག་ཡུལ་དགའ་ལྡན་དགོན་པ་འདི་ནི་ཁཱལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་ལྔ་པས་ཕྱི་ལོ་༡༨༠༥་ལོར་ཕྱག་བཏབ་པ་ཞིག་ཡིན་ཞིང་། ཕྱི་ལོ་༡༩༠༤་ལོར་དབྱིན་དམག་བོད་དུ་འབྱོར་སྐབས་༧གོང་ས་རྒྱལ་དབང་༧སྐུ་ཕྲེང་བཅུ་གསུམ་པ་མཆོག་སོག་ཡུལ་དུ་ཉེན་གཡོལ་དུ་ཕེབས་སྐབས་དགོན་པ་འདིར་ཟླ་བ་འགའ་ཤས་རིང་བཞུགས་གནང་མཛད་ཡོད་པ་རེད།
    ད་རེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་བསྐྱངས་པར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་ཀྱང་། སོག་ཡུལ་དགའ་ལྡན་དགོན་པས་ཆིབས་བསྒྱུར་གདན་ཞུ་ཐོག་གཞུང་གི་སྲིད་འཛིན་དང་། སྲིད་བློན། གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་རྒྱབ་སྐྱོར་གནང་པ་ཞིག་ཡིན་འདུག
    སང་ཉིན་ཕྱི་ཚེས་༡༩་ཉིན་རྒྱབ་སོག་ཡུལ་དགའ་ལྡན་དགོན་པའི་སྤྱན་རས་གཟིགས་གྲྭ་ཚང་གི་མདུན་ཐང་དུ་དད་ལྡན་མང་ཚོགས་ལ་བཀའ་སློབ་སྩོལ་གནང་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།

    Reply
  3. རྒྱལ་མཚན says:
    ལོ་ 10 སྔོན།

    རྒྱ་ནག་དམར་པོའི་རིང་ལུགས་རྨོངས་གཉིད་ལས་གྲོལ་ན་བཟང་།། འཛམ་གླིང་ཞི་བདེའི་དེད་དཔོན་འཕགས་མཆོག་ཕྱག་ན་པདྨོ་རྒྱལ་དབང་བསྟན་འཛིན་རྒྱལ་མཚོ་མཆོག་ནི་འགྲོ་བ་སེམས་ཅན་ཀུན་ལ་བྱམས་དང་བརྩེ་བའི་བདག་ཉིད་ཞིག་ཡིན་པའི་མི་སུ་གང་གིས་དགེར་གཅོད་བྱེད་མི་ནུས་བར་མ་ཟད་ཁོང་ལ་དད་གུས་ཆེ་བའི་འཛམ་གླིང་མི་མང་དམངས་གཙོ་གཙོ་འཛིན་བྱེད་མཁན་དག་ལ་ཁྱེད་ཚོའི་རྨི་ལམ་དེ་ནམ་ཡང་འགྲུབ་ཐབས་མེད་པ་ཞིག་ཡིན།།
    ཉིན་ཞིག་རྒྱ་ནག་མི་མང་ཀྱང་དམངས་གཙོ་ཅན་ཏུ་ངེས་པར་དུ་འགྱུར་རྒྱུ་ཡིན་པ་བཤད་ག་ལ་དགོས།། ནམ་ཡང་འགོག་ཐབས་མེད།།

    ལྷག་དོན་བོད་སོག་གཉིས་ནི་མི་རིགས་འདྲ་ཆོས་ཅན་ཞིག་ཡིན་པར་མ་ཟད་ལོ་ངོ་བརྒྱ་ཕྲག་དུ་མའི་ཡར་སྔོན་ནས་ཆོས་སྲིད་གང་གིས་ཆ་ནས་ཀྱང་འབྲེལ་བ་ཧ་ཅིང་གཏེང་ཟབ་ཡོད་མཁན་གྱི་མི་རིགས་ཆེན་པོ་གཉིས་ཡིན།། རྒྱ་ནག་རྒྱལ་ཁོང་ལ་བཀའ་རྒྱ་གཏོང་བ་ནང་བཞིན་ཕྱི་རྒྱལ་དམངས་གཙོའི་རིང་ལུགས་ཅན་དག་ལ་བཀའ་རྒྱ་གཏོང་བ་ནི་སྟོང་བསམ་ཡིན་པ་ཤེས་དགོས།། ངོ་མ་དགོད་ཁ་ཤོར་ཡ་རང་རེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese