ཁ་སང་རྨ་ཆུ་རྫོང་ཐོག་ཏུ་བོད་པའི་རང་དབང་འཐབ་རྩོད་ཆེད་རང་ལུས་མེར་བསྲེགས་གནང་མཁན་ཁོང་གི་མིང་ལ་བཀྲ་ཤིས་རབ་བརྟན་ཟེར་ཞིང་རང་ལོ་སོ་གཅིག་ཡིན་འདུག
བོད་ནས་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ཁ་སང་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦།༡༥ ཙམ་ལ་རྨ་ཆུ་རྫོང་ཐོག་གི་རྨ་ཆུ་ལམ་གྱི་སྲང་བར་དུ། བོད་པའི་བདེན་དོན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་ཁོང་གི་མིང་ལ་བཀྲ་ཤིས་རབ་བརྟན་ཟེར་ཞིང་རང་ལོ་ ༣༡ ཡིན་འདུག
ཁོང་རྨ་ཆུ་རྫོང་ཁྲོ་ཁོ་སྨད་མ་ཡུལ་ཚོའི་བྲག་ཐོ་རུ་ཆེན་གྱི་རྟེའུ་༼དུས༽ཤུལ་རུ་སྐོར་གྱི་མི་ཡིན་པ་དང་། ཁོང་གི་ཕ་མིང་ལ་རྟམ་པེ་དང་མ་མིང་ལ་སྒྲོལ་དཀར་སྐྱིད་ཟེར་ཞིང་ཕ་མ་གཉིས་ཚེ་འདས་ཡིན་འདུག ད་ལྟ་ཁོང་ག་ཤུལ་དུ་བཟའ་ཟླ་དང་བུ་ཕྲུག་གཉིས་ལྷག་ཡོད་འདུག
བཀྲ་ཤིས་རབ་བརྟན་ལགས་ནི། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣ ཉིན་རྒྱ་ནག་གཞུང་ལ་ཞི་རྒོལ་རང་སྲེག་གནང་མཁན་རྒྱལ་གཅེས་དཔའ་མོ་ཚེ་རིང་སྐྱིད་ཀྱི་ཕ་བསོད་ནམས་ཡེ་ཤེས་ཀྱི་ཕུ་བོའི་བུ་ཡིན་འདུག་ལ། ཚེ་རིང་སྐྱིད་དང་ཁོང་གཉིས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་ས་ཆའང་གཅིག་པ་ཡིན་འདུག
ཁོང་གིས་ཉིན་དེར་རྨ་ཆུ་ལམ་གྱི་སྔོ་ཚལ་ཁྲོམ་རྭ་ནས་རང་ལུས་མེ་རུ་སྒྲོན་ཏེ། མེ་ལྕེའི་ཁྲོད་ནས་ “རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས།” ཞེས་འབོད་སྒྲ་སྒྲོག་བཞིན་གོམ་པ་བརྒྱ་ལྷག་ཕྱིན་ཏེ་ས་རུ་འགྱེད་ཡོད་འདུག དེ་རྗེས་ཀྱི་སྐར་མ་ཉི་ཤུ་ཙམ་ལ་རྒྱ་གཞུང་ཉེན་རྟོག་པ་འབྱོར་ཏེ་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག
དེ་རིང་ཕྱི་ཚེས་ ༩ ཉིན་སྔ་དྲོར་འདས་པོ་ཁོང་གི་བཟའ་ཟླ་བུ་ཕྲུག་རྣམས་ཉེན་རྟོག་པས་རྫོང་སྤྱི་བདེ་ལས་ཁུངས་ལ་བཙན་འཁྲིད་བྱས་ཡོད་པ་དང་། དེའི་རྗེས་ནང་མི་གཉེན་ཉེ་ཁག་ཅིག་རྫོང་ཉེན་རྟོག་ཁང་དུ་འདས་པོའི་སྐུ་ཕུང་ལེན་དུ་ཕྱིན་པའང་འཛིན་བཟུང་བྱས་ཡོད་འདུག་ལ། ད་ལྟ་རྨ་ཆུ་རྫོང་ཐོག་ཏུ་དམག་མི་མང་པོ་འགྲེམ་འཇོག་བྱས་ཡོད་འདུག
ད་ལྟ་དུང་ཁོང་གིས་གཞན་ལ་སྐུལ་མ་གནང་སྟེ་བྲིས་པའི་རྒྱ་ཡིག་ཐོག་འཁོད་པའི་ཞལ་ཆེམས་ཡེ་གེ་ཞིག་ཀྱང་ཤུལ་དུ་བཞག་གནང་ཡོད་འདུག
༢༠༡༢ ཟླ་ ༣ ཚེས་ ༣ ཉིན་ཚེ་རིང་སྐྱིད་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྐོར་བོད་ཀྱི་དུས་བབ་ནང་འཁོད་དོན། “ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༣ པ་ཡས་མས་སུ། མདོ་སྨད་རྨ་ཆུ་རྫོང་ཁྲོ་ཁོ་སྨད་མ་ཞང་གི་ཕ་བསོད་ནམས་ཡེ་ཤེས་ཀྱི་རང་ལོ་ ༡༩ ཡིན་པའི་བུ་མོ། རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚེ་རིང་སྐྱིད་ལགས་ཀྱིས། ཉིན་དེར་རྨ་ཆུ་རྫོང་རྨ་ཆུ་ལམ་དུ་ཡོད་པའི་སྔོ་ཚལ་ཁྲོམ་རའི་ཉེ་འགྲམ་གྱི་ར་སྐོར་ཞིག་གི་ནང་ལུས་ལ་སྣུམ་བླུགས་པ་དང་མེར་བསྒྲོན་ཏེ། སྔོ་ཚལ་ཁྲོམ་རའི་ཁྲོམ་གཞུང་དུ་ཐོན་སྐབས། སྔོ་ཚལ་བཙོང་མཁན་གྱི་རྒྱ་རིགས་ཚོང་པ་ཚོས་རྡོ་རུབ་བརྒྱབ་པ་དང་། དྲག་ཆས་ཉེན་རྟོག་པ་བསླེབས་ཏེ་རྡོ་དང་ལྕག་དབྱུག་གིས་གཞུས་ཏེ་ལུས་སྟེང་གི་མེ་བསད་རྗེས་འདས་གྲོངས་སུ་ཕྱིན་ཡོད་ཀྱང་། ཉེན་རྟོག་པས་ཁོ་མོའི་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པར་བཙན་འཁྱེར་བྱས་ཡོད་འདུག” ཞེས་འཁོད་འདུག
༅༅། རྒྱ་ནག་པོ་ཆོས་མེད་ཀླ་ཀློ་རེད།
ཆོས་མེད་པ་འདི་དང་ཕྱི་མ་མེད།
ཆོས་མེད་ན་ལས་དང་རྒྱུ་འབྲས་མེད།
ལས་རྒྱུ་འབྲས་མེད་ན་བྱམས་སེམས་མེད།
ལས་རྒྱུ་འབྲས་མེད་ན་སྙིང་རྗེ་མེད།
བྱམས་སྣིང་རྗེ་མེད་ན་མཐའ་མའི་མཐའ།
བརྡུང་བརྡེག་ཚ་ནན་དང་བརྡུང་བརྡེག་ཚ་ནན་ཞེས་སྡུག་སྦྱོང་མནར་གཅོད་མི་སྤྱོད་ལས་འདས་པ་གཏོང་མཁན་གྱི་དགྲ་བོར་ཡང་འཚེ་བའི་ལས་མི་བརྩམ་མཁན་འཛམ་བུ་གླིང་འདིའི་སྒང་བོད་མི་མ་གཏོགས་གཞན་མེད། བོད་ཞེན་དང་ལྷག་བསམ་ཆེ་བ་ཁྱེད་རྣམས་ཀྱི་སྐྱེ་བ་རྗེས་མ་དེ་ཡང་༧གོང་ས་མཆོག་གི་ཐུགས་རྗེ་དང་། བོད་མི་ཡོད་དོ་ཅོག་གི་སྨོན་ལམ་གྱི་མཐུ་ལ་བརྟེན་ནས་བོད་ལུས་ལེན་ངེས། ཤུལ་ལུས་བུ་ཕྲུག་དང་། ཕ་མ། གཉེན་ཉེ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད།
ངས་ལྟས་ན་ད་རེས་རྨ་ཆུ་ནས་རང་ལུས་མེར་བསྲེག་གནང་བ་འདི་ལ་རྒྱུ་རྐྱེན་མང་པོ་ཞིག་ཡོད་པ་ལས། གཙོ་བོ་གཉིས་ལ་ཐུག་ཡོད་ཀི་བསམ་བྱུང་། ༡༽ བོད་མི་རྒན་དར་གཞོན་གསུམ་མང་པོ་ཞིག་སྐོམ་པ་ཆུ་འདོད་ལྟར་དུ་༧གོང་ས་མཆོག་གི་དུས་འཁོར་དབང་ཆེན་ལ་འགྲོ་འདོད་པ་མ་བཏང་བར་བཙན་བཀག་བྱས། ལག་འཁྱེར་ཕྱིར་བསྡུ་བྱས། རྒྱ་གར་དུ་འབྱོར་ཚར་པ་ཚོར་བཙན་བཀའ་བཏང་ནས་ཕྱིར་བོད་དུ་ལོག་བཅུག་པ། ༢༽ རྔ་བ་ནས་བློ་བུར་དུ་མི་མང་པོར་ཉེས་མེད་ཁྲིམས་ཐག་བཅད་པ། འདི་གཉིས་ལ་གཙོ་ཐུག་ཡོད་ཀི་བསམ་བྱུང་།
ང་ནི་བོད་ཡིན། དེའི་སྟབས་ཀྱིས་ང་ནི་ཀྲང་གོ་རྒྱལ་ཁབ་ཀྱི་མི་སེར་མིན། ང་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་ཐོབ་ཐང་ལག་ཁྱེར་རམ་ཕྱི་བསྐྱོད་ལམ་ཡིག་འཛིན་མཁན་གྱི་བོད་པ་ཞིག་ཡིན་པའི་ཆ་ནས། ངས་མི་འབོར་དུང་ཕྱིར་བཅུ་གསུམ་དེའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་དོན་ལ་སྐད་འབོད་བྱེད་དང་། དེ་མ་ཡིན་པར་ང་རང་ཉིད་ནི་འཁྲུལ་བ་མེད་པའི་བོད་པ་དག་མ་ཞིག་ཡིན་པའི་ཆ་ནས། ངས་ཆེད་དམིགས་ཀྱིས་ངེད་ཅག་བོད་པ་རང་གི་རྒྱལ་ཁམས་དང་རང་དབང་གི་ཆེད་དུ་སྐད་འབོད་རྒྱག་གི་ཡོད།
我是藏人,所以我不是中国人。我作为一名拿着中国护照的藏人,我愿意为十三亿人口的人权和民主而呐喊。而我作为一名地地道道的藏人,我更应该为我们藏人自己的国土和自由而呐喊!
དེ་རིང་། ང་ནི་འཇིག་རྟེན་འདི་ལས་རྒྱང་ཐག་རིང་བོ་ཞིག་ཏུ་ཁ་འབྲལ་གྱི་ཡིན་ལ། འོན་ཀྱང་ང་ལ་ཡིད་ཆེས་ཡོད་པ་ཞིག་ནི། ང་ཚོ་ནི་ང་ཚོས་དད་མོས་བྱེད་ཡུལ་དེ་ལ་བར་ཐག་ཇེ་ཉེ་རུ་འགྲོ་སྲིད།
ང་ཚོས་ཏན་ཏན་བྱེད་སྟངས་འདི་འདྲ་ཞིག་གི་ལམ་ནས་དོན་གཉེར་རམ་བརྩོན་ལེན་བྱེད་ཀི་ཡོད་པ་དང་། སླར་ཡང་ཕྱིར་བཙལ་ཡོང་འདོད་ཀི་ཡོད་པ་དེ་ནི། ང་ཚོས་བརླགས་ཚར་སོང་བའི་དང་། ང་ཚོ་དང་བར་ཐག་ཇེ་རིང་དུ་སོང་ཚར་བ་དང་འགྲོ་བཞིན་ཡོད་པའི་ང་ཚོ་བོད་པ་རང་ཉིད་ཀྱི་སྡེ་བ་རེ་རེ་དང་ཁྱིམ་རེ་རེ་དེ་ཡིན།
ཐག་གིས་ཆོད་པ་ཞིག་ལ། ང་ཚོས་ང་ཚོ་རང་ཉིད་མེ་ལ་བསྲེགས་ཏེ། རྒྱ་གཞུང་གིས་བཙན་གྱིས་ཟུར་དུ་བཀར་བའི་ང་ཚོ་བོད་པ་ཚང་གི་དད་མོས་དང་རྒྱལ་ཁམས་དེ་ལ་འབོད་པ་གཏོང་རྒྱུ་དེ་ཡིན།
ང་ཚོ་ང་ཚོའི་རིན་པོ་ཆེའི་རྗེས་འབྲང་བ་བྱེད་འདོད་ལ། ང་ཚོས་ཞི་བདེའམ་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་ནས། རྒྱ་བོད་གཉིས་ཀྱི་དཀའ་ཉོག་དེ་བསེལ་བའི་ལམ་དེ་ཁོ་ན་བདམས་པ་ཡིན།
今天,我将要远离这个世界了,但相信离我们藏人的信仰更近了一些。
我们注定要用这种方式来追求和找回我们已经失去了的和离我们越来越远的我们藏人自己的家圆。
我们注定要用自焚的方式来召唤被隔离的我们藏人自己的信仰和国土。
我们愿意跟随我们的尊者,我们只选择和平的方式来解决我们与中国政府间的问题。འདི་ནི་ངོ་མ་སེམས་སྡུག་གི་གནས་གཅིག་རེད།།