མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་གི་རང་དབང་འཐབ་རྩོད་པ་ཆུང་ཆུང་ཇཱོ་ཧྲ་ཝྭང་གླེང་བ།

བོད་ཀྱི་དུས་བབ།
༢༠༡༧/༠༤/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༤ ཉིན་སི་ཨིན་ཨིན་གསར་ཁང་གིས་སྤེལ་བའི་དཔྱད་བརྗོད།
རང་ལོ་ ༡༥ ཡིན་ཞིང་། གདོང་གི་མིག་ཤེལ་ཕྱེད་ཀ་སྐྲས་འཁེབ་ཡོད་པའི་ན་གཞོན་ཞིག་གིས་སྒྲ་སྐྱེད་ཁ་པར་མང་པོ་ཡོད་པའི་མདུན་སར་ཁ་མགྱོགས་པོས་སྐད་ཆ་མང་པོ་ཞིག་ཤོད་ཀྱིན་འདུག ཁོ་བོའི་གམ་དུ་དམངས་གཙོའི་ལས་འགུལ་ཁྲོད་ཀྱི་འཐབ་གྲོགས་དང་གསར་འགོད་པ་སོགས་ཀྱིས་སྐོར་འདུག

ཧོང་ཀོང་གི་དམངས་གཙོ་འཐབ་རྩོད་པ་ཆུང་ཆུང་ཇཱོ་ཧྲ་ཝཱང་(Joshua Wong)ལགས་ཀྱིས་ “ང་ཚོའི་རེ་བ་ནི། གཞུང་གིས་འཆར་གཞི་དེ་གང་མགྱོགས་ཕྱིར་འཐེན་བྱས་ཏེ། རྩ་ཁྲིམས་ལ་བཅོས་བསྒྱུར་ཤུགས་ཆེ་ཙམ་གཏོང་དགོས་པ་དེ་ཡིན།” ཞེས་རྗོད་བཞིན་འདུག དེ་ནི་ཕྱི་ལོ་ ༢༠༡༢ ལོ་རེད། སྐབས་དེར་ཁོས་ཧོང་ཀོང་གཞུང་དང་པེ་ཅིན་གཞུང་གིས་ཧོང་ཀོང་གི་ཤེས་ཡོན་ལས་དོན་རྡོག་རོལ་བཏང་སྟེ། ཤེས་ཡོན་སྡེ་ཚན་ཁག་ཏུ་རྒྱ་ནག་ལ་ཞེན་ཁོག་དགོས་པའི་སློབ་གསོ་སྤྲོད་ཀྱིན་འདུག་ཅེས་སྐྱོན་བརྗོད་བྱས་ཡོད། སྐབས་དེར་ཁོ་ལ་རྒྱལ་ཁ་ཐོབ་ཡོད། འཐབ་རྩོད་དེའི་སྐོར་ལ་ “བྱིས་པ་ལོ་ཆུང་དང་རྒན་པ་སྟོབས་ལྡན་བར་གྱི་འཐབ་རྩོད།”(Teenager VS. Superpower) ཅེས་པའི་གློག་བརྙན་ཐུང་ངུ་ཞིག་ཀྱང་བཟོས་ཡོད་ལ། གློག་བརྙན་དེ་ད་ཆར་ནཱེ་ཊི་ཕི་ལིཀ་དངོས་བྱུང་གློག་བརྙན་ (Netflix Documentary) ཚོགས་པའི་གཟེངས་རྟགས་འོས་ཁོངས་སུ་བདམས་ཡོད།

ཁྲིམས་རྩོད་པ་ཁ་ལའེ་ཌ་ཡཱ་མཱོས་(Claudia Mo)བརྗོད་དོན། “སྐབས་དེར་ཇཱོ་ཧྲ་ཝཱང་དངོས་སུ་ཕྱིར་ཐོན་ཏེ་ངོ་རྒོལ་བྱས་སྐབས་ཧོང་ཀོང་བ་རྣམས་ཡིད་འགུལ་ཐེབས་ཡོད།” ཅེས་དང་། “ ཁྲིམས་ལུགས་ལྟར་ན་རང་ལོ་ ༡༨ མ་ཟིན་སྔོན་ལ་བསམ་བློའི་ནུས་སྟོབས་ཡོངས་སུ་འཚར་ལོངས་བྱུང་མེད་སྟབས། བྱིས་པའི་གྲས་སུ་བཞག་ཏེ་ཆབ་སྲིད་ལ་ཐེ་གཏོགས་བྱེད་མི་ཆོག་ཀྱང་། ཇཱོ་ཧྲ་ཝཱང་ར་བ་དེ་ལས་རྦད་དེ་བརྒལ་ཡོད།” ཅེས་བརྗོད་འདུག

༢༠༡༤ ལོར་ཁོ་བོ་ཆབ་སྲིད་ལས་འགུལ་སྤེལ་ཆོག་པའི་ལོ་ཚད་ལོན་མེད་ཀྱང་ “ཉི་གདུགས་གསར་བརྗེ་” ཞེས་པའི་དམངས་གཙོའི་ལས་འགུལ་སྐབས། ཁོ་ནི་ལས་འགུལ་དེའི་མགོ་ཁྲིད་མཁན་གཙོ་བོ་ཡིན་ཞིང་། སྐབས་དེའི་ལས་འགུལ་ནི་ཧོང་ཀོང་ལོ་རྒྱུས་ནང་གི་གཞི་རྒྱ་ཆེ་ཤོས་དེ་ཆགས་ཡོད། ལས་འགུལ་སྤེལ་ཡུལ་གྲོང་འཁྱེར་ཧྲིལ་བོ་ཟླ་བ་གཅིག་རིང་སྒོ་རྒྱག་དགོས་བྱུང་ཡོད། ཁོ་བོ་སྐབས་དེར་དུས་དེབ་གྲགས་ཆེན་དུས་ཚོད་(Time)ཅེས་པའི་མདུན་ངོས་སུ་ཐོན་ཡོད།

ཁོ་ནི་ཕྱི་ལོ་ ༡༩༩༦ ལོར་ཧོང་ཀོང་དུ་སྐྱེས་ཤིང་། ལོ་དེ་ནི་དབྱིན་ཇུ་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་མ་བྱས་པའི་ཟླ་བ་ ༨ ཀྱི་སྔོན་ཏག་ཏག་རེད། ཝཱང་གིས་ཁོ་བོའི་བྱིས་པའི་དུས་ཚོད་དང་དར་མའི་ལོ་མགོ་ཡོངས་རྫོགས་རོགས་པ་ཁ་ཤས་དང་ལྷན་དུ་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་ཧམ་ཤེད་བཙན་གནོན་བྱེད་བཞིན་པའི་སྐོར་ལ་རྩོད་གླེང་བྱས་ཏེ་རྫོགས་ཟིན་ཟེར།

རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཧོང་ཀོང་གི་རྫོང་དཔོན་སྐུ་ཞབས་མཱ་བི་ཝི་ལཱན་(Maeve Whelan Wuest)ལགས་ཀྱིས། ཝཱང་གི་མི་རབས་དེ་ཁོ་བོའི་ཕ་མའི་མི་རབས་དང་མི་འདྲ་བར་ཧོང་ཀོང་གི་མི་ནི་རྒྱ་ནག་གི་མི་རིགས་མིན་སྐོར་རྗོད་མཁན་མང་དུ་འགྲོ་བཞིན་འདུག་ཟེར།

ལོ་སྔོན་མར་ཧོང་ཀོང་དུ་ཡོད་པའི་རྒྱ་ནག་གི་གཙུག་ལག་སློབ་ཁང་ཞིག་གིས་རང་ལོ་ ༡༥ ནས་ ༢༤ ཟིན་པའི་སློབ་མ་རྣམས་ལ། ཧོང་ཀོང་རྒྱ་ནག་ལས་ལོགས་སུ་རང་བཙན་བྱེད་འདོད་ཡོད་མེད་བསམ་ཤོག་བསྡུས་སྐབས། སློབ་མ་བརྒྱ་ཆ་ ༤༠ ལྷག་གིས་རང་བཙན་བྱེད་འདོད་ཡོད་སྐོར་བྲིས་ཡོད་འདུག

རྫོང་དཔོན་མཱ་བི་ཝི་ལཱན་ཀྱིས་ “ཨ་རིའི་མི་མང་རྣམས་ཨ་རིའི་གཞུང་ལ་འདོད་བློ་མ་ཁེངས་པ་ཡོང་གི་ཡོད་ཀྱང་། ཁོང་ཚོས་རང་ཉིད་ཨ་རི་བ་མ་ཡིན་པར་མི་རིགས་གཞན་ཞིག་ཏུ་ངོས་འཛིན་བྱེད་མཁན་མེད།” ཅེས་དང་། “ ཧོང་ཀོང་གི་མི་རབས་གསར་བ་ཚོའི་སེམས་ནང་ཚོར་བ་ག་འདྲ་ཞིག་ཡོད་མེད་བསམ་བློ་ཐོངས་དང་། ཁོང་ཚོ་རྒྱ་ནག་གི་དབང་སྒྱུར་འོག་འདུག་འདོད་མེད་པ་མ་ཟད། ཧོང་ཀོང་ནི་མི་རིགས་དང་རིག་གཞུང་གང་ཐད་ནས་རྒྱ་ནག་དང་ཁ་ཁ་ཡིན་པར་ངོས་འཛིན་བྱེད་ཀྱིན་འདུག རྒྱུ་མཚན་དེ་དག་ལ་བརྟེན་ཏེ་ཁོང་ཚོ་ནང་ཁུལ་འཆམ་མཐུན་ཡོང་གི་མེད་པར། རང་དབང་དང་ཐོབ་ཐང་གི་ཆེད་དུ་འཐབ་རྩོད་ཀྱི་བསམ་བློ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད།” ཅེས་བརྗོད་འདུག

ཞིབ་འཇུག་པ་ཁ་ཤས་ཀྱིས་བརྗོད་པ་ལྟར་ན། ༢༠༡༤ ལོའི་ངོ་རྒོལ་དེས་མི་མང་ལ་ཕན་ཐོགས་ཆེན་པོ་ཡོད་པའི་མགོ་ཁྲིད་ལཱིན་ཊེན་ཡཱེན་(Leung CY)ལ་ལས་ཀ་བྱེད་པར་དཀའ་ཁག་བཟོས་ཡོད་པ་མ་ཟད། ཁོ་བོ་ད་ཆར་བསྐྱར་དུ་ཐེངས་གཉིས་པར་མགོ་ཁྲིད་དུ་ལངས་འདོད་མེད་པ་ཆགས་པ་རེད་ཟེར། ཝཱང་གིས་སི་ཨིན་ཨིན་གསར་ཁང་ལ་བརྗོད་པ་ལྟར་ན། ཟླ་བ་འདིའི་ནང་ལཱིན་ཊེན་ཡཱེན་གྱི་ཚབ་ཏུ་གཞན་ཞིག་བསྐོ་རྒྱུ་ཡིན་པ་དང་། ལོ་གསུམ་གོང་གི་ཁོང་ཚོའི་ལས་འགུལ་དེར་ད་དུང་གྲུབ་འབྲས་ཐོན་མེད་སྟབས། གཞུང་གིས་ཁོང་ཚོའི་འདོད་པ་ལྟར་ཆབ་སྲིད་བཅོས་བསྒྱུར་མ་བཏང་ཚེ། མ་འོངས་པར་མགོ་ཁྲིད་སུ་ཞིག་བསླེབ་ཀྱང་ཁོང་ལའང་སྔར་བཞིན་ངོ་རྒོལ་བྱ་རྒྱུ་ཡིན་ཟེར།

ཝཱང་ད་ལྟ་རང་ལོ་ ༢༠ ལ་བསླེབས་ཡོད་པ་དང་། ལས་བྲེལ་ཧ་ཅང་ཆེ་བའི་མི་ཞིག་ཆགས་ཡོད། ༢༠༡༤ ལོར་ཝཱང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་སྟབས། ཁོ་རང་ཐཱའེ་ལན་ཌི་(Thailand) རྒྱལ་ཁབ་ནས་འཛིན་བཟུང་གིས་བཙོན་འཇུག་བྱས་ཤིང་། རྗེས་སུ་ཀློད་གྲོལ་ཐོབ་མ་ཐག་ཁོས་ཆབ་སྲིད་ཚོགས་པ་གསར་པ་བཙུགས་ཡོད། ལོ་སྔོན་མའི་ཕྱི་ཟླ་ ༡༡ པའི་ནང་ཁོས་ཝ་ཤིན་ཊོན་དུ་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་མཱར་ཁཱོ་རུ་བྷོ་(Marco Rubio)ལ་ཐུག་ཕྲད་བྱས་ཡོད། གནས་ཚུལ་དེ་ལ་བརྟེན་ཏེ་ཨ་རིའི་གྲོས་ཚོགས་ནང་ཨ་རིའི་གཞུང་གིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་བྱ་དགོས་བྱུང་ཡོད།

སྐུ་ཞབས་རུ་བྷོ་ལགས་ཀྱིས་སི་ཨིན་ཨིན་གསར་ཁང་དུ་ “རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམིགས་བསལ་ཐོབ་ཐང་ཁག་དང་དམངས་གཙོར་རྡོག་རོལ་གཏོང་གི་འདུག གང་ཡིན་ཟེར་ན། ཧོང་ཀོང་གི་དམིགས་བསལ་ཐོབ་ཐང་དེ་དག་གིས་ཧོང་ཀོང་རྒྱ་ནག་སྐམ་ས་ཆེན་པོ་ལས་ཁ་བྲལ་གཏོང་གི་ཡོད།” ཅེས་དང་། “ཝཱང་ནི་མི་རབས་རྗེས་མའི་དམངས་གཙོའི་འཐབ་རྩོད་པ་རྣམས་ཀྱི་སྙིང་སྟོབས་ཤིག་ཆགས་ཀྱི་རེད།” ཅེས་བརྗོད་སོང་།

ད་ལོའི་ཕྱི་ཟླ་ ༡ པོའི་ནང་ཁོའི་སྐོར་གྱི་དངོས་བྱུང་གློག་བརྙན་ “བྱིས་པ་ལོ་ཆུང་དང་རྒན་པ་སྟོབས་ལྡན་བར་གྱི་འཐབ་རྩོད།”ཅེས་པ་སཱན་ཌེན་གློག་བརྙན་དུས་ཆེན་(Sundance Film Festival)ཐོག་གཟིགས་འབུལ་ཞུས་ཏེ་མི་མང་གིས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། སྐབས་དེར་ལྟད་མོ་བའི་བྱ་དགའ་(Audience Award)ཡང་ཐོབ་ཡོད། ད་ལོའི་ལོ་མཇུག་ཏུ་གློག་བརྙན་དེ་འཛམ་གླིང་ཡོངས་སུ་སྟོན་འཆར་ཡོད།

ཝཱང་གིས་རང་གི་དངོས་བྱུང་གློག་བརྙན་དེར་ཧཱོ་ལཱེ་ཝུ་ཌི་(Hollywood Style)ལྟར་མིང་བཏགས་ཡོད་པ་དེར་ཅུང་འཚར་སྣང་སྐྱེ་བཞིན་འདུག་ཟེར། འོན་ཀྱང་། གློག་བརྙན་དེ་འགྲེམ་སྟོན་བྱེད་མཁན་སྐད་གྲགས་ཆེན་པོ་ཡིན་སྟབས་གློག་བརྙན་དེ་སྤྱི་ཚོགས་ནང་ཁྱབ་སྤེལ་འགྲོ་བར་ཁེ་ཕན་ཆེན་པོ་ཡོད།

ཝཱང་གིས་ཧོང་ཀོང་གྲོང་ཁྱེར་གྱི་གཞུང་ལམ་དཀྱིལ་དུ་ང་ཚོ་སི་ཨིན་ཨིན་གསར་ཁང་གི་བཅར་འདྲི་དང་ལེན་བྱས་བྱུང་། ཝཱང་ལགས་བརྙན་ལེན་འཕྲུལ་ཆས་མདུན་དུ་ལངས་ཏེ། ཁོ་བོའི་གམ་དུ་མི་སུ་གང་མེད་པ་ལྟར་དོགས་སྣང་དང་འཚེར་སྣང་གང་ཡང་མེད་པའི་ངང་སྐད་ཆ་བཤད་སོང་། སྐབས་དེར་ཁོས་ ༢༠༡༤ ལོར་དམངས་གཙོ་དོན་གཉེར་བ་རྣམས་དང་མཉམ་དུ་ལས་འགུལ་སྤེལ་བའི་གནས་ཚུལ་ཕྱིར་འདྲན་བྱས་དོན་ “ངས་ཉི་གདུགས་ལས་འགུལ་སྐབས་ཀྱི་ཉམས་མྱོང་མང་པོ་ཞིག་བསྡུ་གསོག་བྱས་ཡོད། དེ་དག་དུས་ནམ་ཡང་འཕྲོ་བརླག་ཏུ་གཏོང་རྒྱུ་མིན།” ཞེས་དང་། “ངའི་མི་ཚེའི་དངོས་བྱུང་གློག་བརྙན་དེ་ནེཊ་ཕི་ལིཀ་ཚོགས་པས་ཉོས་ཡོད་པས་ཁོང་ཚོས་མི་འགྱངས་བར་འགྲེམ་སྤེལ་བྱ་རྒྱུ་རེད། གློག་བརྙན་དེ་བརྒྱུད་དེ་མི་མང་གིས་ཧོང་ཀོང་དམངས་གཙོའི་ལས་འགུལ་སྐོར་སྔར་ལས་ཁ་གསལ་དང་གཏིང་ཟབ་པ་མཁྱེན་རྟོགས་ཡོང་བའི་རེ་བ་ཡོད།” ཅེས་བརྗོད་སོང་།

ཨ་རིར་ཡོད་པའི་གྲོགས་པོ།

ཝཱང་གིས་རང་གི་ལས་འགུལ་གྱིས་ཧོང་ཀོང་ནས་བར་ཐག་ལེ་བར་ ༨༠༠༠ ལྷག་གི་ཕ་རོལ་དུ་ཡོད་པའི་མི་ཞིག་ལ་ཤུགས་རྐྱེན་ཐེབས་ན་འདོད་ཡོད། དེ་ནི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རུམ་ཕི་རེད། ཝཱང་གིས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་ཨ་རིའི་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་འཐོབ་པར་འབད་བརྩོན་བྱེད་བཞིན་ཡོད། ཁོས་སྐུ་ཞབས་རུ་བྷོ་ལགས་དང་ཐུག་འཕྲད་སྐབས། ཌོ་ནལ་ཊི་རུམ་ཕི་(སྐབས་དེར་ཁོང་སྲིད་འཛིན་ཆགས་མ་ཐག་ཡིན།)ལ་“ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་ལ་ངེས་པར་དུ་རྒྱབ་སྐྱོར་གནང་རོགས།”ཞེས་སྙིང་གཏམ་བསྐུར་ཡོད།

ཝཱང་གིས་སི་ཨིན་ཨིན་གསར་ཁང་ལ་ “ཨ་རིའི་ཆབ་སྲིད་པ་རྣམས་ཀྱིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་ཙམ་མིན་པར། དེའི་ཁྲིམས་ལུགས་དང་ཚོང་འབྲེལ་རང་དབང་སོགས་རྩ་བར་བཟུང་སྟེ། སྔོན་ཆད་ཧོང་ཀོང་དེ་རྒྱལ་སྤྱིའི་ཚོང་འབྲེལ་ལྟེ་གནས་ཤིག་ཡིན་པའི་གནས་སྟངས་དེ་བསྐྱར་གསོ་ཡོང་ཐབས་སུ་རོགས་རམ་གནང་དགོས།” ཞེས་དང་། “ཊི་རུམ་ཕི་ནི་ཚོང་པ་ཞིག་ཡིན་སྟབས། ཁོང་གིས་ཧོང་ཀོང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་འགྱུར་བ་མེད་པར་གནས་དགོས་པར་མཐོང་གི་ཡོད་པར་ངས་ཡིད་ཆེས་བྱེད་ཀྱིན་ཡོད།” ཅེས་སོགས་བརྗོད་སོང་།

ཉེ་ལམ་སྲིད་འཛིན་ཊོ་རུམ་ཕིས་ “རྒྱ་ནག་གཅིག་” སྐོར་ལ་བསམ་ཚུལ་བརྗོད་ཡོད། སྲིད་ཇུས་དེས་ཐའེ་ཝན་ནི་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་སུ་རྩི་བཞིན་ཡོད་ཀྱང་། ཝཱང་གིས་ཐའེ་ཝན་རྒྱ་ནག་གི་ཁོངས་གཏོགས་མིན་སྟབས་རྒྱ་ནག་གཅིག་གི་སྲིད་ཇུས་ཐད་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་དགོས་ཟེར། ཊི་རུམ་ཕིས་ཐའེ་ཝན་ལ་ཐོག་མར་འབྲེལ་བ་བྱས་སྐབས། ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་དགའ་ཚོར་བྱུང་ཡོད་ཀྱང་། རྗེས་སུ་ཊི་རུམ་ཕི་དང་ཞི་ཅིན་ཕིན་བར་ཁ་པར་ལས་འབྲེལ་བ་བྱུང་སྐབས། རྒྱ་ནག་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་ཅེས་བརྗོད་ཡོད།

ཝཱང་གིས་ “རྒྱ་ནག་གིས་ཧོང་ཀོང་དང་ཨེ་ཤ་ཡའི་ནང་ཐེ་གཏོགས་བྱེད་བཞིན་པ་ནི་ཉེན་ཁ་ཅན་ཞིག་ཡིན་སྟབས། སྐུ་ཞབས་ཊི་རུམ་ཕིས་ངེས་པར་དུ་དཀའ་ངལ་དེ་འགོག་ཐབས་བྱེད་དགོས་པའི་ལས་འགན་ངོ་ཤེས་པའི་རེ་བ་ཡོད།” ཅེས་བརྗོད་ཡོད། འོན་ཀྱང་། ཝང་ནི་མི་ཚང་མས་ངོ་ཤེས་ཤིང་སྙན་གྲགས་ཅན་ཞིག་མིན། རྒྱ་ནག་གཞུང་འབྲེལ་གསར་ལམ་དང་རྒྱ་ཞེན་རིང་ལུགས་ཀྱི་གསར་ལམ་ཁག་ཏུ་ཁོ་ལ་ “དྲག་སྤྱོད་པ་”(extremist) ཅེས་འབོད་ཀྱིན་ཡོད་པ་མ་ཟད། ཧོང་ཀོང་དུ་ཡོད་པའི་རྒྱ་ནག་གཞུང་གི་གསར་ཤོག་དག་གིས་ཀྱང་། ཁོ་ལ་ཨ་རིའི་གཞུང་གིས་ལྐོག་དངུལ་སྤྲོད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད།

༼ཞལ་ཁ་བཞད་པའི་ཉི་གདུགས། Umbrellas in Bloom༽ཞེས་པའི་དེབ་ཀྱི་རྩོམ་པ་པོ་སྐུ་ཞབས་ཇ་སིན་(Jason)ལགས་ཀྱིས། “ཁྱོད་རང་ཝཱང་ལ་དགའ་ཡང་རུང་ལ་མ་དགའ་ནའང་རུང་། ཁོ་ནི་མིའི་མགོ་སྐོར་འོག་ཚུད་མཁན་ཞིག་མིན་སྟབས། ཕྱི་རྒྱལ་གཞུང་གིས་ཁོ་བོར་མགོ་སྐོར་མ་གཏང་གོང་ལ་ཁོ་བོས་ཕྱི་རྒྱལ་གཞུང་རྣམས་ཡིད་དབང་འགུག་ངེས་རེད།” ཅེས་བརྗོད་ཡོད། ཡང་ཁ་ཤས་ཀྱིས་ཝཱང་ལ་དོ་སྣང་བྱེད་མཁན་ཚོར་ཁོ་ནི་ཨ་རིའི་གཞུང་གི་མགོ་སྐོར་འོག་ཚུད་པ་ཞིག་རེད་ཅེས་བརྗོད་ཡོད།

༢༠༡༧ ལོ་ནི་ཧོང་ཀོང་ལ་གནད་འགག་ཆེ་བའི་ལོ་ཞིག་རེད། ལོ་འདིའི་ཕྱི་ཟླ་ ༧ པར་རྒྱ་ནག་གིས་ཧོང་ཀོང་གི་སྲིད་དབང་བཟུང་ཏེ་ལོ་ངོ་ ༢༠ འཁོར་བའི་དུས་ཆེན་སྲུང་གཙི་ཞུ་རྒྱུ་རེད། སྐབས་དེར་ཝང་གིས་རང་གི་དངོས་བྱུང་གློག་བརྙན་ཁ་བྱང་ལ་(བྱིས་པ་ལོ་ཆུང་དང་རྒན་པ་སྟོབས་ཆེན་གཉིས་བར་གྱི་འཐབ་རྒོལ།)ཞེས་པ་ལྟར་དངོས་སུ་འཐབ་རྩོད་བྱེད་དགོས་ལ། ཁོས་ད་དུང་སྲིད་འཛིན་ཞི་ཅིན་ཕིན་ནི་དུས་ཆེན་དེའི་སྟེང་ཧོང་ཀོང་གི་གནས་སྟངས་ལ་དངོས་སུ་ལྟ་རྟོགས་བྱེད་མཁན་རྒྱ་ནག་གི་སྲིད་འཛིན་ཐོག་མ་དེ་ཆགས་རྒྱུའི་རེ་བ་བྱེད་ཀྱིན་འདུག

ཝཱང་གིས་ “དུས་ཚོད་དེ་ནི་ད་བར་མི་མང་ལ་རྡོག་རོལ་བཏང་བའི་ནག་ཉེས་རྣམས་ཕྱོགས་གཅིག་ཏུ་སྤུངས་བའི་གནད་འགག་གི་དུས་ཚོད་ཅིག་ཡིན་ལ། སྐབས་དེར་ང་ཚོས་ཧོང་ཀོང་མི་མང་ལ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དགོས་པའི་སྐད་འབོད་བྱེད་རྒྱུ་ཡིན།”ཅེས་བརྗོད།

འོན་ཀྱང་། སྲིད་འཛིན་ཞི་ཅིན་ཕིན་ལ་གནས་ཚུལ་དེ་དག་འབྱོར་རྒྱུ་ཁག་པོ་རེད། ལོ་སྔོན་མར་རྒྱ་ནག་གི་མགོ་ཁྲིད་གོ་གནས་མཐོ་ཤོས་ཨང་གསུམ་པ་ཀྲང་ཏཱེ་ཅིང་(Zhang Dejiang)ཧོང་ཀོང་ལ་ལྟ་སྐོར་དུ་འབྱོར་སྐབས། ཧོང་ཀོང་ནང་ངོ་རྒོལ་དོན་རྐྱེན་མི་འབྱུང་བའི་ཆེད་དུ་ཁོ་རང་སྐྱོད་སའི་ཧོང་ཀོང་གྲོང་ཁྱེར་གྱི་གཞུང་ལམ་དང་རྐང་ལམ་ཡོད་ཚད་བཀག་སྡོམ་བྱས་པ་མ་ཟད། ཧོང་ཀོང་གྲོང་ཁྱེར་ཡོངས་སུ་མཚོན་ཆ་ཐོགས་པའི་དམག་མི་འགྲེམས་འཇོག་བྱས་པ་རེད།

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་ལྟར་ན། ད་ལྟ་ནས་སྲིད་འཛིན་ཞི་ཅིན་ཕིན་ཕེབས་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ཧོང་ཀོང་དང་ཨོ་མཱིན། ཀོང་ཏུང་སོགས་སུ་སྲིད་འཛིན་ཞི་ཅིན་ཕིན་ཕེབས་སྐབས། ངོ་རྒོལ་མི་འབྱུང་བའི་ཆེད་དུ་ད་ལྟ་ནས་དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་བྱས་འདུག་ཟེར།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༡༦ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese