མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཀོ་རི་ཡར་དཔལ་འབྱོར་གྱི་ཉེས་ཆད་ཕོག

བོད་ཀྱི་དུས་བབ།
༢༠༡༦/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ལས་འཛིན་ལྷན་ཚོགས་ནས་བྱང་ཀོ་རི་ཡའི་ཕྱིར་ཚོང་དངོས་ཟོག་ལ་ཚོད་འཛིན་བྱས་ཏེ་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུ་ཡིན་འདུག

Untitled-1བྷི་བྷི་སི་ཡིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༣༠ ཉིན། མཉམ་འབྲེལ་རྒྱལ་ཚོགས་ལས་འཛིན་ལྷན་ཚོགས་ནས་བྱང་ཀོ་རི་ཡའི་དཔལ་འབྱོར་གྱི་ཐོན་ཁུངས་ཆེ་ཤོས་རྡོ་སོལ་དང་ལྕགས་སོགས་ཕྱིར་ཚོང་དངོས་ཟོག་ལ་ཚོད་འཛིན་བྱས་ཏེ། རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདའ་བཟོ་སྐྲུན་ལ་བཀག་འགོག་དང་ཉེས་ཆད་གཅོད་པའི་གྲོས་ཆོད་གསར་པ་ཞིག་སྤྱི་མོས་གཏན་འབེབས་བྱུང་ཡོད་པ་དང་། ལོ་ ༢༠༡༧ ཟླ་ ༧ ཚེས་ ༧ ཉིན་ནས་བཟུང་ལག་བསྟར་གནང་རྒྱུ་ཡིན་འདུག

ཐེངས་འདིའི་གྲོས་ཆོད་གསར་པ་དེའི་ནང་། ལོ་རེར་བྱང་ཀོ་རི་ཡའི་རྡོ་སོལ་ཏུན་ཁྲི་ ༧༥༠ ལས་བརྒལ་བ་ཉོ་མི་ཆོག་པ་དང་། དེ་བཞིན། བྱང་ཀོ་རི་ཡའི་ཟངས་དང་གཤའ་དཀར། དངུལ། ཏི་ཚ་ཕྱིར་ཚོང་ལ་བཀག་སྡོམ་བྱ་རྒྱུ་ཡིན་པ་མ་ཟད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ཅིག་ཏུ་བྱང་ཀོ་རི་ཡའི་ཐད་འཕུར་གནམ་གྲུ་དང་གྲུ་གཟིངས། འདྲ་སྐུ་ཕྱིར་ཚོང་བྱེད་བཞིན་པ་འགོག་རྒྱུ་ཡིན་སྐོར་དང་། ཁྲིམས་འགལ་གྱི་ཅ་དངོས་རིགས་དབོར་འདྲེན་བྱེད་པ་འགོག་ཆེད། འབྲེལ་ཡོད་རྒྱལ་ཁབ་རྣམས་ཀྱིས་བྱང་ཀོ་རི་ཡར་འགྲོ་མཁན་འགྲུལ་བ་སྒེར་གྱི་འདྲུད་སྒམ་ལ་ཞིབ་བཤེར་བྱེད་ཆོག་སྐོར་བརྗོད་འདུག

ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་གསར་པ་དེའི་ནང་། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདའི་ལས་གཞིའི་ནང་མཉམ་ཞུགས་བྱས་པའི་ནག་ཉེས་འོག འཛམ་གླིང་སྤྱི་ཡོངས་སུ་ཡུལ་སྐོར་ལྗོངས་རྒྱུའི་ཐོབ་ཐང་མེད་པ་དང་ཤུལ་བཞག་རྒྱུ་ནོར་བེད་མེད་ཁྲིམས་ཆད་ཕོག་པའི་མིང་གཞུང་ནག་པོ་རྒྱ་སྐྱེད་དེ། མི་སྒེར་བ་ ༡༡ གསར་འཇུག་དང་ནང་གསེས་དབྱེ་བ་ ༡༠ བཟོས་ཡོད་པ་དང་། མི་སྒེར་གྱི་མིང་གཞུང་ནག་པོའི་ནང་ཨེ་ཇིབ་དང་འབར་མའི་ནང་གི་བྱང་ཀོ་རི་ཡའི་གཞུང་ཚབ་ཆེན་མོ་ཡང་ཚུད་ཡོད་འདུག

ཐེངས་འདིའི་གྲོས་ཆོད་བརྒྱུད་རྒྱལ་ཚོགས་ལས་འཛིན་ལྷན་ཚོགས་ཀྱིས། བྱང་ཀོ་རི་ཡ་གཞུང་ནས་རྒྱལ་ཁབ་གཞན་གྱི་ཕྱི་འབྲེལ་མི་སྣ་དང་ཕྱི་འབྲེལ་ལས་ཁུངས་བེད་སྤྱོད་བཏང་སྟེ་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་མི་འབྱུང་ཆེད། བྱང་ཀོ་རི་ཡའི་ནང་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་ལས་ཁུངས་ཀྱི་ལས་བྱེད་གྲངས་འབོར་ལ་ཚོད་འཛིན་དགོས་པ་མ་ཟད། ལས་བྱེད་རེ་རེས་དངུལ་ཁང་ནང་དངུལ་བཅོལ་འཇོག་བྱེད་ས་གཅིག་མ་གཏོགས་སྒོ་ཕྱེ་མི་ཆོག་པ་བཟོ་དགོས་པའི་རེ་སྐུལ་བྱས་ཡོད་འདུག

བྱང་ཀོ་རི་ཡ་གཞུང་ནས་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་རིམ་པ་བྱས་ཡོད་པར་བརྟེན། ཕྱི་ལོ་ ༢༠༠༦ ལོ་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ ༡༩༣ ཡིས། བྱང་ཀོ་རི་ཡའི་རྡོ་སོལ་དང་ལྕགས་སོགས་ཉོ་བར་བཀག་སྡོམ་གྱི་གྲོས་ཆོད་བཞག་སྟེ་དཔལ་འབྱོར་གྱི་ཉེས་ཆད་བཏང་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༩ པའི་ནང་བྱང་ཀོ་རི་ཡ་གཞུང་གིས་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་ཐེངས་ལྔ་པ་བྱས་ཡོད་པ་མ་ཟད། ད་ལྟའི་བར་གྱི་ཚོད་ལྟ་གཞི་རྒྱ་ཆེ་ཤོས་དེ་ཆགས་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་འཇིགས་སྐུལ་གཏོང་བའི་བྱ་སྤྱོད་ཅིག་ཡིན་སྐོར་བརྗོད་དེ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པས་མི་ཚད། སྔར་ལས་ཉེས་ཆད་ལྕི་མོ་གཅོད་དགོས་པའི་བསྒྲགས་གཏམ་སྤེལ་ཡོད་པ་ལྟར། འདས་པའི་ཟླ་ ༢ ལྷག་རིང་ཨ་རི་དང་རྒྱ་ནག་གཉིས་ཀྱིས་གོ་བསྡུར་བྱས་པ་བརྒྱུད། ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ ༡༥ ལ་འཆར་ཟིན་ཕུལ་ཏེ་སྤྱི་མོས་གཏན་འབེབས་བྱུང་བ་ཞིག་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༥ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese