མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱི་ལ་རྒྱ་ནག་མེད་མི་རུང་ཟེར།

བོད་ཀྱི་དུས་བབ།
༢༠༡༧/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཞི་ཅིན་ཕིན་གྱིས་རྒྱལ་སྤྱི་ལ་རྒྱ་ནག་མེད་མི་རུང་སྟབས་སྲིད་འཛིན་ཨོ་བྷ་མའི་བྱེད་སྟངས་ལྟར་སོང་ན་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་ཚུལ་བཤད་དེ་ཊི་རུམ་ཕི་ཡི་བཤད་སྤྱོད་ཁག་ཅིག་ལ་མ་དགའ་བའི་རྣམ་འགྱུར་བསྟན།

85b50ad2-dd27-11e6-8fcb-68eb4ed74971_1280x720

སུད་སིར་འཚོགས་བཞིན་པའི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་དང་འབྲེལ་ཏེ། ཁ་སང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཨ་རིའི་སྲིད་འཛིན་གཞོན་པ་རྗོང་བྷ་ཌིན་ (Joe Biden) གཉིས་ཟུར་དུ་ཐུག་འཕྲད་བྱས་སྐབས། ཞི་ཅིན་ཕིན་གྱིས་རྗོང་བྷ་ཌིན་ལ་བརྗོད་རྒྱུར། ཁོས་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་དང་ཕྱོགས་གཉིས་བར་ཕན་ཚུན་ཐུན་མོང་གི་བསམ་ཤེས་ཡོང་ཐབས་ལ་འབད་བརྩོན་བྱེད་ཀྱིན་ཡོད་པ་དང་། འདས་པའི་ལོ་ངོ་ ༣༨ རིང་གི་ཕྱི་འབྲེལ་ལ་བརྟེན་ཏེ། ཕྱོགས་གཉིས་བར་གྱི་འབྲེལ་ལམ་དེ་གནམ་ངོ་རུབ་རྗེས་ཀྱི་ཆར་རླུང་ལྟར་འགྱུར་ལྡོག་ཕྱིན་ཡོད་ནའང་། སྤྱི་ཡོངས་ནས་མུ་མཐུད་མདུན་སྐྱོད་བྱེད་ཀྱིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་མང་གཙོ་བྱས་པའི་རྒྱལ་སྤྱིའི་མི་མང་ལ་ནམ་ཡང་རྒྱ་ནག་མེད་མི་རུང་བ་ཆགས་ཡོད་སྟབས། ཨ་རིའི་ཕྱོགས་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་རྒྱུན་འཁྱོངས་དང་མཉམ་ལས་སྲ་བརྟན་ཡོང་ཐབས་ལ་འབད་བརྩོན་བྱེད་དགོས་པ་དང་། སྲིད་འཛིན་ཨོ་བྷ་མའི་སྲིད་དབང་འོག་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་ཐད་ཕྱོགས་ཡོངས་ནས་གལ་ཆེན་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་སྤྱི་མང་ཕན་ཚུན་བར་སྲིད་འབྱོར་རིག་གསུམ་བརྗེ་རེས་བྱས་ཏེ། ཚད་མཐོ་བའི་རྣམ་པ་གསར་བ་ཞིག་ཏུ་བསླེབས་ཡོད། ཅེས་སོགས་བཤད་འདུག

སྐབས་དེར་རྗོང་བྷ་ཌིན་གྱིས་ཞི་ཅིན་ཕིན་ལ་བཤད་རྒྱུར། ཨ་རིའི་གཞུང་གིས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་ཐུན་མོང་གི་ཡིད་ཆེས་གཏིང་ཟབ་ཡོང་བ་དང་དཔལ་འབྱོར་མཉམ་ལས་གཞི་རྒྱ་ཇེ་ཆེར་འགྲོ་བར་རེ་བ་བྱེད་ཀྱིན་ཡོད་སྐོར་སོགས་བཤད་ཡོད་འདུག

ཨོ་བྷ་མའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་བྷིན་རའོ་ཌི་ (Ben Rhodes) ལགས་ཀྱིས། རྒྱ་ནག་གཅིག་གི་སྲིད་ཇུས་དེ་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་གྱི་རྨིང་གཞི་ཆགས་ཡོད་སྟབས། ཨ་རིའི་གཞུང་གསར་བས་རྒྱ་ནག་གཅིག་གི་སྲིད་ཇུས་ཐད་བསྐྱར་དུ་གྲོས་མོལ་བྱ་རྒྱུ་མེད་པ་དང་། ཨ་རྒྱ་གཉིས་བར་གྱི་ཕྱི་འབྲེལ་གྲོས་ཆོད་ (Shanghai Communiqué) ལ་མིང་རྟགས་བཀོད་པའི་ནང་། ཐའེ་ཝན་མཚོ་འགག་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱས་ཡོད་པ་མ་ཟད། གྲོས་ཆོད་དེ་ལ་བརྟེན་ནས་ཨ་རིས་འཛམ་གླིང་སྟེང་གི་སྟོབས་ཆེན་རྒྱལ་ཁབ་ཆེས་ཤོས་དེ་ལ་སྙོབ་ཐུབ་ཡོད་པ་དང་། གྲོས་ཆོད་དེའི་འོག་ཨ་རིས་ཚོང་དོན་མང་པོ་སྒྲུབ་བཞིན་ཡོད་སྟབས། ཊི་རུམ་ཕི་ཡིས་ཐའེ་ཝན་ཐོག་འཛིན་པའི་སྲིད་ཇུས་དེ་ཉེན་ཁ་ཆེན་པོ་ཅན་ཞིག་ཡིན་པ་དང་། ཨ་རིའི་གཞུང་གིས་རྒྱལ་སྤྱིའི་སྟེང་རྩོད་རྙོག་ཆེན་པོ་ཆགས་པའི་ཐའེ་ཝན་གྱི་གནད་དོན་ལ་ཐེ་གཏོགས་བྱེད་ཀྱི་མེད་པ་དང་། ཨ་རྒྱ་གཉིས་བར་གྱི་དུས་ཡུན་རིང་བོའི་འབྲེལ་ལམ་ལ་འགྱུར་བ་བཏང་ཚེ། ཨ་རི་ལ་ཁེ་ཕན་གང་ཡང་མེད་པ་དང་། གནད་དོན་དེའི་ཐོག་རྒྱ་ནག་གིས་གྲོས་མོལ་བྱེད་མི་སྲིད་སྟབས། ཨ་རིའི་གཞུང་གསར་བས་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་ལ་འགྱུར་བ་བཏང་ཚེ། དེ་ནི་ཛ་དྲག་ཆེ་ཞིང་ཁེ་ཕན་མེད་པའི་ད་ལྟའི་ཐའེ་རྒྱ་གཉིས་བར་གྱི་འབྲེལ་ལམ་ལྟ་བུ་ཆགས་རྒྱུ་ཡིན་སྐོར་བརྗོད་འདུག

འདས་པའི་ཟླ་ངོ་འདི་དག་རིང་། ཨ་རིའི་བདམས་ཐོན་སྲིད་འཛིན་ཊི་རུམ་ཕི་ཡིས། པེ་ཅིན་གཞུང་གིས་ཐའེ་ཝན་ཐོག་འཛིན་པའི་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་བྱེད་ཐབས་མེད་པ་དང་། ཨ་རིའི་ནང་རྒྱ་ནག་གི་ཚོང་ཟོག་ནང་འདྲེན་བྱེད་པའི་ཚོང་ཁྲལ་ཇེ་ལྕིར་གཏོང་རྒྱུ་ཡིན་སྐོར་སོགས་བཤད་པར་བརྟེན་ཏེ། ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་དེ་ཛ་དྲག་གི་ངོ་བོར་འགྱུར་བཞིན་ཡོད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༡༨ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༡༩ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese