རི་བོ་ཇོ་མོ་གླང་མའི་ཉེ་འགྲམ་གྱི་བལ་ཡུལ་ར་མི་ཆབ་དང་སོ་ལུ་ཀུམ་བྷུ་རྫོང་ཁུལ་དུ་ཚད་རིམ་ ༥.༦ ཅན་གྱི་ས་ཡོམ་བྱུང་ཡོད་ནའང་ད་སྔ་ཡུལ་མིའི་ཚེ་སྲོག་དང་སྡོད་ཁང་སོགས་ལ་གནོད་སྐྱོན་ཅི་བྱུང་ཤེས་རྟོགས་བྱུང་མི་འདུག
རྒྱ་གར་གསར་ཁང་ (ANI) གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཞོགས་པའི་ཐོ་རངས་ཁར་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཌུ་ (Kathmandu) ཡི་ཤར་རྒྱུད་ཀྱི་ར་མི་ཆབ་ (Ramechhap) དང་སོ་ལུ་ཀུམ་བྷུ་ (Solukhumbu) རྫོང་ཁུལ་གཉིས་ཀྱི་མཐའ་མཚམས་སུ་ཚད་རིམ་ ༥.༦ ཅན་གྱི་ས་ཡོམ་བྱུང་སྟེ་ཡུལ་མི་མང་པོ་སོ་སོའི་སྡད་ཁང་ནང་སྡོད་མ་ཐུབ་པར་བདེ་འཇགས་ས་གནས་ཁག་ཅིག་ཏུ་སྡོད་དགོས་བྱུང་ཡོད་ནའང་། ད་སྔ་ས་ཁུལ་དེའི་ཡུལ་མི་དང་སྡོད་ཁང་སོགས་ལ་གནད་སྐྱོན་བྱུང་ཡོད་མེད་ཤེས་རྟོགས་བྱུང་མི་འདུག ད་ཆར་བལ་ཡུལ་ས་གནས་ཉེན་རྟོག་ཁང་གིས་ད་ཆར་ས་ཡོམ་བྱུང་སའི་ཡུལ་ངོས་སུ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་སྐོར་བརྗོད་འདུག
ན་ནིང་ ༢༠༡༥ ཟླ་ ༤ ཚེས་ ༢༥ ཉིན་ཚད་རིམ་ ༧.༣ ཅན་གྱི་ས་ཡོམ་ཁྲོད་དུ་མི་མང་ ༩༠༠༠ རྐྱེན་འདས་དང་མི་མང་ ༢༢༠༠༠ ལྷག་རྨས་སྐྱོན་ཕོག་ཡོད་པ་མ་ཟད། ས་ཡོམ་བྱུང་སའི་ཡུལ་ངོས་ཀྱི་སྡོད་ཁང་དང་ཐོག་རྩེག་ཁང་ས་ཡ་ ༡ ཙམ་རྡིབ་སྐྱོན་བྱུང་ཡོད་པ་རེད།
གསར་འགོད་པ། པདྨ་རྒྱལ།
ད་ལྟའི་ཆར་ལ་བ་ཡུལ་ས་ཡོམ་བྱུང་རྐྱེན་གང་ཡོད་མི་པ་ལ་ལྟས་ན་སྐྱོན་ཆ་བྱུང་མེད་རྟགས་རེད།
ཁམས་བཟང་།