མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་པའི་ཕོ་གསར་ཞིག་གིས་རང་ལུས་མེར་བསྲེགས་གཏོང་རྩིས་བྱས་སོང་ཟེར།

བོད་ཀྱི་དུས་བབ།
༢༠༡༧/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་སུད་སིར་འབྱོར་སྐབས་བོད་མི་ཚོས་ངོ་རྒོལ་ལས་འགུལ་སྤེལ་ཏེ་ཁག་ཅིག་བཀག་བསྐྱིལ་བྱས་ཡོད་པ་དང་། སུད་སིའི་རྒྱ་ནག་གཞུང་ཚབ་ཀྱིས་སུད་ནང་གི་རྒྱ་རིགས་ཚོར་སུད་སྒོར་ ༦༢༠ རེ་སྤྲད་དེ་ཞི་ཅིན་ཕིན་ལ་ཕེབས་བསུ་བྱེད་དུ་བཅུག་ཡོད་པའི་གནས་ཚུལ་ཐོན་འདུག

TibetTimes

སུད་སི་བོད་རིགས་མི་མང་གི་གོ་སྒྲིག་འོག་ཁ་སང་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་སུད་སིའི་རྒྱལ་སར་འབྱོར་བ་དང་བསྟུན་ཏེ། སུད་སིའི་རྒྱལ་སའི་ས་གནས་ (Waisenhausplatz) ཞེས་པར། བོད་དོན་རྒྱབ་སྐྱོར་པ་དང་སུད་སིར་གནས་སྡོད་བོད་མི་ ༥༠༠ ལྷག་གིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག

ངོ་རྒོལ་བ་ཚོས་ “བོད་རང་དབང་ཡིན” “མི་གསོད་ལག་དམར་ལ་ཚོང་འབྲེལ་མ་བྱེད” སོགས་ཀྱི་སྐད་འབོད་དང་འཕྲེད་དར་སྣ་ཚོགས་འཕྱར་ཏེ་ངོ་རྒོལ་བྱས་སྐབས། སུད་སིའི་ཉེན་རྟོག་པས་བོད་མི་ཞི་རྒོལ་བ་ ༣༢ ཙམ་འཛིན་བཟུང་བྱས་ཡོད་པ་མ་ཟད། ཞི་རྒོལ་ཐོག་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་རྩིས་བྱས་སྐབས་ཉེན་རྟོག་པས་བཀག་འགོག་བྱས་ཡོད་འདུག

ངོ་རྒོལ་ལས་འགུལ་དེའི་སྐོར་སུད་སིའི་ཉེན་རྟོག་པས་གསར་འགོད་པར་བརྗོད་པར། ཞི་ཅིན་ཕིན་གྱི་བདེ་འཇགས་ཆེད་བོད་མི་ལས་འགུལ་བ་ ༣༢ ཙམ་གནས་སྐབས་རིང་བཀག་བསྐྱིལ་བྱས་ཡོད་པ་དང་། དེ་ནི་ཁོ་ཚོས་སོ་སོའི་ལག་འཁྱེར་མ་བསྟན་པའི་རྐྱེན་གྱིས་ཡིན་པ་དང་། ལས་འགུལ་སྐབས་བོད་པའི་ཕོ་གསར་ཞིག་གིས་སོ་སོའི་ལུས་ཐོག་ལ་སྣུམ་བླུགས་ཏེ་རང་ལུས་མེར་བསྲེགས་གཏོང་རྩིས་བྱེད་བཞིན་པ་ཉེན་རྟོག་པས་བཀག་ཡོད་ལུགས་སོགས་བཤད་འདུག

ཞི་ཅིན་ཕིན་སུད་སིར་འབྱོར་སྐབས་རྒྱ་རིགས་ཁག་ཅིག་གིས་རྒྱ་དར་འཕྱར་ནས་ཕེབས་བསུ་བྱས་ཡོད་ཅིང་། དེ་དག་ཁྲོད་ཀྱི་རྒྱ་རིགས་ཤིག་གིས་བོད་པ་ཚོར་བརྗོད་པ་ལྟར་ན། ཉེ་ལམ་བདུན་ཕྲག་གཅིག་ལྷག་གི་སྔོན་ལ་སུད་སིའི་རྒྱ་ནག་གཞུང་ཚབ་ཁང་གིས། སུད་སུའི་ནང་གི་རྒྱ་རིགས་ཚོ་སྲིད་འཛིན་ལ་ཕེབས་བསུར་ཡོང་དགོས་པ་དང་། ས་གནས་གང་ནས་ཡོང་ན་ཕར་ཚུར་འགྲོ་བའི་རླངས་འཁོར་གོ་སྒྲིག་ཡོད་པ་མ་ཟད། མི་རེར་སུད་སྒོར་མོ་ ༦༢༠ རེ་སྤྲོད་རྒྱུ་ཡིན་ལུགས་བཤད་ཡོད་ཅིང་། གསལ་བསྒྲགས་དེ་སུད་སིའི་ནང་ཡོད་པའི་རྒྱ་རིགས་ཕ་ཡུལ་གཅིག་པའི་སྐད་འཕྲིན་ཚོགས་པ་ཁག་ནང་བཀྲམས་ཡོད་འདུག

TibetTimes

གཞན། སྤྱི་ཚོགས་བརྒྱུད་ལམ་ཐོག་གནས་ཚུལ་ཐོན་པ་ལྟར་ན། རྒྱ་རིགས་ལུ་ཅན་ཧཱ་ཟེར་བ་པ་ཞིག་དང་ལིང་ཏོན་ཁྲུན་ཟེར་བ་གཉིས་ཀྱིས་གསར་འགོད་པར། ཐེངས་འདིར་སུད་སིའི་རྒྱ་ནག་གཞུང་ཚབ་ཀྱིས་བཀའ་རྒྱ་བཏང་སྟེ། སུད་སིའི་ནང་ཡོད་པའི་རྒྱ་རིགས་རྣམས་སྲིད་འཛིན་ལ་ཕེབས་བསུར་ཡོང་དགོས་པ་དང་། བྱ་འགུལ་དེར་ཞུགས་མཁན་རྒྱ་ནག་སྐམ་ས་ཆེན་མོ་དང་ཐའེ་ཝན། ཧོང་ཀོང་བཅས་ཀྱི་རྒྱ་རིགས་ཚོས་སོ་སོའི་ངོ་སྤྲོད་ལག་འཁྱེར་དང་སྡོད་གནས་ཁ་བྱང་། ལས་གནས་སོགས་ཐོ་འགོད་བྱས་ཚེ་ཉིན་གཅིག་རིང་སིད་སྒོར་ ༦༢༠ རེ་སྤྲོད་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཚུལ་དང་། ཐེངས་འདིར་ང་ཚོས་ཕེབས་བསུ་གཟབ་རྒྱས་བྱས་ཏེ། གཙོ་འཛིན་ཞི་ཅིན་ཕིན་གྱི་ལས་དོན་ལེགས་འགྲུབ་དང་ཟིལ་ཤུགས་ལྡན་པ་ཡོང་དགོས་པ་མ་ཟད། འཛམ་གླིང་མི་མང་ལ་ང་ཚོས་རྒྱ་ནག་མི་མང་གི་སྟོབས་ཤུགས་དང་གཟི་བརྗིད་གསལ་བོ་མཐོང་དུ་འཇུག་དགོས་སྐོར་སོགས་བསྒྲགས་སོང་ཟེར།

ཐེངས་འདིའི་ངོ་རྒོལ་ལས་འགུལ་སྟེང་སུད་སི་ལྗང་གུ་ཚོགས་པའི་ཚོགས་གཙོ་ལྕམ་རེ་གྷོ་ལ་རེ་ཙི་ Frau Regula Rytz ལགས་དང་། ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ལགས་དང་སྤྱི་ཟུར་བཀྲས་མཐོང་དབང་པོ་ལགས། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་ཡུ་རོབ་བོད་རིགས་གཞོན་ནུའི་ཚོགས་གཙོ། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་མཁར་འཕགས་ལགས་བཅས་ཀྱིས་སྣེ་འཁྲིད་མཛད་ཡོད་འདུག

སུད་སིའི་བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ཀྱིས་བརྗོད་པ་ལྟར་ན། ཟླ་གཅིག་གི་གོང་ནས་སུད་སི་གཞུང་ལ་ངོ་རྒོལ་ཆོག་མཆན་ཞུས་ཀྱང་། མཐའ་མར་རྒྱལ་སིའི་སྲིད་གཞུང་ལས་ཁུངས་དང་བར་ཐག་སྨི་ཊིར་ ༣༠༠ ཙམ་གྱི་སར་ཆོག་མཆན་རག་ཡོད་པ་དང་། ཚེས་ ༡༧ ཉིན་སུད་སིའི་གྲོང་ཁྱེར་ཇི་ནེ་ཝའི་རྒྱལ་ཚོགས་མདུན་དུ་ངོ་རྒོལ་སྔར་ལས་ཤུགས་ཆེ་བ་སྤེལ་རྒྱུ་ཡིན་འདུག བོད་པའི་གཞས་པ་བློ་ལྡན་རྣམ་གླིང་ལགས་ཀྱིས་གཙང་ཤོག་ཐོག་ཞི་ཅིན་ཕིན་གྱི་མིང་བཀོད་ཅིང་། ཚོན་རྩི་དམར་པོ་བྱུགས་ཏེ་ལམ་ཁར་འཐེན་པའི་ལས་འགུལ་ཞིག་སྤེལ་ཡོད་པ་སོགས་བྷི་བྷི་སི་སོགས་རྒྱལ་སྤྱིའི་གསར་ལམ་ཁག་དང་། ལྷག་པར་དུ་སུད་སིའི་གསར་ལམ་མང་པོར་འཐོན་ཡོད་འདུག

ed44b51e21f843adbd56bb7f6d0a78a1

ཟླ་འདིའི་འཆར་ཚེས་ ༡༧ ནས་ ༢༠ བར་འདི་ལོའི་རྒྱལ་སྤྱིའི་དཔལ་འབྱོར་གྲོས་མོལ་ཚོགས་ཆེན་ (WEF) ཐེངས་ ༤༧ པ་དེ་སུད་སིའི་གྲོང་རྡལ་ཌ་ཝོ་སི་ (Davos) ཡི་ (Swiss Alpine Resort) གསོལ་མགྲོན་ཁང་དུ་འཚོགས་འཆར་ཡོད་ཅིང་། ཐེངས་འདིའི་རྒྱལ་སྤྱིའི་དཔལ་འབྱོར་གྲོས་མོལ་ཚོགས་ཆེན་སྟེང་། དབུ་ཁྲིད་ཀྱི་འགན་འཁུར་ (Responsive Leadership) ཞེས་པའི་བརྗོད་གཞིའི་ཐོག ཕྱི་ལོ་ ༢༠༡༧ ལོའི་རྒྱལ་སྤྱིའི་དཔལ་འབྱོར་འདུ་འགོད་ཐད་ཀྱི་དཀའ་རྙོག་ཁག་ ༤ ཡི་ཐོག་གྲོས་མོལ་བྱ་འཆར་ཡོད་ཅིང་། དེ་དག་ནི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་བྱེད་ཕྱོགས་དང་། རྒྱལ་སྤྱིའི་དཔལ་འབྱོར་འཕེལ་རྒྱས་གཏོང་ཕྱོགས། མ་རྩ་རིང་ལུགས་བཅོས་བསྒྱུར་གཏོང་ཕྱོགས། བཟོ་ལས་དཔལ་འབྱོར་གསར་བརྗེ་སྐབས་བཞི་བར་གྲ་སྒྲིག་བྱེད་ཕྱོགས་བཅས་ཡིན་འདུག

ད་ལོའི་རྒྱལ་སྤྱིའི་དཔལ་འབྱོར་གྲོས་མོལ་ཚོགས་ཆེན་ཐོག འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་དང་གཞུང་འབྲེལ་མིན་པའི་ཁེ་ལས་སྡེ་ཁག་དང་རྒྱལ་སྤྱིའི་ཉོ་འཚོང་སྒྲིག་འཛུགས་ཁག་བཅས་ཀྱི་དབུ་ཁྲིད་དང་སྐུ་ཚབ་སོགས་ཁྱོན་ ༢༥༠༠ ལྷག་མཉམ་ཞུགས་བྱས་ཏེ། ཚོགས་ཆེན་གྱི་ཟུར་དུ་བརྗོད་གཞི་མི་འདྲ་བ་གཞན་དག་ཐོག་ཏུའང་གྲོས་མོལ་ཚོགས་འདུ་ཆེ་ཆུང་ ༤༠༠ ཙམ་འཚོགས་འཆར་ཡོད་འདུག

Tibettimes1 TibetTimes2 TibetTimes3 TibetTimes4 TibetTimes5 TibetTimes6 TibetTimes7 TibetTimes8 TibetTimes9 Tibettimes10 TibetTimes11 TibetTimes13

15965055_947226785412032_3049660806756108201_n 15976983_947228335411877_7784006725451899599_n 15977084_947228355411875_2147840367254362652_n 15977093_947226552078722_417055921880429612_n 15977914_947227178745326_5475459439923452051_n 15977932_947228592078518_2684598985499160211_n 16115058_947228692078508_5549554345891807507_n

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད།

སྐར་མ ༥ སྔོན་ལ།
ཡུན་ནན་ཐོང་ཧེ་རྫོང་ཁོངས་ཀྱི་ཁ་ཆེའི་ལྷ་ཁང་རྙིང་ཤོས་ནཱ་ཇཱ་ཡེན། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་ཁ་ཆེའི་ལྷ་ཁང་རྙིང་ཤོས་ཤིག་གཏོར་རྩིས་བྱས་ཏེ་གདོང་ཐུག་ཆེན་པོ་བྱུང་འདུག 

སྐར་མ ༥༥ སྔོན་ལ།
བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༢༣ སྔོན་ལ།
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

༢༠༢༣/༠༥/༢༩
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧

མཆན། 1

  1. བློ་ལྡན། says:
    ལོ་ 6 སྔོན།

    མི་རབས་རྒན་པ་མང་པོ་ཞིག་ཡོད་པའི་བཀའ་དྲིན་ཐུགས་རྗེ་ལ་བརྟེན་ཏེ་སུད་སི་འདི་འུ་ཅག་བོད་པ་ཚང་གི་རེ་བ་ཆེ་ཤོས་ཀྱི་ས་གནས་ཤིག་ཆགས་འདུག རྒན་པ་ཚོའི་མཇུག་གཞོན་པ་ཚོས་བསྐྱངས་ཏེ་ལྷག་བསམ་རྣམ་དག་དང་སྤྱི་དོན་འཁུར་ལེན་གྱི་ཐོག་ནས་བོད་དོན་འཐབ་རྩོད་དང་༧གོང་ས་མཆོག་དང་རང་གཞུང་གི་བཀའ་དགོངས་ཚུལ་བཞིན་བསྒྲུབ་པའི་བཀྲ་ཤིས་སྨོན་ལམ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist