རྒྱ་གར་དབུས་དངུལ་ཁང་གིས་ཁ་སང་ནས་དངུལ་འདོན་འཕྲུལ་ཆས་ཁག་ནས་ཉིན་རེར་ཧིན་སྒོར་ཆིག་ཁྲི་འདོན་ཆོག་གི་ཡོད་ཀྱང་བདུན་ཕྲག་གཅིག་ནང་ཁྱོན་ཧིན་སྒོར་ ༢༤༠༠༠ ལས་འདོན་ཆོག་གི་མེད་སྐོར་བརྗོད་འདུག
དེ་རིང་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་དབུས་དངུལ་དཔར་ཁང་ (RBI) གིས། ཁ་སང་ནས་རྒྱ་གར་གྱི་དངུལ་འདོན་འཕྲུལ་ཆས་ (ATMs) ཁག་བརྒྱུད་ནས་ཉིན་རེར་ཧོན་སྒོར་ཆིག་ཁྲི་འདོན་ཆོག་པའི་ཐག་ཆོད་བྱས་ཡོད་འདུག
ཕྱི་ལོ་ ༢༠༡༦ ལོར་དངུལ་འདོན་འཕྲུལ་ཆས་བརྒྱུད་ནས་ཉིན་རེར་ཧིན་སྒོར་ ༢༥༠༠ དང་དངུལ་ཁང་བརྒྱུད་ནས་བདུན་རེར་ཧིན་སྒོར་ ༥༠༠༠༠ འདོན་ཆོག་གི་ཡོད་པ་དང་། ༢༠༡༧ ཟླ་ ༡ ཚེས་ ༡ ཉིན་གྱི་རྗེས་ལ་དངུལ་འདོན་འཕྲུལ་ཆས་བརྒྱུད་ནས་ཉིན་རེར་ཧིན་སྒོར་ ༤༥༠༠ རེ་འདོན་ཆོག་གི་ཡོད་པ་དང་། ཁ་སང་ནས་དངུལ་འདོན་འཕྲུལ་ཆས་བརྒྱུད་ནས་ཉིན་རེར་ཧིན་སྒོར་ ༡༠༠༠༠ འདོན་ཆོག་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།


![A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]](https://tibettimes.net/wp-content/uploads/2026/04/Screen-Shot-2026-04-02-at-5.36.58-PM-360x180.png)


