མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ཟླ་ ༣ ཚེས་ ༡༢ དེ་བོད་ཀྱི་བུད་མེད་ཉིན་མོར་གཞུང་འབྲེལ་སྲུང་གཙི་གནང་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༧/༠༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་ཐེངས་དང་པོའི་ཐོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་དེ་བུད་མེད་ཀྱི་ནུས་སྟོབས་སྤེལ་བའི་ཆེད་དུ་རེད་མ་གཏོཊ་དབྱེ་འབྱེད་ཡོད་པ་མེད་པ་དང་འདྲ་མཉམ་མེད་པ་ཡོད་པ་བཟོ་བའི་ཆེད་དུ་མིན་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཐོག བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་གོ་སྒྲིག་འོག ཉིན་གྲངས་གསུམ་རིང་གི་བོད་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་ཐེངས་དང་པོ་མགོ་འཛུགས་གནང་སོང་བ་དང་། ཚོགས་ཆེན་མགོ་འཛུགས་ཀྱི་མཛད་སྒོའི་ཐོག་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་གྱི་དབུས་པའི་སྤྱི་འཐུས་རྣམ་པ་ཁག་ཅིག དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། གཞན་ཡང་བོད་མིའི་ས་གནས་ཁག་ ༥༣ ནས་ཚོགས་བཅར་བ་ ༡༦༦ དང་། མཐོ་སློབ་ཁག་ ༢༣ ནས་ཚོགས་བཅར་བ་ ༩༩། ས་གནས་མགོ་འཛིན་ ༣༢། གསུང་བཤད་གནང་མཁན་གནད་ཡོད་མི་སྣ་ ༡༠། དེ་བཞིན་ཚོགས་ཆེན་གོ་སྒྲིག་གནང་མཁན་བཅས་ཁྱོན་མི་གྲངས་ ༣༤༨ ཙམ་འཛོམས་ཡོད་པ་རེད།

མཛད་སྒོའི་ཐོག་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་ཚོགས་ཆེན་གྱི་དགོས་དམིགས་སྐོར་གསུང་སྐབས། བོད་པའི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞིར་ཡོད་པ་ལྟར། ཕྱི་ལོ་ ༢༠༠༨ ལོར་སྐབས་བཅུ་གསུམ་པའི་བཀའ་ཤག་ནས་སྤྱི་ཚོགས་ཀྱི་དགོས་མཁོ་ཆེན་པོ་ཞིག་ཏུ་གཟིགས་ཏེ། ཕྱི་ནང་གཉིས་ཀྱི་གནོན་ཤུགས་ཡོད་མེད་ལ་མ་ལྟོས་པར་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཐད་དོན་ཚན་ ༨ ཅན་གྱི་སྲིད་བྱུས་ཤིག་གཏན་འབེབས་གནང་ནས་ལོ་ ༩ ཙམ་ཕྱིན་ཡོད་པ་དང་། སྐབས་བཅོ་ལྔ་པའི་བཀའ་ཤག་ནས་དེ་སྔོན་གཏན་འབེབས་གནང་བཞག་ཡོད་པའི་སྲིད་བྱུས་གཞིར་བཟུང་གིས་སྤྱི་ཚོགས་ཀྱི་དགོས་མཁོ་དང་དུས་ཚོད་ཀྱི་འགྱུར་འགྲོས་དང་བསྟུན། དེ་སྔོན་གྱི་སྲིད་བྱུས་ཐོག་སྣོན་འཕྲི་གནང་དགོས་པ་གང་ལ་གང་འཚམ་ཞིག་གནང་ཡོད་པ་དང་། དེའི་ཆེད་དུ་བོད་མིའི་སྒྲིག་འཛུགས་ནང་ཡོད་པའི་བུད་མེད་དྲུང་ཟུང་དང་དྲུང་འཕར་ཡན་ཆད་ཀྱིས་བུད་མེད་ཀྱི་ལྷན་ཚོགས་ཤིག་ཟུར་དུ་ཚོགས་ཏེ། བཀའ་ཤག་སྐབས་བཅུ་གསུམ་པས་གཏན་འབེབས་གནང་བའི་སྲིད་བྱུས་ཐོག་སྣོན་འཕྲི་ག་རེ་ག་རེ་གནང་དགོས་པའི་འཆར་གཞི་དེ་བཀའ་ཤག་ལ་ཕུལ་ཡོད་པ་དང་། སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་དུས་ཀྱི་འགྱུར་བ་དང་བསྟུན་ལེགས་བཅོས་གནང་དགོས་པ་ཆ་ཚང་གནང་རྗེས། ཉེ་སྔོན་ཕྱི་ཟླ་ ༢ ཚེས་ ༢ ཉིན་སྲིད་བྱུས་དེ་གསལ་བསྒྲགས་གནང་ཡོད་པ་དང་། གཏན་འབེབས་གནང་བའི་སྲིད་བྱུས་ལག་ལེན་བསྟར་ཕྱོགས་ཐོག་གོ་བསྡུར་ཡོང་ཆེད་ཚོགས་ཆེན་འདི་སྐོང་ཚོགས་གནང་བ་ཡིན་སྐོར་གསུངས་སོང་ལ། ཁོང་གིས་བོད་པའི་སྤྱི་ཚོགས་ནང་ཕོ་མོ་གཉིས་ཀྱི་གཟུགས་པོའི་གྲུབ་ཆའི་ཐོག་ནས་ཁྱད་པར་གང་ཡོད་པ་དེ་མ་གཏོགས་ཕོ་མོ་དབྱེ་འབྱེད་ཟེར་བ་དེ་ཚོའི་རིགས་ཧ་ལམ་མེད་པ་གསལ་པོ་ཞེ་དྲགས་ཆགས་ཡོད་ལ། འཛམ་གླིང་ཐོག་བོད་པའི་ཕོ་མོའི་གནས་སྟངས་རྗེས་ལུས་རྩ་བ་ནས་ཐེབས་མེད་སྐོར་སོགས་གསུངས་སོང་།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ལོ་རེའི་ཕྱི་ཟླ་ ༣ ཚེས་ ༡༢ དེ་བོད་ཀྱི་བུད་མེད་ཀྱི་ཉིན་མོར་གཞུང་འབྲེལ་སྲུང་གཙི་གནང་རྒྱུ་བཀའ་ཤག་ནས་ཐུགས་གཏན་འཁེལ་ཡོད་སྐོར་གསུངས་བ་དང་འབྲེལ། བཀའ་ཤག་གི་ངོས་ནས་བུད་མེད་ནུས་སྟོབས་སྤེལ་བ་ཞེས་ཆེད་དུ་ཐ་སྙད་དེ་བེད་སྤྱོད་གཏོང་གི་ཡོད་ལ། ལག་བསྟར་གྱི་ཐོག་ནས་ཀྱང་དེ་ལྟར་འགྲོ་ཡི་ཡོད་པ་མ་གཏོགས་ཕོ་མོ་དབྱེ་འབྱེད་ཡོད་པ་མེད་པ་བཟོ་བ་དང་། འདྲ་མཉམ་མེད་པ་ཡོད་པ་བཟོ་བ་གཙོ་བོ་གཞིར་བཞག་པའི་ཐོག་ནས་མིན་ལ། དབྱེ་འབྱེད་དང་འདྲ་མཉམ་མེད་པའི་གནད་དོན་ཡོང་གི་ཡོད་ཀྱང་། དེ་གཞིར་བཞག་པའི་ཐོག་ནས་མིན་པར་གཙོ་བོ་བུད་མེད་ཀྱི་ནུས་སྟོབས་སྤེལ་བའི་ཆེད་དུ་ཡིན་ལ། བཅའ་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་དུས་རྒྱུན་གྱི་འཛིན་སྐྱོང་ལག་བསྟར་ཐོག་ནས་བུད་མེད་ལ་དབྱེ་འབྱེད་སྤུ་ཙམ་ཡང་མེད་པར་ཕོ་མོ་འདྲ་མཉམ་རང་གི་ཐོག་འགྲོ་བཞིན་ཡོད་ལ། ༧གོང་ས་མཆོག་ནས་དགོངས་པ་རྒྱ་ཆེན་པོ་བཞེས་ཏེ་ཕྱི་ལོ་ ༡༩༦༠ རེ་གྲངས་ནས་བུད་མེད་ནུས་སྟོབས་སྤེལ་དགོས་པ་དང་། བུད་མེད་ཀྱིས་ཀྱང་འདྲ་མཉམ་གྱི་ཐོག་ནས་རྩ་དོན་རྩོད་དགོས་ཀྱི་འདུག་ཅེས་གསུངས་ཏེ། ཕྱི་ལོ་ ༡༩༦༣ ནས་བོད་ཀྱི་བུད་མེད་ཀྱིས་གྲོས་ཚོགས་ནང་སྐུ་ཚབ་གནང་ཡོད་པ་དང་། ད་ལྟའི་གྲོས་ཚོགས་ནང་དུའང་བུད་མེད་ཀྱི་སྐུ་ཚབ་བརྒྱ་ཆ་ ༢༠ ཡོད་པས། ཨ་རི་དང་རྒྱ་གར་གྱི་གྲོས་ཚོགས་ནང་གི་བུད་མེད་ཀྱི་བརྒྱ་ཆ་ལས་ཀྱང་མཐོ་བ་ཡོད་པར་བརྟེན། དབྱེ་འབྱེད་ཡོད་པ་མེད་པ་བཟོ་བ་དང་། འདྲ་མཉམ་མེད་པ་ཡོད་པ་བཟོ་བའི་ཆེད་དུ་སྲིད་བྱུས་འདི་སྤེལ་པ་མིན་སྐོར་དང་། ད་ལན་བུད་མེད་ཀྱི་ནུས་སྟོབས་སྤེལ་བའི་སྲིད་བྱུས་འདིའི་སྒང་ཚང་མས་བསམ་ཚུལ་སྤུངས་དགོས་པ་དང་། བསམ་ཚུལ་སྤུངས་བ་ཙམ་མ་ཟད་ས་གནས་ས་ཐོག་ནས་ལག་བསྟར་བྱེད་ཐུབ་པ་ཡིན་ན། ཏན་ཏན་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་ཐུབ་སྐོར་སོགས་གསུངས་སོང་།

དེ་རིང་སྔ་དྲོའི་གསོལ་ཇ་བར་གསེང་གི་རྗེས་སུ། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་བོད་ཀྱི་ཆོས་རིག་ནང་བུད་མེད་ཀྱི་གནས་བབ་སྐོར་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ནས་བུད་མེད་མགོ་འཁྲིད་ཀྱི་གནད་འགག་སྐོར་ལ་གསུང་བཤད་གནང་བཞིན་ཡོད་པ་དང་། དེ་བཞིན་ལེན་ཌ་ལེབ་ཆ་(Ms. Linda Lepcha)ལགས་ཀྱིས་དུས་རབས་ཉེར་གཅིག་ནང་གི་བུད་མེད་མགོ་འཁྲིད་སྐོར་ལ་གསུང་བཤད་དང་དྲི་བ་དྲི་ལན་གནང་ཡོད་པ་དང་། ཉིན་རྒྱབ་ཏུ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག ཤོ་རི་ཇི་ན་ཌིག་སན་(Ms. Shrijna Dixon)ལགས་བཅས་ནས་སྤྱི་ཚོགས་ཡར་རྒྱས་ལས་དོན་འགན་འཁུར་ཐོག་ཕོ་མོ་དབྱེ་འབྱེད་མེད་པ་བཟོ་ཕྱོགས་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ་དང་། དེ་ནས་ཚོགས་བཅར་བ་རྣམས་ཚོགས་ཆུང་ལྔ་རུ་བགོས་ཏེ་ཤེས་ཡོན་དང་འཕྲོད་བསྟེན། དཔལ་འབྱོར། འཛིན་སྐྱོང་། དེ་བཞིན་མགོ་འཁྲིད་བཅས་ཀྱི་བརྗོད་གཞིའི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད། སང་ཉིན་སྔ་དྲོར་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་ཕྱོགས་སྐོར་ལ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་གཉིས་ནས་གསུང་བཤད་གནང་རྒྱུ་དང་། ཤི་རི་ཇི་ན་ཌིག་སན་(Ms. Shrijna Dixon)ལགས་དང་སྤྱི་ཟུར་བྷི་ཚེ་རིང་ལགས་གཉིས་ནས་བུད་མེད་ལ་བཙན་དབང་དང་རྩུབ་སྤྱོད་སྐོར་གསུང་བཤད་དང་དྲི་བ་དྲིས་ལན། དེ་ནས་ཚོགས་བཅར་བ་རྣམས་ཚོགས་ཆུང་བདུན་དུ་བགོས་ཏེ་སྤྱི་ཚོགས་དང་། བུད་མེད་ལ་བཙན་དབང་དང་རྩུབ་སྤྱོད། བུད་མེད་དང་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་བརྗོད་གཞིའི་ཐོག་གོ་སྡུར་བཅས་བྱས་ཏེ། གནངས་ཉིན་ཚོགས་འདུ་མཇུག་བསྡོམས་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༢ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 3

  1. གཡུ་སྒང་དགེ་འདུན། says:
    ལོ་ 9 སྔོན།

    ད་ལྟའི་གྲོས་ཚོགས་ནང་དུའང་བུད་མེད་ཀྱི་སྐུ་ཚབ་བརྒྱ་ཆ་ ༢༠ ཡོད་པས། ཨ་རི་དང་རྒྱ་གར་གྱི་གྲོས་ཚོགས་ནང་གི་བུད་མེད་ཀྱི་བརྒྱ་ཆ་ལས་ཀྱང་མཐོ་བ་ཡོད་པར་བརྟེན། ཞེས་གསུང་བ་དེ་ལ་བསམ་བློ་ཞིབ་ཏུ་བཏང་ན་ཏོག་ཅིག་མ་བདེ་བ་ཞིག་རེད།
    ཨ་རི་དང་རྒྱ་གར་གྱི་གྲོས་ཚོགས་ནང་བུད་མེད་སླེབས་པ་དེ་ཚོ་རང་རང་གི་འཇོན་ཐང་དངོས་གནས་ཀྱི་ཐོག་ནས་སླེབས་པ་རེད། ང་ཚོའི་གྲོས་ཚོགས་ཀྱི་ནང་གི་བུད་མེད་དེ་ཚོའི་ཁྲོད་བུད་མེད་ལ་ས་མིག་གཉིས་ཡོད་པ་དེ་བུད་མེད་ལས་སྐྱེས་པ་འདེམས་མ་ཆོག་པའི་ཁྲིམས་གཏན་འབེབ་ཡོད་པས་བུད་མེད་ཁ་ཅིག་ནི་རྐུབ་སྟེགས་སྟོང་པ་མིན་ཆེད་ཨུ་ཐུག་ཐབས་ཟད་ཀྱིས་འདེམས་ཐོན་བྱུང་ཡོད་པ་དེ་འདྲའང་ཡོད་པ་རེད། བུད་མེད་ཁ་ཅིག་ནི་རང་ནུས་ཀྱིས་འདེམས་ཐོན་བྱུང་བ་དེ་འདྲ་ཡང་ཡོད་པ་རེད། དེར་བརྟེན་བུད་མེད་རང་ངོས་ནས་འཇོན་ཐང་ཡོད་ན་མ་གཏོགས་ཨུ་ཚུགས་བརྒྱབ་སྟེ་ཡར་འཐེན་རྒྱུའི་ཐབས་ལམ་ལ་བཀྲ་ཤིས་བདེ་ལེགས་ཧ་ཅང་ཁག་པོ་རེད། སྤྱིར་བུད་མེད་རང་ངོས་ནས་ནུས་པ་འདོན་རྒྱུ་གལ་ཆེན་པོ་རེད། ང་ཚོའི་གཞུང་ངོས་ནས་ལམ་ཁ་ཆ་ཚང་ཡོད་པ་རེད། ཡོད་པ་དེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་ཟིན་པ་དེ་ག་རང་རེད། ད་བུད་མེད་རང་ངོས་ནས་ནུས་པ་འདོན་ཐབས་ཀྱི་སྐོར་གལ་ཆེན་པོ་རེད། བུད་མེད་ཚོས་རང་ངོས་ནས་ནུས་པ་མ་ཐོན་ན་ཕྱི་ཟླ་ ༣ ཚེས་ ༡༢ དེ་བོད་ཀྱི་བུད་མེད་ཀྱི་ཉིན་མོར་གཞུང་འབྲེལ་སྲུང་གཙི་གནང་དང་མ་གནང་ལ་ཁྱད་པར་ཅི་ཡང་མེད་འདོད།

    Reply
  2. གྲ་ནང་བདེ་སྐྱིད་ཆོས་སྒྲོན། says:
    ལོ་ 9 སྔོན།

    སྤྱི་ཟླ་༣ ཚེས་༡༢ ནི་རྒྱལ་སྤྱིའི་བོད་ཀྱི་བུད་མེད་ཉིན་མོ་ཞིག་ཡིན་སྟབས་གཞུང་འབྲེལ་ཐོག་ནས་སྲུང་བརྩི་གནང་དགོས་པ་ལོས་ཡིན། འོན་ཀྱང་ད་བར་བོད་ཀྱི་བུད་མེད་ལྷན་ཚོགས་ཁོ་ནས་སྲུང་བརྩི་གནང་བ་རེད། ད་རེད་སྲིད་སྐྱོང་མཆོག་ནས་གཞུང་འབྲེལ་སྲུང་བརྩི་གནང་རྒྱུའི་གསལ་བསྒྲགས་གནང་བར་དེར་གུས་མོ་རང་ཉིད་བུད་མེད་ཞིག་དང་ཆབ་སྲིད་བཙོན་ཟུར་ཞིག མ་ཟད་ས་གནས་བུད་མེད་ལྷན་ཚོགས་ཀྱི་བོད་དྲུང་ཟུར་པ་ཞིག་བཅས་ཀྱི་མིང་ཐོག་ནས་དགའ་པོ་བྱུང་ལ་རྒྱལ་གཅེས་བོད་ཀྱི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་རྩ་ཆེན་ཚེ་སྲོག་བློས་གཏོང་གནང་བའི་སྙིང་སྟོབས་ལ་ནམ་ཡང་གུས་འདུད་ཞུ་བཞིན་ཡོད།

    Reply
  3. གཡུ་སྒང་དགེ་འདུན། says:
    ལོ་ 9 སྔོན།

    ལག་བསྟར་གྱི་ཐོག་ནས་ཀྱང་དེ་ལྟར་འགྲོ་ཡི་ཡོད་པ་མ་གཏོགས་ཕོ་མོ་དབྱེ་འབྱེད་ཡོད་པ་མེད་པ་བཟོ་བ་དང་། འདྲ་མཉམ་མེད་པ་ཡོད་པ་བཟོ་བ་གཙོ་བོ་གཞིར་བཞག་པའི་ཐོག་ནས་མིན་ལ།
    དབྱེ་འབྱེད་དང་འདྲ་མཉམ་མེད་པའི་གནད་དོན་ཡོང་གི་ཡོད་ཀྱང་། དེ་གཞིར་བཞག་པའི་ཐོག་ནས་མིན་པར་གཙོ་བོ་བུད་མེད་ཀྱི་ནུས་སྟོབས་སྤེལ་བའི་ཆེད་དུ་ཡིན་ལ། བཅའ་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་དུས་རྒྱུན་གྱི་འཛིན་སྐྱོང་ལག་བསྟར་ཐོག་ནས་བུད་མེད་ལ་དབྱེ་འབྱེད་སྤུ་ཙམ་ཡང་མེད་པར་ཕོ་མོ་འདྲ་མཉམ་རང་གི་ཐོག་འགྲོ་བཞིན་ཡོད་ལ།

    དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་འདིས་ནང་མི་འདྲ་བ་གཉིས་ཡོད་པའི་གང་བདེན་པར་འཛིན་དགོས་པར་འདོད།
    བཅའ་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་བུད་མེད་ལ་དབྱེ་འབྱེད་སྤུ་ཙམ་ཡང་མེད་པར་ཕོ་མོ་འདྲ་མཉམ་རང་གི་ཐོག་འགྲོ་བཞིན་ཡོད་ན། དབྱེ་འབྱེད་དང་འདྲ་མཉམ་མེད་པའི་གནད་དོན་གང་ནས་ཡོང་གི་ཡོད་དམ། ཞེས་པའི་དྲི་རྟགས་ཤིག་རང་བཞིན་གྱིས་ཡོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese